
མཐའ་མཇུག་གི་སྐྱབས་སྒྲོལ།
བཅུད་དོན།
དེ་སྦེ་བལྟཝ་ད་ལུ་ སྡུག་བསྔལ་འདི་ གཏན་རྐྱང་སྡོད་ནི་བཟུམ་མཐོང་རུང་ གཙོ་བོ་ཡེ་ཤུ་མ་ཤི་ཀ་གིས་ གསུངས་མི་ནང་ ཉིནམ་གཅིག་འབདཝ་ད་ སྡུག་བསྔལ་འདི་ མེདཔ་འགྱོ་འོང་ཟེར་ཨིན། ཁོ་གིས་ འཛམ་གླིང་ནང་ལུ་ ཁོ་རའི་མི་ཚུ་ས་གནས་ ཞིང་ཁམས་ཀྱི་རྒྱལ་སྲིད་ ཟེར་བའི་ས་གནས་ལུ་ འཁྱིད་ནི་དོན་ལུ་ ལོག་བྱོན་ནི་ཟེར་ ཁས་བླངས་མཛད་གནང་དི་ཡོདཔ་ཨིན། འ་ནི་ཡ་མཚན་ཆེ་བའི་ ས་གནས་འདི་ནང་ སྐྱོ་བ་མེད་ འཆི་བ་མེད་ དེ་ལས་ སྐྱེ་བ་གི་འཁོར་རིམ་མེད། ང་བཅས་ཚུ་ དུས་གཏན་རྐྱང་ འཇིག་རྟེན་བཀོད་པ་པོ་མཉམ་ སྡོད་ནི་ཨིན། འ་ནི་དེབ་ཆུང་གིས་ ང་བཅས་ཚུ་ མཐའ་མཇུག་གི་སྐྱབས་ཀྱི་དོན་ལུ་ ག་དེ་སྦེ་ གྲ་སྒྲིག་འབད་དགོཔ་ཨིན་ན་སྐོར་ལས་ བཤདཔ་ཨིན།
དབྱེ་བ།
Tract
དཔེ་སྐྲུན་འབད་མི།
Sharing Hope Publications
ཡོད་པའི།
18 སྐད་ཡིག་ཚུ།
ཤོག་ལེབ།
6
ཆུ་མོ་གང་གཱ་གི་མཐའ་མ་ལུ་ རྒྱ་གར་གྱི་ལུགས་སྲོལ་དང་འཁྲིལ་ཏེ་ མི་ཤི་མི་ཕུང་པོ་མེ་གཏངམ་ད་ བླམ་གཅིག་གིས་ མི་གྱོངས་མི་གི་རྣམ་ཤེས་ ཕུང་པོ་གཅིག་ལས་གཅིག་ ལས་དབང་ངོ་མ་འདི་ མོཀ་ཤ་(ཐར་པ་ལམ་ལུགས་) མ་འཐོབ་ཚུན་གི་བར་ནའི་ ལམ་འགྲུལ་གྱི་སྐོར་ལས་བཤད་པ་རྐྱབ་དོ་ཨིན་པས། མི་ལེ་ཤཱ་འཛོམས་ས་ནང་བུཚ་ ཆུང་ཀུ་གཅིག་ ཤེས་འདོད་ཀྱིས་ཐོག་ལས་ཉན་དོ་ཡོདཔ་མས། ཁོ་གིས་རྒྱབ་ལུ་ ཡོད་པའི་མི་འདི་ལུ་བསྒྱིར་ཏེ་ ཧང་ཏོ་མ་ འ་ནི་ནམ་མཇུག་བསྡུ་སྨོ? འདྲི་ནུག།
ཁོ་གིས་ མི་མང་ཤོས་ར་ ཧ་ལས་མི་གཅིག་དྲི་བ་འདྲི་ནུག། ང་བཅས་ དཀའ་ཐབ་ཅན་གྱི་འཁོར་རིམ་ལས་ ཐར་ནི་དོན་ལུ་སྐྱེ་བ་དང་ ཡང་སྲིད་ག་དེམ་ཅིག་ལེན་དགོཔ་ཨིན་ན་སྨོ? དྲི་བ་འདི་བཟུམ་འདི་ དུས་སྔོན་མ་ཨ་རྟག་ར་ གྱངས་ཁ་མ་ཆོདཔ་ཅིག་འདྲི་བ་བཀོད་དོ་ཡོད་རུང་ ལན་ངེས་ཏིག་སྦེ་ བྱིན་མི་ཚུགས་དོ་ཡོདཔ་ཨིན།
