
འཛམ་བུ་གླིང་བརླག་པ། ཡ་མཚན་ཆེ་བའི་ལུང་བསྟན།
བཅུད་དོན།
ང་བཅས་ཀྱི་མ་འོངས་པའི་འཛམ་གླིང་འདི་ ཧ་གོ་མ་ཚུགས་མི་ཅིག་མེན། གཙོ་བོ་ཡེ་ཤུའི་གསུང་དེབ་ ནང་ལུ་ མངོན་བཤད་གཟིགས་ཏེ་ཡོདཔ་ཨིན། ཡེ་ཤུ་གིས་ ང་བཅས་ལུ་ མཇུག་བསྡུ་ནི་འདི་སྦོ་ལོགས་ཁར་རན་དོ་ཟེར་ ཤེས་ནི་དོན་ལུ་ དམིགས་བསལ་གྱི་ རྟགས་མཚན་གཅིག་ལུ་བལྟ་ཟེར་ གསུངས་ཏེ་ཡོད། ང་བཅས་ཀྱི་ཁོ་གི་ ཆོས་ལུ་རྗེས་སུ་འཇུག་སྟེ་ ཁོ་ལུ་ཡིད་ཆེས་ བསྐྱེད་པ་ཅིན་ ང་བཅས་ཀྱི་མ་འོངས་པའི་སྐོར་ལས་ གཏན་འཁེལ་འབད་འོང་། འ་ནི་དེབ་ཆུང་འདི་གིས་ ང་བཅས་ལུ་ འཛམ་གླིང་མཇུག་བསྡུ་ནི་དོན་ལུ་ གྲ་སྒྲིག་ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ སླབ་ཨིན།
དབྱེ་བ།
Tract
དཔེ་སྐྲུན་འབད་མི།
Sharing Hope Publications
ཡོད་པའི།
18 སྐད་ཡིག་ཚུ།
ཤོག་ལེབ།
6
ར་མན་དིབ་ཀྱིས་ གནས་རིམ་ལེགས་ཤོམ་གཅིག་འཚོལ་ནི་དོན་ལུ་ གཟུགས་རྒས་རྒསཔ་འདི་ གནས་སོར་འབད་ནུག། ཁོ་གིས་རྐང་ཚིགས་ལག་ཚིགས་འདི་ ད་རེས་ནངས་པ་ མང་སུ་མང་སུ་སྦེ་ ན་ཟུག་རྐྱབ་དོ་ཨིན་པས། དེ་ལས་ཁོ་ བྱཱ་ཞིང་ནང་བྱཱ་ཚུ་ལུ་བལྟཝ་ད་ ཚོས་གཞི་ཚུ་ རབ་རིབ་ཚམ་ཅིག་སྦེ་མཐོང་དོ་ཨིན་པས། ཁོ་གིས་ཁོ་རའི་མནའམ་ བཞེས་སྒོ་གྲ་སྒྲིག་འབད་ས་ གོ་དོ་ཨིན་པས། དེ་ལས་ ཁོ་གི་སེམས་ཁར་ ག་དེམ་ཅིག་སྦེ་ ཁོ་གི་བཟའ་ཚང་ཚུ་གིས་ ཁོ་འདི་དཀའ་བའི་ལཱ་འགན་བཟུམ་མཐོང་མེད་ན་ཟེར་ ཐེ་ཚོམ་ཟ་ནུག། ལོ་ན་རྒས་ནི་འདི་ ཁོ་ར་དང་ གཅེས་སྐྱོང་པ་གཉིས་ཆ་ར་ལུ་ མཇམ་ཏོག་ཏོ་མེན་བས།
ཁོ་གཞོནམ་སྦེ་སྡོདཔ་ད་ ཁོ་རའི་བླམ་གྱིས་ག་ཅིག་གསུངས་ཡི་ག་ མནོ་བསམ་གཏང་སྟེ་ ད་ལྟོ་ཡང་ ཁོ་གིས་ལྷ་ཁང་ནང་ལམ་འགྱོ་ཚུགསཔ་དོ་ཡོདཔ་ཨིན། ཁོ་གིས་བླ་མ་གིས་གསུང་མི་ནང་ འཛམ་གླིང་ནང་ལོ་རིམ་མ་འདྲཝ་བཞི་ཡོདཔ་དང་ དེ་ཚུ་ཡང་ རེ་རེ་བཞིན་དུ་ འགྲོས་ཀྱིས་སྦེ་སྐྱོ་སི་སི་འབད་ཐལ་དོ་ཡོདཔ་ཨིན་པས། མཐའ་འཇུག་གི་དུས་སྐབས་ : ཀ་ལི་ཡོ་ག་ཟེར་མི་འདི་: ག་ར་ལས་ ཉེས་སྤྱོད་ཅན་དང་ དཀའ་སྡུག་ཅན་ དེ་ལས་ མུན་པ་གི་གང་སྟེ་ སྐྱོ་ཤོས་གཅིག་འོང་ནི་ཨིན་པས། ར་མན་དིབ་ བུང་རིངམ་སྦེ་འཐེན་ནུག། ཀ་ལི་ཡོ་ག་འདི་ཡང་ཅིན་ སྔོན་མའི་དུས་བཟུམ་སྦེ་འོང་ནི་ཨིན་མས། དེ་ཡང་ ཧེ་མ་ཚར་གཅིག་ལེགས་ཤོམ་སྡོད་མི་འདི་ ག་ར་མཐའ་མཇུག་ལུ་ མར་ཉམས་འགྱོ་མི་ཅིག་ཨིན་པས། ཁོ་གིས་ མི་འདི་ཚུ་ ས་ཡོམ་དང་ནད་གཞི་ དམར་གསད་ དེ་ལས་ དམག་འཁྲུག་གིས་ ག་དེ་སྦེ་ ཤིཝ་ཨིན་ན་གནས་ཚུལ་ཧ་གོ་ནུག། མ་ཤི་བ་ཡོད་མི་འདི་ཚུ་འདིན་ རྒྱུ་འདོད་ཅན་དང་ སེམས་ཤི་ནི་ དེ་ལས་ ཚུལ་མིན་ཅན་གཅིག་ལུ་ འགྱུར་དོ་ཨིན་པས།
འ་ནི་སྡུག་བསྔལ་ཀྱི་གང་བའི་འཛམ་གླིང་འདི་ ནམ་མཇུག་བསྡུ་འོང་ག་སྨོ? ཁོ་གིས་གཟུགས་རྒས་རྒསཔ་འདི་དང་ ཉམས་འགྱོ་བའི་རྒྱུ་སྐར་འདི་ ལོག་སྐྱེ་འོང་ག་སྨོ?
འཛམ་གླིང་གི་མ་འོངས་པའི་ སྔོན་བཤད་འབད་དོ།
ང་གིས་ཁྱོད་ལྷ་བཟུམ་ སྔོན་བཤད་འབད་མི་ལུ་ ངོ་སྤྲོད་འབད་གེ། ཁོ་གིས་མ་འོངས་པའི་ རྟགས་མཚན་འདི་ང་གི་ ཐེ་ཚོམ་མེད་པར་ ཡིད་ཆས་འབདཝ་ཨིན། ཁོ་འདི་གཙོ་བོ་ ཡེ་ཤུ་མ་ཤི་ཀ་ཨིན། ཁོ་འཛམ་གླིང་ནང་ལུ་ འགྲོ་བ་མི་འབད་འབྱོན་ཏེ་ མི་ན་མི་ཚུ་དྲགཔ་བཟོ་གནང་སྟེ་ མི་ཚུ་ལུ་ག་དེ་སྦེ་ ཞིང་ཁམས་ཀྱི་རྒྱལ་སྲིད་འདི་ནང་ལུ་ འགྱོ་ནི་ཨིན་ནའི་སྐོར་ལས་གསུང་ནུག། སྐྱེ་ལོ་ ༣༣ ལངམ་ད་ ཁོ་གིས་ཁོ་རའི་མི་ཚེ་འདི་ དམར་མཆོད་འཕུལ་ཏེ་ ཡ་མཚན་ཆེ་ཏོག་ཏོ་འབད་ ཁོ་གིས་འཆི་བ་ལས་ལོག་ཡར་ལོང་འབྱོན་ནུག། ཁོ་གིས་ ག་དེམ་ཅིག་སྦེ་ང་བཅས་ཀྱི་ བློ་གཏད་ཐོག་ལས་ ཁོ་གིས་གསུང་་པའི་ཁ་ལུ་ཉན་པ་ཅིན་ ཁོ་གིས་དམར་མཆོད་འབད་མི་འདི་གི་ དགོངས་ཡངས་དང་སྐྱབས་གནས་འབད་ཚུགས་ཟེར་གསུང་ཡི།
