
གདོན་འདྲེ་ལས་སྐྱོབ་པ།
སྙིང་བསྡུས།
གདོན་འདྲེ་ནི་དངོས་གནས་རེད།. དེ་ནི་ཧ་ཅང་འཇིགས་སྐྲག་ཆེན་པོ་ཞིག་ཡོད། མི་འགའ་ཤས་ཀྱིས་སེམས་ཉིད་ངན་པ་ལ་དབང་དུ་བསྡུས་ཐུབ་ཀྱི་ཡོད་པ་བཤད་ཀྱི་ཡོད། འོན་ཀྱང་ཁོ་ཚོས་ང་ཚོར་རོགས་འདེགས་མ་བྱེད་སྔོན་དུ་གླ་རིན་སློང་གི་ཡོད། སྐྱབས་མགོན་ཡེ་ཤུ་ལ་གདོན་འདྲེ་རྣམས་འཆིང་རྒྱུ་དང་མཐར་སྐྲོད་གཏོང་རྒྱུ་དབང་ནུས་ལྡན་ཡོད། ཡིན་ནའང་གཙོ་བོ་ཁོང་གིས་ནམ་ཡང་གླ་རིན་སྐོར་གསུང་གི་མེད། སྐྱབས་མགོན་ཁོང་གིས་རྟག་ཏུ་མི་རྣམས་ལ་ཐོགས་པ་མེད་པར་ཕྱག་རོགས་གནང་གི་ཡོད། གང་ཡིན་ཟེར་ན། སྐྱབས་མགོན་ཁོང་ནི་བྱམས་སྙིང་རྗེ་ཆེན་པོ་ཡོད་པ་དང་། ཁོང་ཡང་གདོན་འདྲེ་ངན་པས་ང་ཚོར་གནོད་འཚེ་གཏོང་བར་གཟིགས་འདོད་མེད། དེབ་ཆུང་འདི་ཡིས་ང་ཚོར་སེམས་ཉིད་ངན་པའི་བྱུང་ཁུངས་དང་།གདོན་འདྲེ་དེ་དག་ལས་མཐར་གྲོལ་ཐོབ་ཕྱིར་སྐྱབས་མགོན་ཡེ་ཤུ་ལ་གསོལ་འདེབས་ཇི་ལྟར་ཞུ་དགོས་པའི་སྐོར་ལ་བསྟན་གྱི་ཡོད།
དཔེ་མཚོན།
Tract
པར་བསྐྲུན་གནང་མཁན།
Sharing Hope Publications
མཁོ་སྒྲུབ་བྱེད་ཐུབ།
15 སྐད་ཡིག
ཤོག་ངོས།
6
ལྷོ་ཤར་ཨེ་ཤི་ཡའི་ནང་ཉི་མ་ཤར་བའི་ཞོགས་པ་ཞིག་ལ། ང་རང་ཁྲོམ་རར་འགྲོ་སྐབས་ངའི་ཁྱིམ་མཚེས་དེ་ཁོ་མོའི་ཁང་པའི་ནང་ནས་ཕྱིར་ཐོན་ཏེ་ངའི་ཕྱོགས་སུ་ཐད་ཀར་རྒྱུག་ནས་སྐད་ཆེན་པོ་རྒྱག་བཞིན་ལག་ཏུ་ཡོད་པའི་གྲི་ཆེན་པོ་གཉིས་གཡུག་གཡུག་བྱས་སོང་། མོ་རང་གི་མིག་ཟུང་འཇིགས་སྣང་གིས་འོད་འཕྲོས་པ་དང་ངས་མུན་ནག་དང་ངན་པའི་གནས་བབ་ཅིག་ཚོར་བྱུང་། ང་རང་ཡེ་ཤུ་པ་ཞིག་ཡིན་པའི་རྐྱེན་གྱིས་ངས་ཞི་འཇམ་ངང་ཉེན་སྲུང་ཐོབ་པའི་ཆེད་དུ་སྨོན་ལམ་རྒྱག་འགོ་ཚུགས་པ་ཡིན། ངས་སྨོན་ལམ་འདེབས་སྐབས་གདོན་འདྲེ་དེ་དབང་དུ་བསྡུས་ཞིང་ངའི་གྲོགས་པོ་དེ་ལྷོད་ཡངས་ཆགས་སོང་། དེ་ནས་མོ་རང་གིས་བདག་ལ་གྲི་གཉིས་དེ་མོའི་ལག་ནས་ཚུར་བླངས་འཇུག་སོང་།