འ་ནི་འཛམ་གླིང་ནང་ལུ་ སྐྱེ་བ་ འཆི་བ་ དང་སྡུག་བསྔལ་གི་འཁོར་རིམ་བྱུང་ནི་འདི་ རང་བཞིན་ཅིག་ཨིན། དེ་འབདཝ་ད་ འ་ནི་འཛམ་གླིང་ལས་བརྒལ་ཏེ་ དཀོན་མཆོག་གནས་ས་ལུ་ དཀའ་ཐུབ་ཅན་གྱི་འཁོར་རིམ་འདི་ མེདཔ་དང་ འགྱུར་བ་མེད་པའི་ དགའ་བ་རྐྱངམ་གཅིག་ཡོདཔ་མས། ན་ཟུག་དང་དཀའ་སྡུག་ལས་སྒྲོལ་བའི་ས་ལུ་ ལྷོད་ནི་དོན་ལུ་ ས་ཡ་ལས་བཅད་དེ་འཆི་བ་དང་ ཡང་སྲིད་ཐལ་དགོཔ་མེད་མི་འདི་ལུ་ བཀའ་དྲིན་ཆེ། ང་གིས་ཁྱོད་ལུ་ གནམ་མེད་ས་མེད་ སྤྲོ་བ་ཅན་ཅིག་གི་སྐོར་ལས་སླབ་གེ།
དཀའ་སྡུག་ལས་དུས་གཏན་རྐྱང་ཐར་ནི།
ཧེ་མ་ཧེ་མ་ གཙོ་བོ་ཡེ་ཤུ་འདི་ འ་ནི་འཛམ་གླིང་ནང་ལུ་ མིའི་གཟུགས་སུ་འབྱོན་ནུག། ཁོ་གིས་མི་ན་མི་ཚུ་ དྲགཔ་བཟོ་སྟེ་ གཞན་ཡ་ མཚན་ཆེ་བའི་ལཱ་ལེ་ཤཱ་རང་མཛད་ནུག། དེ་མ་ཚད་ ཁོ་གིས་ རྩ་ཅན་གྱི་ས་གནས་ ཞིང་ཁམས་ཀྱི་རྒྱལ་སྲིད་ སྐོར་ལས་ཡང་གསུངས་ནུག། ཁོ་གིས་ ཞིང་ཁམས་འདི་ ན་ནི་དང་སྡུག་བསྔལ་ དེ་ལས་ ཡང་སྲིད་སྐྱེ་དགོཔ་མེད་སའི་ ས་གནས་གཅིག་ ཨིན་ཟེར་གསུངས་གནང་ཡི། འ་ནི་ས་གནས་འཇའ་ཆི་ཆི་ནང་སྡོད་མི་ག་ར་ དུས་གཏན་རྐྱང་སྡོད་དོ་ཨིན་པས།
གཙོ་བོ་ཡེ་ཤུ་གིས་ ཡ་མཚན་ཆེ་བའི་ རྒྱལ་ཁབ་ཀྱི་སྐོར་ལས་གསུངས་ཡོདཔ་དང་ དེ་ལས་ ང་བཅས་ཚུ་ འདི་ཁར་འགྱོ་དགོ་མནོ་བ་ཅིན་ འགྱོ་ནིའི་དོན་ལུ་ ཁོ་གིས་སྐུ་ཚེ་འདི་ ང་བཅས་ཚུའི་ ལས་ངན་གི་འབྲསས་བུ་ལས་ཐར་ནའི་དོན་ལུ་ ཁོ་གིས་ ང་བཅས་ལུ་སྡིག་བཤགས་སྦེ་གནང་ནུག།
ཁོ་གིས་དམར་མཆོད་འབད་འདི་ ཉིནམ་གསུམ་པ་ལས་ ཁོ་གིས་དུར་ཁང་ལས་ལོང་སྟེ་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ལུ་འབྱོན་ནུག། ཁོ་གིས་ ཁོ་རའི་རྗེས་སུ་འཇུག་པ་ཚུ་ལུ་ ལོ་མཇུག་བསྡུ་རེནམ་ད་ལུ་ ཁོང་ཚུ་ཞིང་ཁམས་ནང་ལུ་འཁྱིད་ནི་དོན་ལུ་ལོག་བྱོན་ནི་ཟེར་ དམ་བཅའ་འབད་ནུག།