གཙོ་བོ་ཡེ་ཤུ་གིས་ འཛམ་གླིང་གི་མ་འོངས་པ་དང་ ད་ལྟོའི་ དུས་ངན་པ་ཚུ་མེདཔ་སྦེ་བཟོ་གནང་ནི་ཟེར་གསུངས་འདི་ཡོད། ཁོ་གི་ གསུངས་རབ་ཀྱི་དཔེ་དེབ་འདི་ ལུང་བསྟན་གྱི་གང་བའི་ དཔེ་དེབ་ཨིན། ང་བཅས་ཀྱིས་ ཁོ་གི་ལུང་བསྟན་དེ་ནང་ འཛམ་གླིང་བརླག་ནི་འདི་ ག་དེ་སྦེ་ སྦོ་ལོགས་ཁར་འོང་དོ་ཨིན་ན་ ཤེས་ནིའི་དོན་ལུ་ དྲན་བཏོན་འབད་དགོ།
འཛམ་གླིང་བརླག་པ།
ཚར་གཅིག་འབདཝ་ད་ གཙོ་བོ་ཡེ་ཤུའི་སློབ་མ་གིས་ ཁྱོད་བྱོནམ་ད་དང་ ལོ་མཇུག་བསྡུཝ་དང་ལུ་ རྟགས་མཚན་ག་ཅི་སྟོན་ནི་སྨོ? ཟེར་འདྲི་ནུག། (གསུང་རབ་ མད་ཐི་ཡས་ ༢༤:༣)། གཙོ་བོ་ཡེ་ཤུ་གིས་གསུངས་མི་ནང་ དུས་མཐའ་མཇུག་བསྡུ་འདི་ མ་ལྷོད་པའི་སྔོན་ལས་ ཁོ་སྦོ་ལོགས་ཁར་འབྱོན་དོ་ཟེར་ ང་བཅས་ཀྱི་ཤེས་ཚུགས་པའི་རྟགས་མཚན་བྱུང་འོང་ཟེར་ཨིན་མས། རྟགས་མཚན་འདི་ཚུ་ཡང་།
༡ སྐྱབས་མཛད་མི་རྫུན་མ། གཙོ་བོ་ཡེ་ཤུ་གིས་གསུང་ནུག། མི་གཞན་གྱིས་ ཁྱོད་ལུ་མགུ་སྐོར་རྐྱབ་མ་བཅུག་ནི་དོན་ལུ་ ཁྱེད་ར་དྲན་པ་བཏོན། ང་ མ་ཤི་ཀ་ཨིན་ ཟེར་ ངེ་གི་མིང་བཏོན་བཞིནམ་ལས་ མི་མང་རབས་ཅིག་ལུ་ མགུ་སྐོར་རྐྱབ་པར་འཐོན་འོང་། (མད་ཐི་ཡས་ ༢༤: ༤-༥)། ང་བཅས་ཚུ་ མི་རྫུན་མ་ཚུ་གིས་ གཙོ་བོ་ཡེ་ཤུ་ཨིན་ཟེར་སླབ་མི་ཚུ་ལུ་ མགུ་སྐོར་རྐྱབ་བཅུག་ནི་མི་འོང་། ཁོ་ངོ་མ་འབྱོནམ་ད་ འཛམ་གླིང་ག་ར་ནང་མཐོང་འོང་ དཔེར་ན་ གློ་འཁྱུག་འདི་ ཤར་ཕྱོགས་ལས་ནུབ་ཕྱོགས་ཚུན་ འོད་ཀེམ་དོ་བཟུམ་ཨིན་པས། (མད་ཐི་ཡས་ ༢༤:༡༢)། དེ་ལས་ འཛམ་གླིང་ག་ར་ ཉེན་ཁ་ཅན་གྱི་ནད་རིམས་ཚབས་ཆེན་ཚུ་གིས་བརྡུང་བའི་སྐབས་ འབྱུང་ནི་ཨིན་པས།
༢ དམག་འཁྲུག་དང་ དམག་འཁྲུག་ཀྱི་འཐོར་གཏམ། གཙོ་བོ་ཡེ་ཤུ་གིས་གསུངས་མི་ན་ དམག་དང་ དམག་གི་འཐོར་གཏམ་ཚུའི་སྐོར་ལས་ ཁྱོད་ཀྱིས་གོ་འོང་། ཁྱོད་དཀའ་སྡུག་ཅན་མ་འབྱུང། ཨིན་རུང་ འདི་ཚུ་ག་ར་ ངེས་པར་དུ་རྫོགས་འགྱོ་བའི་དུས་ལུ་ལྷོད་དགོ། དེ་འབདཝ་ད་ མཐའ་མ་དེ་མཇུག་མི་བསྡུ། རྒྱལ་ཁབ་ཀྱི་དོན་ལུ་རྒྱལ་ཁབ་དང་ རྒྱལ་ཁམས་ཀྱིས་རྒྱལ་ཁམས་ལུ་ངོ་ལོག་རྐྱབ་ནི་ཡར་འཕར་འགྱོ་འོང་། (མད་ཐི་ཡས ༢༤:༦-༧)། ང་བཅས་ དུས་མཐའ་མཇུག་ལུ་ལྷོད་རནམ་ད་ འཕྲལ་འཕྲལ་ར་དམག་འཁྲུག་ལོང་བཞིནམ་ལས་ མང་སུ་མང་སུ་སོང་སྟེ་ ཚབས་ཆེན་བྱུང་ནི་ཨིན་པས།
