ང་གི་ན་ཟུག་འདི་ལུ་དྲང་བདེན།

ང་གི་ན་ཟུག་འདི་ལུ་དྲང་བདེན།

བཅུད་དོན།

སྡུག་བསྔལ་མྱོང་ནི་འདི་ དུས་གཏན་རྐྱང་ར་མི་སྡོད། འ་ནི་དེབ་ཆུང་འདི་གིས་ དཀའཝ་སྤྱོད་ཡོད་པའི་ དབང་བཙོང་འདོད་སྤྱོད་ཀྱི་ཉམས་རྒུད་ཕོག་མིའི་སྐོར་ལས་ མོ་གི་ གཙོ་བོ་དཀོན་མཆོག་གིས་ ག་དེ་སྦེ་ ངན་སེམས་ཅན་གྱི་མི་ལུ་ དྲང་བདེན་འབག་འོང་ག་ཟེར་ མནོ་བསམ་གཏང་པའི་སྐོར་ལས་ བཤད་པ་རྐྱབ་འོང་། འདི་གིས་ ཡེ་ཤུ་གིས་ག་དེ་སྦེ་ ཚུལ་འཆོས་ཅན་གྱི་ འགོ་ཁྲིད་ཚུ་ ཉེས་བྱ་བཀལ་ཏེ་ དྲང་བདེན་འདི་ མི་ དཀའཝ་སྤྱོད་མི་ལུ་ རྒྱབ་ལེན་འབད་ནི་ཨིན་ཟེར་ ཁོ་གི་ཁས་བླངས་འབད་ཡོད་མི་འདི་ བཤད་པ་རྐྱབ་འདི་ཡོད། ཨིན་རུང་ ག་དེམ་ཅིག་འབད་ ང་བཅས་ཚུ་ཡང་ འཛོལ་བ་འབད་ཡོད་པ་ཅིན་ འཛོལ་བའི་ལཱ་འདི་ དུས་གནམ་ར་འབད་རུང་ གཙོ་བོ་ཡེ་ཤུ་མ་ཤི་ཀ་ ང་བཅས་རའི་དོན་ལུ་ སྡུག་བསྔལ་བཟོད་སྡོད་མི་ལས་བརྟེན་ དགོངས་ཡངས་གཏང་ནིའི་ ཐབས་ལམ་ཡོདཔ་ཨིན།

ཕབ་ལེན།

ཝིམ་ལ་འདི་ མོ་གིས་དོན་ཧིང་དིག་དིག་གཏང་ཡི་ར་ ཉལ་ཁྲི་གུ་ཕྲང་ཏང་ཏ་སྦེ་སྡོད་ནུག། གཉིད་ལམ་ངན་པ་གཞན་གཅིག་ ཨ་རྟག་ར་ཉིན་ཞག་དག་པ་ཅིག་གི་རྒྱབ་ལས་ར་ མོ་ལོ ༡༢ སྦེ་སྡོདཔ་ད་ བུཚ་གཅིག་གི་མོ་ལུ་ ཁེ་ཕན་ལེན་ནི་འབད་མི་འདི་ གཉིད་ལམ་ནང་ཚོར་ཤུགས་འཚུབ་དྲག་གཅིག་གི་ དྲན་ཤེས་མཐོང་དོ་ཨིན་པས།

ཝིམ་ལ་གི་ འ་ནི་གི་ཉིནམ་འདི་ བརྗེད་ར་མ་ཚུགས་པས། མོ་ར་ངོ་ཚ་ ཁམས་ལོག་སྟེ་ མོ་གི་འབག་མི་ན་ཟུག་གི་ལྗིད་འབག་སྡོད་མི་འདི་ ག་ལུ་ཡང་མ་སླབ་པས། ཝིམ་ལ་ གཙུག་ལག་སློབ་གྲཱ་ནང་འཛུལ་ཏེ་འབད་རུང་ གཉིད་ལམ་འཚུབ་འདི་ འཕྲོ་མཐུད་དེ་རང་མཐོང་དོ་ཡོདཔ་མས། མོ་གི་འ་ནི་བུཚ་འདི་མ་དགའཝ་བསྐྱེད་དེ་ཡོད་མི་འདི་ ཁོ་ར་འོས་འབབ་ལྡན་པའི་ ཉེས་ཁྲིམས་འཐོབ་བཅུག་ཟེར་ རེ་འདོད་བསྐྱེད་ནུག།

