སྡུག་བསྔལ་ཚུ་ཤེས་ ཚུགསཔ་བཟོ་ནི།

སྡུག་བསྔལ་ཚུ་ཤེས་ ཚུགསཔ་བཟོ་ནི།

བཅུད་དོན།

ད་རེས་ནངས་པ་ མི་མང་ཤོས་ཅིག་ར་ ལོག་སྤྱོད་དང་སྤྱོད་ངན་ལས་བརྟེན་ དཀའ་སྡུག་མྱོང་མི་ཡོད། གཙོ་བོ་ཡེ་ཤུ་ཡང་ ཁོ་རའི་མི་ཚེ་འདི་ དཀའ་སྡུག་མྱོང་འདི་རང་བཞུགས་ཡི།། ཁོ་གིས་གཞན་མི་ལུ་ཆ་རོགས་མཛད་གནང་སྟེ་ ནད་ལས་དྲག་བཅུག་ནི་དང་ དེ་ལས་ ལམ་ལེགས་ཤོམ་ལུ་ སྟོན་བྱིན་ཡོདཔ་ཨིན། མི་ལ་ལུ་གིས་ ཁོ་ལུ་མ་དགའཝ་བསྐྱེད་དེ་ གསད་ཡོདཔ་ཨིན་རུང་ཉིནམ་གསུམ་གྱི་རྒྱབ་ལས་ ཁོ་ ལོག་འདི་ གསོན་པོ་ལོང་ཞིནམ་ལས་ ཁོ་རའི་ཡབ་ཀྱི་ཞིང་ཁམས་ནང་ལུ་བྱོན་ནུག། འ་ནི་དེབ་ཆུང་གིས་ ལོག་འདི་ ཡེ་ཤུའི་མི་ཚེ་དང་དཀའ་སྡུག་སྐོར་ལས་ ཐུང་ཀུ་གཅིག་བཤད་ནི་དང་ གཞན་ཡང་ ཁོ་གིས་ང་བཅས་ཀྱི་ སེམས་འཁྲུལ་བ་མྱོང་མི་ འདི་སངས་ནིའི་སྐོར་ལས་ བཤད་ནི་ཨིན།།

ཕབ་ལེན།

ད་རུང་ཡང་བུམོ་གཅིག་ཨིན་མས། ཨཔ་འདི་ཞེན་པ་ལོག་ནུག། ཁོ་དང་ཁོ་རའི་ཨམ་སྲུ་ལུ་ ཧེ་མ་ལས་ ཨ་ལོ་བུམོ་གཉིས་ཡོདཔ་མས། ང་བཅས་གཉིས་ལུ་ བུ་དགོ་པས། ད་རུང་ ཡང་བུམོ་མེན་པར། ཁོ་རའི་ཨ་ལུ་བུམོ་ཆུང་ཤོས་ ཆཱ་ལའི་འདི་ ཁོ་རའི་ སྤུན་ཆ་འབད་སར་གཏང་ནུག། དེ་འབདཝ་ད་ ཆཱ་ལའི་འདི་ ཁོང་རའི་ཁྱིམ་ནང་སྡོད་ནི་འདི་ གཉིད་ལམ་ངན་པ་བཟུམ་ནང་སྡོད་དོ་སྡོད་ནུག། མོ་རའི་གསོ་བའི་ཕམ་གྱིས་ཁྱོད་ སློབ་གྲྭ་ནང་འཛུལ་ཞུགས་འབད་ནི་འདི་ གནམ་མེད་ས་མེད་གླེན་རྟགས་ཅིག་ཨིན་མས་ ཟེར་སྐད་རྐྱབ་ནུག། དེའི་ཚབ་ལུ་ མོ་ར་བྱ་རོགས་བཟུམ་སྦེ་ ལཱ་བཀལ་ནུག། ཆཱ་ལའི་འདི་ དུས་རྒྱུན་དུ་ཁོང་ཁྲོ་དང་ངོ་ཚའི་ཆེ་བའི་འོག་ལུ་ ངན་སྤྱོད་འབད་དེ་ཟོགཔོ་འབད་བ་ལུ་བརྟེན་ དཀའ་སྡུག་མྱོང་ནུག། མོ་ལུ་བརྩེ་བ་ཡོད་མི་ ག་ཡང་མེདཔ་བཟུམ་ཚོར་ནུག།