༣ མུ་གེ་ ས་ཡོམ་ དང་ནད་ཡམས། ཁོ་གིས་གསུངས་མི་ རྟགས་མཚན་གསུམ་པ་འདི་ ས་གནས་ཁག་ཚུ་ནང་ལས་ཕར་ མུ་གེ་ ས་ཡོམ་ དང་ནད་ཡམས་ཚུ་ འབྱུང་འོང་ཟེར་ཨིན་པས། འདི་ཚུ་ག་ར་ སྡུག་བསྔལ་འབྱུང་ནི་འགོ་བཙུགས་བཙུགས་ཨིན་པས། (མད་ཐི་ཡས ༢༤:༧-༨)། དུས་རབས་འདི་འགོ་ཙུགས་ཞིནམ་ལས་ མི་ས་ཡ་༢༠ ལྷག་ཙམ་ཅིག་ མུ་གེ་ གི་དཀའ་སྡུག་ཕོག་སྟེ་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༡༥་ནང་ལུ་ ནེ་པཱལ་རྒྱལ་ཁབ་ནང་ལུ་ ས་ཡོམ་གི་མི་ ༨༠༠༠ གསད་མི་འདི་ བྱུང་རབ་ནང་ལུ་འཇིག་སྣང་ཅན་གཅིག་སྦེ་ཚུད་ཡོདཔ་ཨིན་པས། ནད་གཞི་འདི་གིས་ མིའི་ཚེ་སྲོག་གྱངས་ཁ་མ་ཆོདཔ་ཅིག་ལུ་ཤི་རྐྱེན་འབྱུང་ནུག། ང་བཅས་ཚུ་ གཙོ་བོ་ཡེ་ཤུ་གི་ལུང་བསྟན་གནང་མི་འདི་་ ངེས་པར་དུ་མཐོང་ཚུགས་པས།
༤ ཚུལ་ཁྲིམས་ཉམས་ནི། གཙོ་བོ་ཡེ་ཤུ་གིས་གསུངས་ནུག།་ ཁྲིམས་མེད་མི་ལེ་ཤཱ་འབྱུང་སྟེ་ མི་མང་རབ་གཅིག་ལུ་བྱམས་སེམས་མ་ཉམས་བཅུག་འོང་། (མད་ཐི་ཡས་ ༢༤:༡༢)། ཉིམ་རེ་ཞིན་ རྒྱ་གར་རྒྱལ་ཁབ་ནང་ ཚོད་དཔག་པ་ཅིན་དཔྱ་སྙོམས་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ ༩༡ དང་དམར་གསད་འབད་མི་ ༧༩ དེམ་ཅིག་འབྱུང་དོ་ཨིན་པས། མི་འདི་ཚུ་ རང་དོན་རྐྱངམ་གཅིག་གཙོ་བོ་བཏོན་ཏེ་ ཁོ་རའི་ལཱ་འདི་གི་ གཞན་མི་ལུ་ གདོན་པ་བཀལ་དོ་འོང་ཟེར་བའི་ཚ་གྱང་མིན་འདུག།
གཙོ་བོ་ཡེ་ཤུ་གི་ འ་ནི་རྟགས་མཚན་ག་ར་ཧེ་མ་ལས་ མངོན་ཤེས་གཟིགས་སྟེ་ འ་ནི་འདི་ཁོ་གཟི་བརྗིད་ཆེ་བའི་ས་སྨུག་ལས་ འབྱོན་ནིའི་སྔོན་བྱུང་ཨིན་པས། ང་བཅས་ཀྱི་འ་ནི་རྟགས་མཚན་ཚུ་འབྱུང་ས་མཐོངམ་ད་ ཁོ་གི་མངོན་ཤེས་འདི་ ངོ་མ་ཨིནམ་དང་ ཁོ་བྱོན་ནི་འདི་རནམ་མས་ཟེར་ཤེས་ཚུགས།