སྐྱབས་མགོན་ཡེ་ཤུའི་སྟོབས་ཤུགས།
མི་སྟོང་ཕྲག་མང་པོས་སྐྱབས་མགོན་ཡེ་ཤུའི་སྟོབས་ཤུགས་མྱངས་ཡོད། ཁོང་ཚོར་གདོན་འདྲེ་ངན་པ་ལས་གྲོལ་བ་དང་ནད་རིགས་ལས་ཐར་བ། དམོད་པ་ལས་སྲུང་སྐྱོབ་ཐོབ་པ། ལུས་པོའི་ཉེན་ཁ་ལས་སྲུང་བ་བཅས་བྱུང་ཡོད། འོན་ཀྱང་སྐྱབས་མགོན་ཡེ་ཤུ་ནི་སུ་ཡིན་ནམ། སྐྱབས་མགོན་ཁོང་གི་སྟོབས་ཤུགས་ཀྱི་རང་བཞིན་གང་དག་ཡིན་ནམ། ཡེ་ཤུ་པའི་དམ་པའི་གསུང་རབ་བཱཡི་བཱལ་ནང་དུ་སྐྱབས་མགོན་ཡེ་ཤུའི་རྣམ་ཐར་བསྟན་ཡོད། འདི་ནི་སྐྱབས་མགོན་ཁོང་གི་གདོན་འདྲེ་ལ་དབང་དུ་བསྡུས་བའི་སྐོར་གྱི་ལོ་རྒྱུས་གཅིག་ཡིན།
ཉིན་ཞིག་ཨ་ཕ་ཞིག་གིས་རང་གི་བུ་སྐྱབས་མགོན་ཡེ་ཤུ་དྲུང་དུ་འཁྲིད། ཁོས་འདི་ལྟར་སྨྲས་སྟེ། སློབ་དཔོན་ལགས། བདག་གིས་ཁྱེད་ལ་གསོལ་བ་འདེབས་ཀྱི་ཡོད། ངའི་བུ་ལ་གཟིགས་རོགས། ཁོ་ནི་ངའི་ཕྲུ་གུ་གཅིག་པུ་དེ་ཡིན། གདོན་འདྲེ་ངན་པས་ཁོ་ལ་འཛིན་པ་བརྟེན་ཁོས་གློ་བུར་དུ་ངུ་འབོད་བྱས་ཞིང་ཁོ་ལ་ཤུགས་ཀྱིས་དཀྲུག་བ་དང་ཁོའི་ཁ་ལ་རླངས་པས་བསྐང་བ་བཟོ་། ཁོ་ལ་དཀའ་ངལ་ཆེན་པོ་བཟོ་སྟེ་རྨས་སྐྱོན་བཏང་ཡོད། . . . ཁོ་རང་མེ་དང་ཆུ་ནང་དུ་ཡང་ཡང་ལྷུངས་ཡོད། སྐྱབས་མགོན་ཡེ་ཤུ་ཡིས་བུ་དེ་ལ་ཤོག་ཅེས་གསུངས་ནའང་གདོན་འདྲེ་དེས་བུ་དེ་ས་ལ་འཕངས་ནས་འདར་རུ་བཅུག་ཡོད།
ཡེ་ཤུས་ཕ་བུ་དེའི་དབུས་སེམས་སྐྱིད་མེད་བྱུང་སོང་། ཁོང་གིས་འདི་སྐད་དུ། གལ་སྲིད་ཁྱེད་ཚོས་དད་པ་བྱེད་ཐུབ་ན། དད་པ་བྱེད་མཁན་གྱི་དོན་དག་ཐམས་ཅད་འགྲུབ་པར་གྱུར་ཞེས་གསུངས།