ཆཱ་ལའི་སྲུང་འདི་བཟུམ་སྦེ་ ཧེ་མ་ཁྱོད་ཀྱི་ཧ་གོ་ཡི་ག? ཡང་ཅིན་ ཁྱོད་རང་ཡང་གཞན་གྱིས་ཟོགཔ་འབད་འདི་ ཁོང་ཁྲོའི་ཚོར་བ་མྱོང་སྡོད་སྡོདཔ་འོང་།

ན་ཟུག་འདི་བཟོད་མ་ཚུགསཔ་པའི་བསྒང་ལས་ ང་བཅས་ཀྱིས་ འདི་ནང་ལས་ཐར་ནི་བརྩི་རྐྱབ་རུང་ ང་བཅས་ཀྱིས་ ལོག་ཅི་ར་ རང་གི་རང་ལུ་དང་ གཞན་ལུ་ཡང་གནོདཔ་བཀལཝ་ཨིན། འཕྲལ་འཕྲལ་ ང་བཅས་ཀྱིས་ཚེ་སྔ་མའི་ལཱ་ཟོགཔོ་འབད་བ་ལས་བརྟེན་ ད་ལྟོ་ སྡུག་བསྔལ་མྱོང་མས་ཟེར་མནོ་དོ་ཡོདཔ་ཨིན། ཨིན་རུང་ འ་ནི་བསམ་བློ་འདི་ལུ་ ཞི་བདེ་བྱུང་མི་ཚུགས་དོ་ཡོདཔ་ཨིན། འདི་གི་ཧེང་སྐལ་རང་ འཇིགས་སྣང་དང་ བུང་འགམ་བཅུགཔ་མས། ང་བཅས་ཀྱི་ན་ཟུག་དང་ བར་ཆད་ཚུ་རྫོགས་ཐབས་ཡོད་ཟེར་ མནོ་ནི་ཡོད་ག?

ཆཱ་ལའི་བརྩི་སྟེ་ མི་ས་ཡ་ལས་བཅས་ ཡེ་ཤུའི་རྙིང་རྗེ་དང་བརྩེ་བ་ངོ་མ་བསྐྱེད་ནི་གིས་ རེ་བ་ཡོདཔ་ཨིན། 

ཡེ་ཤུ་འདི་ག་སྨོ?

དང་ཕུའི་ སློབ་དཔོན་ཡེ་ཤུ་འདི་ ཟ་ཚང་སྤྱང་ཀ་གཅིག་ནང་ སྐུ་འཁྲུངས་ཡོདཔ་ཨིན། ཁོ་སྐུ་འཁྲུངས་ཏེ་ དུས་ཡུན་ཐུང་ཀུ་ཅིག་གི་རྒྱབ་ལས་ ཟ་ཚང་ཚུ་ ཉེས་སྤྱོད་ཅན་གྱི་རྒྱལ་པོ་ལས་ བྱོག་འགྱོ་འདི་ ཨི་ཇིབཊ་ནང་ ནང་སྐྱོད་འབད་མི་བཟུམ་སྡོད་སྡོདཔ་ཨིན། རྒྱལ་པོ་སྡིག་ཅན་འདི་ཤིཝ་ད་ལུ་ ཁོང་ཚུ་ ཨིསི་རེལ་ནང་ལོག་འོང་སྟེ་ མིང་གཏམ་ཞན་དྲག་ཡོད་པའི ན་ཛ་རིཊ་ཁྲོམ་ཟེར་མི་ནང་ གཞིས་ཆགས་སྡོད་ནུག།  སློབ་དཔོན་ཡང་དག་པ་གི་དོན་ལས་ གནས་སྟངས་འདི་བཟུམ་འདི་ འགོ་བཙུགསཔ་ཅིན་ཐ་རྡུགས་སི་སི་ཅིག་སྦེ་ཧ་གོ་མས།