གཙོ་བོ་ཡེ་ཤུའི་ ལོག་བྱོན་ནིའི་དོན་ལུ་ གྲ་སྒྲིག་འབད་དགོཔ།
སེར་སྣ་ཅན་ ང་རྒྱལ་ སྤྱོད་ངན་འབད་ སྡོད་མི་ མི་ཚུ་འདི་ གཙོ་བོ་ཡེ་ཤུ་བྱོནམ་ད་ སེམས་མི་དགའ། དོན་ངོ་མ་ལུ་ ཁོ་ས་སྨུག་ནང་འབྱོནམ་ད་ལུ་ ཁོང་གི་ལཱ་ངན་ག་ར་ ཁོང་རང་ལུ་ཕོག་ཞིནམ་ལས་ བརླག་པའི་དུས་སྐབས་བྱུང་འོང་། ཁོང་འདི་ཚུ་གིས་ ཡེ་ཤུ་ལས་གཡིབ་ནི་དཔའ་བཅམ་ཏེ་ རྡོ་དང་གངས་རི་ཚུ་ལུ་སྐད་རྐྱབ་འོང་། ང་བཅས་ལུ་སྐྱབས་མཛད་གནང་སྟེ་ གསེར་ཁྲི་གུ་བཞུགས་མིའི་ལས་གཡིབ་བཞག་གནང་། (གསུང་རབ་ མ་འོངས་ལུང་བསྟན་ ༦:༡༦)།
དེ་འབད་ད་ གཙོ་བོ་ཡེ་ཤུའི་དམར་མཆོད་ལུ་ ཡིད་ཆེས་མི་ཚུ་འདི་ ཉིནམ་དེ་ནང་ ཡུདཔ་ཐེངས་ཅིག་ནང་འགྱུར་བ་འགྱོ་སྟེ་ འཆི་ནི་མེད་པའི་ གཟུགས་གསརཔ་གནང་འོང་། ཁོང་དེ་ཚུ་ ས་སྨུག་ནང་ལྡིང་ཞིནམ་ལས་ མར་ཉམས་འགྱུར་བའི་ འཛམ་གླིང་ལས་ གཏན་རྐྱང་གི་དོན་ལུ་ཐར་འོང་། ག་དེམ་ཅིག་སྦེ་ཁྱོད་ར་ཡང་ དུས་གཏན་རྐྱང་ སྡུག་བསྔལ་མེད་པའི་མི་ངོམ་གཅིག་འབད་ནི་ བློ་འདོད་ཡོད་པ་ཅིན་ ད་རེས་ ཁྱོད་ཀྱིས་ འ་ནི་སྨོན་ལམ་འཇམ་ཏོང་ཏོ་ བཏབ་གནང་།
བྱམས་བརྩེ་ཆེ་བའི་ དཀོན་མཆོག་ ང་གིས་ གཙོ་བོ་ཡེ་ཤུ་འདི་ མགྱོགས་པ་རང་ལོག་འབྱོན་དོ་ཟེར་ཡིད་ཆེས་སྐྱེད་དོ། ང་ཡང་ ཞིང་ཁམས་ནང་འགྱོ་མི་ཚུའི་གྱལ་ཁ་ཚུད་ནི་དོན་ལུ་ སྐུ་ཆེ་འབད་གེ་ ང་ལུ་ གཙོ་བོ་ཡེ་ཤུ་ག་དེ་སྦེ་ ངོ་ཤེས་ནི་ཨིན་ན་དང་ བློ་གཏད་ནི་ཨིན་ན་ སྟོན་ཏེ་བཀའ་དྲིན་བསྐྱང་གནང་། ཨ་མེན།
ག་དེམ་ཅིག་སྦེ་ཁྱོད་ར་ གཙོ་བོ་་ཡེ་ཤུའི་ མ་འོངས་པའི་ལུང་བསྟན་སྐོར་ལས་ ལྷབ་དགོ་མནོ་བ་ཅིན་ ང་བཅས་མཉམ་ ཤོག་ལེབ་རྒྱབ་ལུ་བཀོད་ཡོད་པའི་ གནས་ཚུལ་ནང་ལུ་འབྲེལ་བ་འཐབ་གནང་།
Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།
ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།
གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།