འ་ནི་འདི་ ཡ་མཚན་ཆེ་བའི་མ་འོངས་པ་བཟུམ་ མི་གོ་བས་ཡ? གཙོ་བོ་ཡེ་ཤུ་གིས་ ང་བཅས་རེ་རེ་བཞིན་དུ་ སྡུག་བསྔལ་ལས་ དུས་གཏན་རྐྱང་ཐར་ནིའི་དོན་ལུ་ ཞིང་ཁམས་ནང་ - ལྷོད་དགོཔ་སྦེ་ཨིན་པས། དེ་འབདཝ་ད་ བུཚ་ཆུང་ཀུ་གཅིག་གིས་འདྲི་དོ་བཟུམ་ ནམ་མཇུག་བསྡུ་སྨོ་ཟེརཝ་ད ང་བཅས་ཚུ་ ཞིང་ཁམས་ནང་མ་ལྷོད་པའི་ཧེ་མ་ ག་དེམ་ཅིག་ཚུན་ འགོར་ནི་ཨིན་ན་ཟེར་མནོ་མས།
གཙོ་བོ་ཡེ་ཤུ་མ་ཤི་ཀའི་ སླར་ལོག།
སྤྲོ་བ་ཆེ་ཏོག་ཏོ་འབད་ གཙོ་བོ་ཡེ་ཤུ་ཁོ་རའི་ སློབ་མ་ཚུ་གིས་ཡང་ འ་ནི་འདྲི་བ་ ནམ་མཇུག་བསྡུ་ནི་སྨོ? ཟེར་མི་འདི་ཅོག་འཐདཔ་ འདྲི་དོ་ཨིན་པས། གཙོ་བོ་ཡེ་ཤུ་གིས་ ལོ་འདི་གི་ཉིནམ་མཇུག་ལུ་ ས་ཡོམ་ཤུགས་སྦེ་རྐྱབ་ དམག་འཁྲུག་ལོང་ བཀྲེས་སྐོམ་འཐོན་ ཚབས་ཆེན་རིམས་ནད་ དང་ནད་ཡམས་ཀྱི་དུས་ འོང་ཟེར་བཤད་པ་རྐྱབ་འདི་ཡོད། དཀའ་སྡུག་འདི་ཚུ་ མགྱོགས་དྲགས་སྦེ་ ཡར་སེང་འགྱོ་ས་མཐོངམ་ད་ འཇིགས་སྣང་ལས་བརྟེན་ མི་ཚུ་གི་དོན་ཧིང་ཚུ་མེདཔ་ཐལ་འོང་། འ་ནི་འདི་ གཙོ་བོ་ཡེ་ཤུ་འབྱོན་ནིའི་ རྟགས་མཚན་ཨིན། ད་ང་བཅས་ཚུ་ ལོ་མཇུག་བསྡུ་རན་པའི་ དུས་ན་སྡོདཔ་ཨིནམ་ང་བཅས་ཀྱི་མཐོང་མས་ ག་ཅི་སྦེ་ཟེར་བ་ཅིན་ འ་ནི་རྟགས་མཚན་ག་ར་ སྟོན་མས།
མགྱོགས་པ་རང་ གཙོ་བོ་ཡེ་ཤུ་འདི་ ཁོ་གིས་དམ་བཅའ་གནང་དོ་བཟུམ་ ལོག་འབྱོན་འོང་། ཤི་མི་ཚུ་ ས་ནང་ལས་ གསོན་པོ་ལོང་ཞིནམ་ལས་ ཡང་དག་པའི་གཟུགས་ གསརཔ་གནང་ནི་ཨིན་པས། གསུང་རབ་ནང་ལས་གསུངས་མི་ནང་ གཙོ་བོ་ཁོ་ར་ ཞིང་ཁམས་ལས་མར་ སྒྲ་སྐད་དང་བཅསཔ་འབད་ ཕོ་ཉའི་སྐད་དང་ དཀོན་མཆོག་གི་དུང་སྐད་དང་བཅསཔ་འབད་འབྱོན་ནི། དེ་ལས་ དང་པ་ར་ མ་ཤི་ཀ་སྒོ་ནས་ཤི་མི་ཚུ་ཡར་ལོང་འོང་། (གསུང་རབ་ ༡ ཐེ་སོ་ལོ་ནི་པ་༤:༡༦)