ཡེ་ཤུ་ཟེར་མི་མིང་འདི་ སྲོག་སྐྱབས་མཛད་མི་དཀོན་མཆོག་ཟེར་བའི་དོན་དག་ཨིན། ཡེ་ཤུ་མ་སྐྱེ་བའི་གི་ ལོ་ངོ་བདུན་བརྒྱ་གི་ཧེ་མ་ འཛམ་གླིང་ནང་གསུང་བཤད་གནང་མི་ཅིག་འབྱོན་ཏེ་ ཁོ་ར་སྲོག་སྐྱབས་མཛད་མི་བཟུམ་སྦེ་ར་ དཀའཝ་སྤྱད་འོང་ཟེར་ ལུང་བསྟན་གནང་ཡོདཔ་ཨིན། ཁོ་རའི་དམིགས་ལཱ་ངོ་མ་འདི་ སྡུག་བསྔལ་ཕོག་མི་ཚུ་ལུ་ ཆ་རོགས་འབད་ནི་དང་ སྡུག་བསྔལ་དང་འཆི་བ་ལས་ མཐར་ནི་དོན་ལུ་ཨིན་མས། 

ཡེ་ཤུའི་ཆ་རོགས་ངོ་མ།

མ་ཤི་ཀ་པའི་དམ་པའི་དཔེ་ཆ་ གསུང་རབ་ནང་ ཡེ་ཤུ་ག་དེ་སྦེ་སྡུག་བསྔལ་མྱོང་མི་ཚུའི་ སྦོ་ལོགས་ཁར་ག་དེ་སྦེ་འོང་ཡི་ག་གི་སྐོར་ལས་ སྲུང་ལེ་ཤ་རང་བཤད་དོ་ཡོདཔ་ཨིན།

ཉིནམ་གཅིག་འབདཝ་ད་ མི་གཅིག་པགས་ཀོའི་ནད་ཀྱི་འཚུབ་ཅན་སྦེ་ན་མི་གཅིག་གིས་ ཡེ་ཤུ་ཆོས་གནང་སར་འོང་ནུག། ཁོ་རའི་གཟུགས་གེ་ར་ རྨ་གི་སྤུབ་སྟེ་ དྲིམ་ཡང་དུག་ཁག་ཁ་མནམ་ནུག། དེ་བསྒང་གི་མི་ཚུ་ ཁོ་གི་ན་ཚ་འདི་ ཁོ་རའི་ལཱ་འཛོལ་བ་ལུ་ ཉེས་བྱ་ཕོག་དོ་བཟུམ་སྦེ་ མནོ་བསམ་བཏང་ཡོད་མི་ལུ་བརྟེན་ ཁོ་ར་ངོ་ཚ་ སེམས་ཕམ་སྟེ་སྡོད་ནུག། ཨིན་རུང་ ཡེ་ཤུ་གིས་ཁོ་གི་སྦོ་ལོགས་ཁར་བྱོན་ཏེ་ ཁོ་རའི་གཟུགས་ཁར་དཀྲོག་ནུག། འདི་འཕྲོ་ལས་ ཁོ་གི་རྨ་དྲག་སོང་ནུག། 

དུས་ཚོད་གཞན་ཅིག་ནང་ བདུད་ཀྱི་དབང་མི་ཕོ་སྐྱེས་གཉིས་ དུར་ཁང་ནང་སྔུ་སྟེ་ གཟུགས་གེ་ར་རྡོ་གིས་བཏོག་སྡོད་སར་འཕྱད་ནུག། ཁོང་གིས་ ཡེ་ཤུ་གཟིགསཔ་ད་ ངན་པའི་རྣམ་ཤེས་འདི་གིས་ ཁོ་ཕར་སོང་ཟེར་གསུང་ནུག། ཨིན་རུང་ ཡེ་ཤུ་གིས་རྣམ་ཤེས་ངན་པ་ལུ་ འཐོན་འགྱོ་དགོཔ་སྦེ་བཀའ་གནང་ནུག། རྣམ་ཤེས་ངན་པ་དེ་གིས་ཉན་ཞིནམ་ལས་ ཁོང་ཕོ་སྐྱེས་གཉིས་འདི་འཕྲོ་ལས་ སེམས་བརྟན་ཏོག་ཏོ་སྦེ་ཡར་སོང་ནུག།