དྲི་བ་ལཱ་ཁག་ཚུ།

ཝིམ་ལ་གྱི་མནོ་བསམ་འདི་ འ་ནི་དྲི་བ་འདི་གིས་ ལཱ་ཁག་གཏང་ནུག། མོ་གི་བཙན་གཡེམ་པ་འདི་ལུ་ ལས་རྒྱུ་འབྲས་ཀྱི་དྲང་བདེན་ཐོབ་ག་སྨོ? ཁོ་འདི་མོ་རའི་ཁྲོམ་སྡེ་ལས་ཡོངས་གྲགས་ཅན་གྱི་ ཆོསཔ་གཅིག་ཨིན་པས། ཁོ་གིས་མི་ཚུའི་དོན་ལུ་ ལཱ་ལེགས་ཤོམ་འབད་ ལོག་ཅིག་ར་ ལྟོ་བསྲུང་དང་དཀོན་མཆོག་ལུ་དད་གུས་ ཡང་དག་པ་བསྐྱེདཔ་སྦེ་སྟོན་དོ་ཡོདཔ་མས། ལས་ངན་པ་གཅིག་འབད་མི་གི་ ཁོ་རའི་ ལཱ་ལེགས་ཤོམ་ག་ར་དང་མཉམ་ འགྲན་ཟླ་འབད་ཚུགས་ག? མོ་གིས་ལས་རྒྱུ་འབྲས་ག་དེ་སྦེ་ ལྭ་འབདཝ་ཨིན་ན་ ཧ་མ་དགོ་བས། དེ་འབདཝ་ད་ ཁོ་གི་ལཱ་ངན་པ་འདི་གིས་ མོ་་ལུ་ཁྱད་པར་བཟོ་ཡོད་ཟེར་མོ་གིས་ཤེས་ནུག། ཝིམ་ལ་གིས་མོ་རའི་ན་ཟུག་འདི་བརྗེད་མ་ཚུགས་པས། 

དྲང་བདེན་འཚོལ་ནི།

ཝིམ་ལ་གི་ཆ་རོགས་ སའི་ར་ཟེར་མི་འདི་གིས་ གྲོགས་རམ་དགོ་པའི་ཨམ་སྲུའི་ལས་ཁུངས་ནང་ སྦྱོང་བརྡར་འབད་སྡོད་འབད་ནུག། ཉིནམ་གཅིག་འབདཝ་ད་ སའི་ར་གིས་ མོ་ར་ རྨགཔ་མེད་མི་དང་ རྡུང་རྫོབ་འབད་མའི་ཨམ་སྲུ་ དེ་ལས་ དབང་བཙོང་གི་རྐྱེན་བྱུང་མི་ཚུ་ལུ་ ཆ་རོགས་འབད་སའི་ལྟེ་བ་ འདི་ནང་ལུ་ཤོག་ཟེར་འབོ་ནུག། ཝིམ་ལ་འདི་ མོ་གི་གསང་བ་རྔམ་སི་སི་འདི་ ག་གིས་ཡང་མ་ཤེས་ག་མནོ་ གཡང་ཟ་འདི་ཚ་གྱང་ལང་ནུག། དེ་འབདཝ་ད་ སའི་ར་འདི་བྱམས་བརྩེ་ཅན་ཡོདཔ་ལས་ ཝིམ་ལ་འགྱོ་ནི་སྦེ་ཐག་ཆོད་ནུག། ཁོང་འགྱོཝ་ད་ལུ་ སའི་ར་གིས་ འདས་པའི་ཞག་དག་པ་གཅིག་ནང་ལུ་ རྨ་བཏོན་ཡོད་པའི་ཨམ་སྲུ་ལ་ལུ་ཅིག་ མཐོང་ཡོད་པའི་སྐོར་ལས་སླབ་ནུག།