ཕྲུ་གུའི་ཨ་ཕས་གདུང་བ་ཞུས་སྟེ། བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད། ངའི་དད་པ་མེད་པའི་སེམས་སྐྱོབ་རོགས་ཅེས་སོ།
སྐྱབས་མགོན་ཡེ་ཤུ་ཡིས་གདོན་འདྲེ་དེར། ཁོའི་ལུས་པོ་ཕྱིར་བུད་ཅིག ཕྱིན་ཆད་བུ་དེའི་ལུས་ལ་ཕྱིར་མ་ལོག་ཅིག དེ་ནས་གདོན་འདྲེ་འུར་བརྒྱབ་ཅིང་བུ་འདར་བཅུག་ནས་ཕྱིར་ཐོན ་ཞེས་བཀའ་བཀྱོན་གནང་། (ལོ་ཀུ་ ༩: ༣༧-༤༢། མར་ཀུ་ ༩: ༡༧-༢༧)
ཕ་མ་འདི་ལྟ་བུ་སེམས་ཁྲལ་བྱེད་མཁན་མི་མང་པོ་ཞིག་ཡོད། རྒྱུ་མཚན་ནི་གདོན་འདྲེ་དེ་ཡིས་ཁོང་ཚོའི་ནང་མི་ཚོར་གནོད་སྐྱོན་གཏོང་གི་ཡོད། ཁ་ཤས་གཉིད་ཁུག་མི་ཐུབ། འགའ་ཞིག་ན་བ་དང་། འགའ་ཞིག་གིས་སྐད་གདངས་ཡ་མཚན་ཞིག་ཐོས་ཀྱི་ཡོད། ཁ་ཤས་ལ་མི་ལས་ལྷག་པའི་སྟོབས་ཤུགས་ཡོད་པས་གྲོང་གསེབ་ཧྲིལ་པོ་འཇིགས་སྣང་སྐྱེད་པ་བཟོ་ཀྱི་ཡོད། འོན་ཀྱང་ཁོང་ཚོ་ཚང་མར་ངེས་པར་དུ་རོགས་འདེགས་དགོས་འདུག
འདི་ནི་འཕྲིན་བཟང་ཡིན། ཁྱེད་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་སྨོན་ལམ་བཏབ་ནས་གདོན་འདྲེ་ལས་སྲུང་སྐྱོབ་ཐོབ་རྒྱུ་གསོལ་འདེབས་ཞུས་ཐུབ་ཀྱི་ཡོད།
རིན་དོད་མི་དགོས་པའི་རོགས་འདེགས།
སེམས་ཁམས་དྲག་གསོ་གནང་མཁན་དང་ཆོས་གསོ་བ་མང་པོས་དཀའ་ངལ་འདི་དག་ལ་རོགས་འདེགས་མ་བྱེད་གོང་དུ་དངུལ་འབོར་ཆེན་པོ་བླངས་ཀྱི་ཡོད།
འདི་ནི་དམ་པའི་འཕྲིན་བཟང་ཡིན། སྐྱབས་མགོན་ཡེ་ཤུ་ཡིས་རིན་མེད་ཐོག་ཕྱག་རོགས་གནང་གི་ཡོད།
གོང་གི་གསུང་རབ་ཀྱི་ལོ་རྒྱུས་ནང་དུ། སྐྱབས་མགོན་ཡེ་ཤུ་ཡིས་སྡུག་བསྔལ་མྱོང་བཞིན་པའི་ཁྱིམ་ཚང་ནས་དངུལ་དགོས་འདོད་གནང་མེད། སྐྱབས་མགོན་ཁོང་གིས་ཁོ་ཚོར་ཁོང་ལ་ཡིད་ཆེས་གཅིག་པུ་བྱེད་བཅུག་རྒྱུ་ཐུགས་འདོད་གནང་ཡོད། ཕ་མ་ཡག་པོ་ཚོས་ཕྲུ་གུ་ལ་ལྟ་རྟོག་བྱེད་འདོད་ཡོད་པ་ལྟར། སྐྱབས་མགོན་ཡེ་ཤུ་ཡིས་འགྲོ་བ་མི་རྣམས་ལ་བྱམས་པ་གནང་ཞིང་ ཁོང་ཚོའི་དཀའ་ངལ་སེལ་འདོད་གནང་ཡོད།