ཤུལ་ལས་ ཡེ་ཤུ་གིས་ གཉེན་ཚར་ལྔ་རྐྱབ་ལས་བརྟེན་ མི་སྡེ་གྲལ་ལས་བཏོན་བཏང་མི་ ཨམ་གཅིག་དང་འཕྱད་ནུག། ཡེ་ཤུ་གིས་མོ་ལུ་ བྱམས་པའི་ཐོག་ལས་ བློ་སླབ་ད་ཧ་ལས་ཆི་ནུག། མོ་གིས་མི་གེ་ར་འབོ་སྟེ་ མོ་ལུ་སེམས་ཤུགས་གནང་མི་ སློབ་དཔོན་ཡང་དག་པ་མཇལ་བར་ འཁྱིད་འོང་མི་ལུ་བརྟེན་ མོ་ར་གནམ་མེད་ས་མེད་སེམས་དགའ་ཡོདཔ་ཨིན་མས། 

སྡུག་བསྔལ་མྱོང་མི་ཆ་རོགས།

ཁྱོད་ཀྱིས་ ནུས་སྟོབས་ཅན་གྱི་སྨན་བཅོས་འབད་མི་དང་ བྱམས་བརྩེ་གི་སློབ་དཔོན་འདི་ལུ་ ག་ར་གིས་དགའ་བ་བསྐྱེད་འོང་ཟེར་མནོ་འོང་། ཁོ་ལུ་ངེས་པར་དུ་ མང་ཤོས་ཅིག་གི་ར་དགའ་ཡོདཔ་ཨིན། དེ་འབདཝ་ད་ ཆོས་ཀྱི་སློབ་དཔོན་ཚུ་ ཡེ་ཤུའི་ཡོངས་གྲགས་ལུ་ ཕྲག་དོག་བསྐྱེད་དེ་ མེདཔ་གཏང་ནི་ལུ་འཆར་གཞི་བརྩམས་ནུག།

ཡེ་ཤུ་གིས་ ཁོའི་སློབ་མ་ཚུ་ལུ་ ཁོ་རྫུན་མ་སྦེ་ཁ་ཉེས་བཀལ་ཏེ་ གསད་འོང་ཟེར་སླབ་ནུག། ཁོ་རའི་བཤད་མི་ནང་ འ་ནི་འདི་ མིའི་སྡུག་བསྔལ་ནང་ལུ་ འཛུལ་འདི་བལྟ་སྟེ་ མི་ཚུ་གིས་སེམས་བསྒྱུར་བཅོས་འབད་ཐབས་ཀྱི་དོན་ལུ་ དཀོན་མཆོག་གི་འཆར་གཞི་ཨིན་ཟེར་ཨིན་མས། ཁོ་གིས་ ཁོ་ར་ ལོག་གསོན་པོ་སྦེ་ཉིམ་གསུམ་ནང་ ལོག་བྱོན་འོང་ཟེར་ མངོན་ཤེས་དཔག་གནང་ནུག། དེ་འབདཝ་ད་ ཁོ་རའི་སློབ་མ་ཚུ་ གཅེས་པའི་སློབ་དཔོན་འདི་ དཀའ་སྡུག་གནམ་མེད་ས་མེད་མྱོང་ནི་ཨིན་མས་ཟེར་ བཟོད་མ་ཚུགས་པར་ ཁོང་ཚུ་རྒྱབ་སྲུང་འབད་ནི་ལུ་ བློ་འདོད་སྦོམ་བསྐྱེད་ནུག། 