ཁྱོད་ཀྱི་མི་ཚེ་ནང་ བླ་མ་ཚུ་གིས་ཨམ་སྲུ་ ལོག་སྤྱོད་འབད་ས་མཐོང་ཡི་ག? ཝིམ་ལ་གིས་ངོ་ཚ་སྟེ་རང་འདྲི་ནུག།

འཕྲལ་འཕྲལ་མཐོང་ཡི་ ཟེར་སའི་ར་གིས་ལན་སླབ་ནུག། འདི་གནམ་མེད་ས་མེད་སྐྱོ་སི་སི་ཅི་ཨིན་པས། མི་གཅིག་གི་ཆོསཔ་དད་པ་ཅན་ཨིན་ཟེར་སླབ་ཙམ་ཅིག་གི་ དཀོན་མཆོག་དང་གཅིག་ཁར་ མཐུད་འབྲེལ་འབད་འབདཝ་མེན།འདི་བདེན།་་་་་་་

ངེའི་བླ་མ་ བླ་མ་ཆེན་པོ་གིས་ ང་བཅས་ཀྱི་དུས་ལུ་ ཆོས་ལྡན་གྱི་འཛམ་གླིང་འདི་ ཤུགས་འབད་རང་ ངན་ལྷད་ཅན་གཅིག་ལུ་འགྱུར་འོང་ཟེར་གསུངས་ཡི། ང་བཅས་ཚུ་ ངན་ལྷན་ཅན་གྱི་ཆོས་ལུགས་ལས་འཐོན་ཏེ་ འཇིག་རྟེན་བཀོད་པ་པོ་ དཀོན་མཆོག་མཉམ་མཐུད་འབྲེལ་འབད་དགོ། ཁོ་གིས་ང་བཅས་ལུ་ དོན་ཧིང་གཙང་ཏོག་ཏོ་བྱིན་ནི་དང་ ང་བཅས་ཀྱི་ལཱ་ངན་ཚུ་ལུ་ བཤགས་པ་གནང་འོང་། དེ་ལས་ ང་བཅས་ཚུ་དཀོན་མཆོག་གིས་ ངན་སེམས་ཅན་གྱི་མི་མེདཔ་སྦེ་ འཛམ་གླིང་ལོག་འདི་ ས་གནས་ཡང་དག་པ་ བཟོཝ་ད་ལུ་ མཐོང་མི་གི་གྲལ་ཁ་ལས་གཅིག་འོང་།

དེ་ སྤྲོ་བ་ཆེ་ཏོག་ཏོ་ཅིག་འོང་ནི་བཟུམ་འདུག། ཁྱོད་ཀྱི་བླ་མ་འདི་ ག་སྨོ? ང་གིས་ གཙོ་བོ་ཡེ་ཤུ་ལུ་རྗེས་སུ་མཇུགཔ་ཨིན། ཁོ་འདི་ སློབ་དཔོན་ཆེན་པོ་གཅིག་ཨིནམ་མ་ཚད་ ཁོ་འདི་ དཀོན་མཆོག་གི་སྐུ་སྐྱེ་ཡང་ཨིན། ཁྱོད་ཀྱིས་ ཁོ་གི་སྐོར་ལས་ཤེས་ག? ང་གིས་ཁོ་གི་སྐུ་པར་ ཁྲོམ་ཁ་ནང་ལས་ཕར་མཐོང་དོ་བཟུམ་ཅིག་ཨིན། དེ་འབདཝ་ད་ ང་གིས་ ཁོའི་སྐོར་ལས་གནམ་མེད་ས་མེད་གཅིག་མི་ཤེས། ཁོ་གིས་ གཞན་ག་ཅི་རང་སླབ་ཅི།བཱསི་འདི་ལམ་ཟུར་ལུ་འཐེན་ནུག། སའི་ར་གིས་ང་བཅས་ནང་ན་འཛུལ་གེ དེ་ལས་ ང་གིས་ཁྱོད་ལུ་ལེ་ཤཱ་སླབ་གེ་ཟེར་སླབ་ནུག།