དིའི་སྐབས་ལུ་ ང་བཅས་ཀྱི་ཤེས་མི་ འཛམ་གླིང་འདི་ མེདཔ་གཏང་ནི་ཨིནམ་དང་ དེ་ལས་ མི་ངན་འདི་ཚུ་ རྩ་མེད་གཏང་འོང་། ང་བཅས་ཚུ་ ལོ་སྟོང་ཕྲག་གཅིག་གི་ དགའ་བ་དོན་ལུ་ ཞིང་ཁམས་ནང་ལུ་འགྱོ་འོང་། དེ་ལས་ གཙོ་བོ་་ཡེ་ཤུ་གིས་ འཛམ་གླིང་འདི་ལོག་འདི་ མཛེས་ཏོག་ཏོ་ དང་ ཡང་དག་པ་སྦེ་བཟོ་གནང་འོང་། དེ་ཚུ་ཡང་ འཆི་བ་ ན་ཟུག་ ན་ནི་ སེམས་ནད་དང་སྐྱོ་སྣང་ཚུ་མེད་པའི་ འཛམ་གླིང་བཟོ་ནི་ཨིན་པས། དེ་ལས་ ཁོ་གིས་ མི་ག་ཨིན་རུང་ ཁོ་གི་ལམ་རྗེས་སུ་འབྲང་པ་ཅིན་ ངེས་པར་དུ་ ས་གནས་འདི་ཁར་ལྷོད་འོང་ཟེར་ དམ་བཅའ་འབད་ནུག། འ་ནི་འདི་ཡེ་ཤཱུའི་་ལམ་ཨིན།
མཐའ་མཇུག་གི་སྐྱབས་སྒྲོལ།
ཡེ་ཤུ་ ཁོ་ལོག་འབྱོན་ནི་གི་ ལོ་དང་དུས་ཚོད་བརྟན་བརྟན་སྦེ་ མ་གསུངས་རུང་ ཁོ་གི་སློབ་མ་ཚུ་ལུ་ དམིགས་བསལ་གྱི་རྟགས་མཚན་ལེ་ཤཱ་གསུངས་གནང་ནུག། ང་བཅས་ཀྱིས་ རྟགས་མཚན་འདི་ཚུ་ལུ་བརྟེན་ ཁོ་ལོག་མགྱོགས་པ་ར་འབྱོན་ནི་རནམ་མས་ཟེར་ཤེསཔ་ཨིན། ཡང་ཅིན་ ཁྱོད་ར་དང་ང་རའི་མི་ཚེ་ནང་ར་བྱོན་ནི་ཨིནམ་འོང་། ག་དེམ་ཅིག་གི་ གནས་ཚུལ་བཟང་པོ་ཨིན་པས། གཙོ་བོ་ཡེ་ཤུ་འབྱོནམ་ད་ལུ་ ང་བཅས་ཚུ་གི་ ལཱ་ངན་པའི་འབྲས་བུ་ལས་ཐར་གྲོལ་གཏང་འོང་།
ག་དེམ་ཅིག་འབད་ཁྱོད་ཡང་ ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལྷོད་མི་ཚུའི་ གྲལ་ཁ་འཛུལ་ནི་ཨིན་པ་ཅིན་ དེ་ནང་ལུ་ ཡེ་ཤུའི་ལམ་རིམ་ འཇམ་ཏོག་ཏོ་གསུམ་ རྗེས་སུ་འཇུག་ནི་ཡོད།
༡ གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེད། ཡེ་ཤུ་གིས་ཁོ་རའི་མི་ཚེ་ དམར་མཆོད་འབདཝ་ད་ལུ་ ཁོ་གིས་ ང་བཅས་ག་རའི་ ལཱ་ངན་པའི་འབྲས་བུ་ག་ར་འབག་འབྱོན་ཡི། ཁོ་གིས་འ་ནི་འདི་ དྭངས་པའི་ཐུགས་ཀྱི་ཐོག་ལས་ ང་བཅས་ཚུ་ཐར་པ་འཐོབ་བཅུག་ཟེར་ ཐུགས་བསམ་བཞེས་གནང་སྟེ་མཛད་གནང་ནུག། འ་ནི་གསོལ་རས་འདི་ཁྱོད་ཀྱིས་ ཁོ་ལུ་ ལུས་ངག་ཡིད་གསུམ་གྱི་ཐོག་ལས་ ཡིད་ཆེས་བསྐྱེད་དེ་ ངོས་ལེན་འབད་དགོ།