དམ་པའི་གསུང་རབ་ཀྱིས་སྐྱབས་མགོན་ཡེ་ཤུ་ནི་འཇིག་རྟེན་བཀོད་པ་པོ་ཡིན་པ་སློབ་སྟོན་གནང་ཡོད། ཁོ་འཇིག་རྟེན་དུ་ཐོན་པ་ནི་འཛམ་གླིང་གི་སྐྱེ་བོ་རྣམས་ཀྱིས་ཡང་བསྐྱར་ཁོ་ལ་ཡིད་ཆེས་བྱེད་དུ་འཇུག་པའི་ཆེད་དུ་ཡིན། འཇིག་རྟེན་བཀོད་པ་པོ་ཡིན་པའི་ཆ་ནས་ཁོང་ལ་འཇིག་རྟེན་འདི་ངན་པ་དང་སྡུག་བསྔལ་དང་འཆི་བ་ལས་སྐྱོབ་ཐུབ་པའི་ནུས་སྟོབས་ལྡན་ཡོད། ཇི་ལྟར།
ཡེ་ཤུའི་གསུང་རབ་ཀྱིས་འཇིག་རྟེན་འདི་ལ་ངན་པ་དང་སྡུག་བསྔལ་དང་འཆི་བ་མེད་པར་གྱུར་བའི་དུས་སྐབས་ཤིག་ཡོད་ཅེས་གསུངས་ཡོད། ཡོད་ཚད་ཐམས་ཅད་ཡང་དག་པར་ཞི་མཐུན་དུ་གནས་ཡོད་པ་རེད། ཡིན་ནའང་གཙོ་བོ་དཀོན་མཆོག་གིས་བསྐྲུན་པའི་ཕོ་ཉ་གཅིག་གིས་གྱེན་ལོག་བྱེད་འགོ་ཚུགས་སྐབས་དེ་ཚོ་ཚང་མ་འགྱུར་བ་ཕྱིན་ཡོད། ཕོ་ཉ་དེ་ཡིས་བཀོད་པ་པོ་དཀོན་མཆོག་ལ་ཕྲག་དོག་བྱས། ཁོས་ཕོ་ཉ་གཞན་ཚོའི་ཁྲོད་དུ་རྫུན་གཏམ་ཁྱབ་སྤེལ་བྱས་སྟེ། ཁོང་ཚོའི་གསུམ་ཆ་གཅིག་བསྡུ་རུབ་བྱས། ཁོང་ཚོས་མཉམ་དུ་གཙོ་བོ་དཀོན་མཆོག་ནི་དབང་ཆ་ལ་ལྟོགས་ཤིང་རང་ཤེད་ཅན་ཡིན་པའི་སྐྱོན་བརྗོད་བྱས།
བཀོད་པ་པོ་དཀོན་མཆོག་ལ་གདམ་ག་བྱེད་དཀའ་བ་ཞིག་ཆགས་ཡོད། གལ་ཏེ་གཙོ་བོ་ཁོང་གིས་ཁོང་ཚོར་བཀག་འགོག་བྱེད་རྒྱུ་བཙན་སྐུལ་གཏོང་བའམ། ཡང་ན་ཁོང་ཚོར་གཏོར་བརླག་གཏོང་བ་ཡིན་ན། ཕོ་ཉ་གཞན་པ་དང་འཇིག་རྟེན་གཞན་ཚོས་སྐྱོན་བརྗོད་རྫུན་མ་དེ་ཚོ་བདེན་པ་ཡིན་པར་བསམ་ཐུབ། གདམ་ག་གཞན་ཞིག་ནི་གྱེན་ལོག་པའི་ཕོ་ཉ་ཚོའི་མི་ཚེ་རྒྱུན་འཁྱོངས་བྱེད་རྒྱུ་དེ་རེད། དེ་ནི་ཁོང་ཚོའི་ངན་སེམས་དེ་ཁོང་ཚོའི་སྐྱོན་བརྗོད་ལ་འགོག་པའི་དཔང་རྟགས་གྱུར་བའི་དོན་དུ་རེད། དེ་ནས་དུས་ཚོད་དང་བསྟུན་ནས་འཇིག་རྟེན་བཀོད་པ་པོས་གྱེན་ལོག་དེ་མཇུག་བསྒྲིལ་རྒྱུ་རེད།