ཆོས་དང་འབྲལ་བའི་རྫུན་མ།

ཝིམ་ལ་དང་སའི་ར་ བཱསི་ནང་ན་འཛུལ་ཏེ་ སྡོད་ཁྲི་གཅིག་ཁར་ཐོབ་ནུག།

ཡེ་ཤུ་གིས་ ཆོས་དང་འབྲལ་བའི་རྫུན་མ་འདི་གི་ གནོད་རྐྱེན་གྱི་གྲུབ་འབྲས་སྐོར་ལས་ ལེ་ཤ་གསུངས་ནི་ཡོད་ ཟེར་སའི་ར་གིས་སླབ་ནུག། མོ་གིས་དངུལ་ཁུག་ནང་ལས་ ཡེ་ཤུའི་དཔེ་ཆ་ཆུང་ཀུ་གཅིག་བཏོན་ཏེ་ ལྷོག་སྟེ་ཁ་ཕྱེ་ནུག། ནཱ་ལུ་བལྟ་ཤི་ག་ཅི་སླབ་ནུག་ག མོ་གིས་ ཐད་ཀར་སྟོན་ཏེ་ ཝིམ་ལ་གིས་ལྷབ་ནུག།

ཁྱོད་ རྫུས་མ་བཟོ་མི་དང་ ཉེས་ཅན་དང་ཚུལ་མིན་འབད་མི་ཚུ་ལུ་ སྡུག་བསྔལ་ སྤྲོ་ཤུགས་ཅན་གྱི་ཨམ་སྲུ་མོ་རེངམོ་གི་ཁྱིམ་ཚུ་བཅོམ་མི་དང་ ཨིན་རྫུ་བཏབ་སྟེ་ སྨོན་ལམ་རིངམ་སྦེ་བཏབ་མི་ལུ་བརྟེན་ ཁྱོད་ལུ་ཉེས་ཁྲིམས་སྦོམ་ཐོབ་འོང་། (གསུང་རབ་ མད་ཐི་ཡས ༢༣:༡༤)།

རྫུས་མ་བཟོ་མི་དང་ ཉེས་ཅན་ཚུ་འདི་ག་སྨོ? ཟེར་མོ་གིས་འདྲི་ནུག།

ཁོང་འདི་ཚུ་ གཙོ་བོ་ཡེ་ཤུའི་དུས་ལུ་ བླ་མ་བཟུམ་གཅིག་འབད་སྡོད་ནུག། དེ་འབདཝ་ད་ ཁོང་འདི་ཚུ་ ངན་ལྷད་ཤུགས་འབད་རང་ འབད་མི་ཅིག་ཨིན་པས་ཟེར་སའི་ར་གིས་བཤད་པ་རྐྱབ་ནུག། ཝིམ་ལ་ མགུ་ཏོ་གཡོ་འདི་ར་ འཕྲོ་མཐུད་དེ་ལྷབ་ནུག།

ཁྱོད་ རྫུས་མ་བཟོ་མི་དང་ ཉེས་ཅན་དང་ཚུལ་མིན་འབད་མི་ཚུ་ལུ་ སྡུག་བསྔལ་ ཁྱོད་ཀྱིས་ ཕོརཔ་དང་ཐ་ལི་ཚུ་ ཆུ་འཁྱུ་འདི་ ཕྱི་ལས་དག་ཡོད་རུང་ ནང་ན་འཕྲོག་བཅོམ་དང་ རང་འདོད་ཀྱིས་གང་འདི་འདུག། ཉེས་ཅན་མིག་ཏོ་ཞརཝ་ཚུ་ ཧེ་མ་ཕོརཔ་དང་ཐ་ལི་ནང་ན་ དག་ཚུགསཔ་འབད་བཟོ་བ་ཅིན་ ཕྱི་ཁ་གི་ཡང་དག་འོང་། (མད་ཐི་ཡས ༢༣:༢༥-༢༦)།