ཨིན་རུང་ སེམས་འཁྲུལ་སི་སི་འབད་ ཡེ་ཤུ་གིས་གསུང་དོ་བཟུམ་སྦེ་རང་ འབྱུང་ནུག། སློབ་མ་གཅིག་གིས་ འདོད་པ་ཆེ་དྲག་ཐོག་ལས་ ནུབ་མོ་ཕྱེད་མི་ངན་སྡེ་ཚན་ཚུ་ལུ་ གཟུང་ནི་གི་ཆ་རོགས་འབད་དེ་ ཡེ་ཤུ་ལུ་མགུ་སྐོར་རྐྱབ་ནུག། སློབ་མ་ལ་ལུ་ཅིག་ འདྲོག་འདི་བྱོག་ཡར་སོང་ནུག། འཛོམས་དཔང་རྫུས་མ་ཚུ་གིས་ ཡེ་ཤུ་གིས་ གཞུང་གི་དབང་ཆ་མེདཔ་གཏང་ནི་ལུ་ འཆར་གཞི་བརྩམ་མས་ཟེར་ ཁ་ཉེས་བཀལ་ནུག། ཡེ་ཤུ་ཉེས་པ་བཀལ་ཏེ་ གདུག་རྩུབ་འབད་དེ་ དེ་ལས་ ཁྲམ་ཤིང་གུ་ལྕགས་ཟེར་གྱི་བརྡབ་སྟེ་ བཟོད་མ་ཚུགས་པའི་སྡུག་བསྔལ་ནང་བཤགས་སོ་ནུག། 

ང་བཅས་ཀྱི་སྡུག་བསྔལ་ལུ་སེམས་ཤུགས།

ཁོ་རའི་སྐུ་ཕུང་ དུར་ཁང་ནང་བཙུགསཔ་ད་ལུ་ ཡེ་ཤུའི་ཨའི་དང་སློབ་མ་ཚུ་སྔུ་ནུག། དམག་མི་ཚུ་གིས་ དུར་ཁང་འདི་བསྡམ་ཞིནམ་ལས་ སྲུང་རྒྱབ་ཚུ་ཕྱི་ཁར་བཞག་ནུག། ཨིན་རུང་ ཉིནམ་གསུམ་ནང་ ས་ཡོམ་ཤུགས་སྦེ་རྐྱབ་འདི་ དུར་ཁང་འདི་ ཁ་ཕྱེ་བཏང་སྟེ་ ཡེ་ཤུ་འདི་སྐུ་གསོན་པོ་འབད་བཞེངས་ནུག། 

ཡེ་ཤུ་ཁོ་རའི་སློབ་མ་འབད་སར་བྱོནམ་ད་ ཁོང་གི་མིག་ཏོ་གིས་བདེན་རྫུན་རེ་མ་ཚུགས་པས། ཁོ་གིས་ ཁོང་ཚུ་གནམ་མེད་ས་མེད་དགོཔ་པའི་དུས་ལུ་ བྱོག་འགྱོ་མི་འདི་ལུ་ བཤགས་པ་གནང་ནུག། ཁོ་ གསུང་རབ་ཀྱི་ཆོས་སྟོན་ནི་ལུ་དུས་ཚོད་བྱིནམ་ཐོག་ལས་ སྡུག་བསྔལ་དང་ འཆི་བ་ཚུ་རྫོགས་ཐབས་ཀྱི་ འཆར་གཞི་ཚུ་སྟོན་གནང་ནུག། ཁོ་གི་ སྲོག་སྐྱབས་ཀྱི་དོན་བཅོད་རྫོགས་ཞིནམ་ལས་ ཁོ་ལོག་བྱོན་ནི་ལུ་ གྲ་སྒྲིག་འབད་ཟེར་ ག་ར་ལུ་སླབ་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན། དེ་ལས་ ཡེ་ཤུ་ཞིང་ཁམས་ནང་ལོག་བྱོན་སོང་ནུག། 