༢ སྒེར་གྱི་མཐུན་འབྲེལ་བ་གོང་དུ་འཕེལ། གཙོ་བོ་ཡེ་ཤུ་གིས་ ང་བཅས་ཚུ་ ཆོས་ཀྱི་འགན་ཁུར་གི་དྲན་ཐོ་རྐྱངམ་གཅིག་འབད་དེ་ རྗེས་སུ་འཇུག་སྟེ་མེན་པ་ ཁོ་ ང་བཅས་ཚུ་གིས་ རང་རྐྱང་འབད་རང་ངོ་ཤེས་དགོཔ་ཨིན་པས། ང་བཅས་ཀྱིས་ཁོ་ལུ་ ཆ་རོགས་འཆམ་ཤོས་གཅིག་ལུ་བློ་སླབ་དོ་བཟུམ་དང་ ང་བཅས་ཀྱི་དོན་ཧིང་ཁ་ཕྱེ་སྟེ་ གསང་བ་ག་ར་བཤད་དོ་བཟུམ་ སྨོན་ལམ་བཏབ་དགོཔ་ཨིན། གཙོ་བོ་ཡེ་ཤུ་ཀྱིས་ ང་བཅས་ཚུ་དུས་ནམ་རང་འབད་རུང་ ཁོ་མཉམ་བློ་སླབ་ནིའི་དོན་ལུ་ ཁོ་གི་རྣམ་ཤེས་ཐོག་ལས་ དུས་རྟག་བུ་ ང་བཅས་མཉམ་སྡོད་འོང་ཟེར་དམ་བཅའ་འབད་དེ་ཡོད།
༣ གཙོ་བོ་ཡེ་ཤུའི་སླབ་སྟོན་ཚུ་རྗེས་སུ་འབྲང་། ཡེ་ཤུ་གིས་ང་བཅས་ཚུ་ལུ་ བག་ཟོན་ཅན་སྦེ་སྡོད་དགོཔ་དང་ ཁོ་ལོག་འབྱོན་ནིའི་དོན་ལུ་ གྲ་སྒྲིག་འབད་དགོ་ཟེར་གསུངས་འདི་ཡོད། གཙོ་བོ་ཡེ་ཤུ་ལུ་ དད་དང་མོས་གུས་བསྐྱེད་དེ་ མི་ཚེ་སྐྱོང་ནི་ཟེར་མི་འདི་ ང་བཅས་ཀྱི་ཁོ་གི་ བཀའ་སློབ་ཚུ་རྗེས་ཉན་ནི་དང་ ཁོ་ལུ་ ང་བཅས་ཀྱིས་ ཧིང་ལས་ར་ དགའ་བ་སྐྱེད་ནི་ དེ་ལས་ དུས་ཨ་རྟག་རང་ ཁོ་ས་སྨུག་ནང་ལས་འབྱོན་ནི་དོན་ལུ་ གྲ་སྒྲིག་འབད་སྡོད་དགོཔ་ཨིན་པས། གསུང་རབ་ནང་ལུ་ ང་བཅས་ཀྱིས་ གཙོ་བོ་ཡེ་ཤུ་གི་སློབ་མ་འབད་སྡོད་ནིའི་དོན་ལུ་ ཤེས་དགོ་མི་ཚུ་མཐོང་ཚུགས།
ག་དེམ་ཅིག་འབད་ཁྱོད་ར་ ཡེ་ཤུའི་ལམ་ག་དེ་སྦེ་རྗེས་སུ་འཇུག་སྟེ་ ཁོ་ར་ལོག་འབྱོན་ནི་གི་གྲ་སྒྲིག་འབད་ནི་ སྐོར་ལས་ ཁ་གསལ་སྦེ་ཤེས་འདོད་ཡོད་པ་ཅིན་ ང་བཅས་མཉམ་ འ་ནི་ ཤོག་ལེབ་རྒྱབ་ལུ་ཡོད་པའི་ གནས་ཚུལ་ནང་འབྲེལ་བ་འཐབ་གནང་།
Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།
ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།
གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།