འགྱུར་མེད་ཀྱི་ལྟ་ཞིབ།

འཇིག་རྟེན་བཀོད་པ་པོ་གིས་ ང་བཅས་ལུ་ གཟབ་གཟབ་འབད་ཟེར་གསུང་འདི་ཡོད། ག་ཅི་སྦེ་ཟེར་བ་ཅིན་ ཆོས་དང་འབྲེལ་བའི་རྫུན་ མ་བཟོ་མི་འདི་ཚུ་ ད་ལྟོ་ཡང་ ང་བཅས་སྦུག་ལུ་ཡོད་ཟེར་ཨིན་པས་ ཟེར་སའི་ར་གིས་སླབ་ནུག། དཀོན་མཆོག་གི་དཔེ་དེབ་ནང་ལས་ བཤད་མི་ནང་ འཛམ་གླིང་དང་ ཆོས་ཀྱི་ལམ་ལུགས་ཡང་ ང་བཅས་ཀྱི་དུས་ལུ་ གནམ་མེད་ས་མེད་ ངན་ལྷད་འབྱུང་འོང་ཟེར་ཨིན་པས། དེ་འབདཝ་ད་ དཀོན་མཆོག་གིས་ འཛམ་གླིང་ལོག་རྣམ་པར་དག་པ་བཟོ་གནང་ད་ལུ་ ལཱ་ངན་འབད་མི་ཚུ་ དབྱེ་ཞིབ་འབད་ནི་ཨིན་པས།ཁྱོད་ཀྱི་འབད་བ་ཅིན་ ཁོ་གིས་ དབྱེ་ཞིབ་ངེས་ཏིག་སྦེ་ ག་དེ་སྦེ་ འབད་ནི་བཟུམ་ཅི་འདུག? ཟེར་ཝིམ་ལ་གྱི་ལན་སླབ་ནུག། 

དཀོན་མཆོག་གི་གསུང་རབ་ལས་བཤད་མི་ནང་ དཀོན་མཆོག་གིས་མི་ག་ར་གི་ ལཱ་ངན་པ་དང་བཟང་པོ་ག་ར་ གསུང་རབ་ནང་ལུ་ དྲན་ཐོ་བཀོད་དོ་ཟེར་བཤདཔ་ཨིན་པས་ ཟེར་སའི་ར་གིས་བཤད་ནུག། ལོ་ལོ་ངོ་ མཐའ་མཇུག་ལུ་ གཙོ་བོ་ཡེ་ཤུ་མ་ཤི་ཀ་འདི་ ས་སྨུག་ནང་འབྱོན་ནི་ཨིན་པས། ག་ར་གིས་ཁོ་མཇལ་ནི་ཨིན་པས། ཁོ་གིས་ ང་བཅས་རེ་རེ་བཞིན་དུ་ གསུང་རབས་ནང་ག་ཅི་འབྲི་སྟེ་ཡོད་ག་ འདི་དང་འཁྲིལ་ཏེ་ དབྱེ་ཞིབ་མཛད་གནང་ནི་ཨིན་པས། 

ཝིམ་ལ་འདི་སྤྲོ་བ་བྱུང་ནུག། དེ་འབདཝ་ད་ ང་བཅས་ཀྱི་ལཱ་ངན་པ་འདི་ལུ་ ག་ཅི་འབད་དགོཔ་སྨོ? ཟེར་ མོ་གིས་དྲི་ནུག།

སའི་ར་ དགའ་འཛུམ་སྟོན་ཞིནམ་ལས་ཁོང་ བཱསི་བཀག་ས་ལྷོད་འདི་ འཐོནམ་ད། འ་ནི་དེ་བམ་ཚན་ དྲག་ཤོས་ཨིན་པས། གཙོ་བོ་ཡེ་ཤུ་འདི་སྡིག་པ་གིས་ འབུལ་བ་འབད་བཤགས་དགོ་འབྱུང་ཞིནམ་ལས་ ལོག་འདི་སྐུ་གསོན་པོ་སྦེ་བཞེངས་ནུག། ག་དེམ་ཅིག་སྦེ་ ང་བཅས་ཀྱི་སྡིག་པ་ཚུ་ ཁས་ལེན་ཏེ་ ཁོ་ལུ་དད་པ་བསྐྱེད་བ་ཅིན་ ཁོ་གི་ལཱ་ལེགས་ཤོམ་ བློས་གཏང་མི་ཚེ་སྲོག་འདི་ ནུས་པ་ཤུགས་ཡོདཔ་ལས་ དེ་གིས་ ང་བཅས་ཀྱི་ལཱ་ངན་ཚུ་ དཔེ་དེབ་ནང་ལས་ ཡལ་གནང་ནི་ཨིན་ཟེར་ ཁོ་གིས་ ང་བཅས་ལུ་ཁས་བླངས་གནང་ཡི། 