ངེའི་ན་ཟུག་ནང་འཛུལ་མི་ཆ་རོགས།

ཆཱ་ལའི་ བུམོ་ག་གིས་ཡང་དགོ་མ་བཏུབ་པར་སྦོམ་འགྱོ་ཡོད་མི་འདི་ མཐར་ཐུག་མོ་ར་ དམག་འཁྲུག་ལང་པའི་སྐབས་ བྱོག་འོང་སའི་ནང་སྐྱོད་འབད་བའི་སྒར་ནང་ ལཱ་འབད་མི་བྱམས་པ་བརྩེ་ཅན་གྱི་མི་ཚུ་ལས་ ཡེ་ཤུའི་སྐོར་ལས་ལྷབ་ནུག། མོ་གིས་ ཡེ་ཤུའི་གསུང་རབ་ནང་ལས་སྲུང་ཚུ་ཉན་ཏེ་ དཀོན་མཆོག་གིས་ སྡུག་བསྔལ་དང་འཆི་བ་ རྫོགས་ཐབས་ཀྱི་འཆར་གཞི་ཚུ་ལྷབ་ནུག། ཆཱ་ལའི་གིས་ མོ་རའི་ངོ་ཚ་མི་དང་ སྡུག་བསྔལ་ལས་ཐར་ནི་ལུ་ དཀོན་མཆོག་གིས་ཆ་རོགས་འབད་ཚུགས་ཟེར་ཧ་གོ་སྟེ་ མོ་རའི་སེམས་འདི་སྨན་བཅོས་འབད་ནང་ཟེར་ཞུ་ནུག། དཀོན་མཆོག་གིས་ མོ་རའི་ཞེ་སྡང་དང་སྡུག་བསྔལ་ཚུ་ བཟོད་གསོལ་དང་སྙིང་རྗེ་ལུ་འགྱུར་གནང་ནུག། ད་རེ་ མོ་གི་དཀོན་མཆོག་གིས་ མོ་ག་དེ་སྦེ་གཙང་ཏོག་ཏོ་བཟོ་ཡི་ག་བཤད་དོ་ཡོདཔ་དང་ མོ་ལུ་དཀོད་མཆོག་གི་བུམོ་ཟེར་འབོ་དོ་ཡོདཔ་ཨིན། 

ཁྱོད་འདི་ག་དེ་སྦེ་སྨོ? ཁྱོད་ར་ཡང་ ཡེ་ཤུ་དང་མཉམ་འཕྱད་དགོ་མནོ་ཡི་ག? ཁྱོད་རང་ཡང་ དཀོན་མཆོག་དང་མཉམ་འདི་བཟུམ་སྦེ་ཁ་སླབ་དགོ: 

ངེ་བརྩེ་བའི་དཀོན་མཆོག་ ང་རའི་ན་ཟུག་ཚུ་ ཧ་གོ་གནང་མི་ལུ་ བཀའ་དྲིན་ཆེ། (ཁྱོད་རའི་ དཀའ་ངལ་ཚུ་ན་ལུ་བཤད།) ང་བཅས་ སྡུག་བསྔལ་ལས་སྐྱབས་མཛད་གནང་ནི་དོན་ལས་ ཡེ་ཤུ་གཏང་གནང་མི་འདི་ལུ་བཀའ་དྲིད་ཆེ། སྐུ་ཆེ་འབད་གེ་ ངེའི་དོན་ཧིང་འདི་སངས་གནང་ཞིནམ་ལས་ ང་ལུ་ཞི་བདེ་དང་བཟོད་གསོལ་གྱི་ནུས་ཤུགས་གནང་། ཨ་མེན།

ཁྱོད་ར་ ཡེ་ཤུ་དང་ ཁོ་གིས་ ང་བཅས་ སྡུག་བསྔལ་ཕོག་པའི་སྐབས་ལུ་ ག་དེ་སྦེ་ཆ་རོགས་འབདཝ་ཨིན་ནའི་སྐོར་ལས་ ཁ་སྐོང་ཤེས་དགོ་མནོ་བ་ཅིན་ ང་བཅས་དང་མཉམ་ རྒྱབ་ཤོག་ནང་ཡོད་པའི་གནས་ཚུལ་ནང་འབྲེལ་བ་འཐབ་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་  གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”

ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།

གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།

newsletter-cover