ཞལ་ཆད་བཅད་ནི་ཁ་འཐེན་དྲག་ཤོས།

ཁོང་ སྣང་མེད་བཞག་པའི་ཨམ་སྲུ་ཚུའི་ ཞབས་ཏོག་དགོ་པའི་ལྟེ་བ་ནང་ལྷོད་ནུག། ཝིམ་ལ་གིས་སྤྱང་ཀ་ རུ་ཏོ་ཁོག་ཁོ་ཨམ་སྲུ་ཚུ་ ཕྱི་ཁ་ལུ་ དུས་རྒྱུན་གྱི་ལྟོའི་དོན་ལུ་ སྒུག་སྡོད་ས་ལུ་བལྟ་ནུག། མོ་གིས་དབུལ་ཕྱུག་བར་ན་སྐོརམ་གྱི་ཨམ་སྲུ་གཅིག་ ཚ་ངེར་བཏོན་ཏེ་ནང་ན་འགྱོ་ས་མཐོང་ནུག། འ་ནི་ཨམ་སྲུ་གི་མིག་ཏོ་གནགཔོ་འདི་ མིག་ཤེལ་གནགཔོ་གི་གཡིབ་ནི་དཔའ་བཅམ་སར་མཐོང་ནུག། ཝིམ་ལ་གི་དོན་ཧིང་འདི་སྙིང་རྗེ་གི་གང་ནུག། ན་ཟུག་ཕོག་མི་ཨམ་སྲུ་ མོ་ར་རྐྱངམ་གཅིག་མེན་འབད།

སའི་ར་གིས་མཐོང་ནུག། ཁྱོད་ལེགས་ཤོམ་ཡོད་ག? ཡོད། ང་ལེགས་ཤོམ་སྦེ་རང་ཡོད་ཟེར་ཝིམ་ལ་གིས་ལན་སླབ་ནུག དེ་འབདཝ་ད་ ང་གིས་ གཙོ་བོ་ཡེ་ཤུ་འདི་མགྱོགས་པ་བྱོན་སྟེ་ ང་བཅས་ཀྱི་དྲང་དཔོན་འབད་དགོཔ་འདུག་ཟེར་ མནོ་བསམ་གཏང་ནི་འགོ་བཙུགས་དོ། ག་དེམ་ཅིག་སྦེ་ ཁོ་གིས་མི་ངན་པ་ཚུ་ མེདཔ་གཏང་སྟེ་ མི་ལེགས་ཤོམ་ཚུ་ དུས་རྟག་བུ་ར་ ས་གནས་འཇའ་ཆི་ཆི་ནང་འཁྱིད་བ་ཅིན་ ང་གིས་ནམ་ཡང་ གོ་མ་མྱོང་མི་ དྲང་བདེན་དྲག་ཤོས་གཅིག་ཨིན་པས།

ཁྱོད་ར་ གཙོ་བོ་ཡེ་ཤུའི་དཔེ་དེབ་ཀྱི་སྐོར་ལས་ ཁ་སྐོང་ཤེས་དགོ་མནོ་བ་ཅིན་ ང་བཅས་མཉམ་ འ་ནི་ཤོག་ལེབ་ཀྱི་རྒྱབ་ཁ་ཡོད་པའི་ གནས་ཚུལ་ནང་ལུ་ འབྲལ་བ་མཛད་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”
རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།

ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།

གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།

newsletter-cover