གྱེན་ལོག་འགོ་ཚུགས་རྗེས་སུ། ང་ཚོའི་ཕ་མ་དང་པོ་ཚོས་དཀོན་མཆོག་གི་ཉེན་བརྡ་ལ་མ་ཉན་པར་ཕོ་ཉ་ངན་པ་ཚོས་འཛམ་གླིང་འདི་བདག་དབང་བྱེད་དུ་འཇུག་པ་རེད། ཕོ་ཉ་དེ་རྣམས་ཀྱིས་ད་ལྟར་འགྲོ་བ་མིའི་རིགས་ལ་བསླུ་བྲིད་དང་གནོད་འཚེ་གཏོང་ཡོད། ཡིན་ནའང་བཀོད་པ་པོ་ལ་ད་དུང་ཡང་ཕོ་ཉ་ངན་པ་འདི་དག་ལས་སྟོབས་ཤུགས་ཆེ་བ་ཡོད་པ་དང་། ང་ཚོས་གཙོ་བོ་ཁོང་ལ་གསོལ་འདེབས་ཞུས་སྐབས་ཁོང་གིས་ཐུགས་མཉེས་པོ་ངང་ཕྱག་རོགས་གནང་གི་རེད།
རང་གི་བདེ་འཇགས་ཀྱི་གནས་སུ་ཕེབས་ཤོག
ང་ལ་རྒོལ་རྡུང་གཏོང་རྩིས་བྱེད་མཁན་གྱི་ཁྱིམ་མཚེས་དེ་དྲན་གྱི་འདུག་གམ། མོ་རང་གིས་གྲི་དེ་ཚོ་གློད་རྗེས། འཇིགས་སྣང་སྐྱེད་པའི་སྐད་ཆ་ཞིག་ཁོ་མོའི་བརྒྱུད་ནས་བཤད་དེ། དེ་ནི་ཁོ་མོའི་འདས་གྲོངས་སུ་གྱུར་བའི་ཨ་མའི་རྣམ་ཤེས་ཡིན་ཞེས་བརྗོད་ཡོད། ཕོ་ཉ་ངན་པས་ཟས་ཀྱི་མཆོད་འབུལ་དགོས་པའི་རེ་བ་བཏོན། བདག་གིས་ང་རང་མཉམ་དུ་ཡོད་པའི་མི་གཞན་དག་དང་མཉམ་དུ་སྨོན་ལམ་བཏབ་ནས་དཀོན་མཆོག་ལ་གདོན་འདྲེ་འདི་མེད་པར་བཟོ་དགོས་པའི་གསོལ་འདེབས་ཞུས་ཡོད། མཐར་གདོན་འདྲེ་དེ་མོ་དང་བྲལ་ནས་ངའི་ཁྱིམ་མཚེས་དེ་མོའི་སེམས་ཁམས་དངོས་ཡོད་དེར་ལོག་ཡོད།
མོ་རང་གིས་དེར་སྐད་ཤུགས་ཆེན་པོ་ངང་སླར་ཡང་དེ་ལྟར་འབྱུང་འདོད་མེད་ཞེས་བཤད། མོ་རང་གིས་བཟང་ངན་བར་གྱི་མཐོང་མི་ཐུབ་པའི་འཁྲུག་རྩོད་དེ་མྱོང་ཡོད་པར་བརྟེན་མུན་ནག་གི་ཕྱོགས་ནས་སྲུང་སྐྱོབ་བྱེད་ཐབས་རྣམས་ཤེས་འདོད་བྱུང་ཡོད། དེ་བས་ངས་མོ་ལ་ཡེ་ཤུ་དང་དམ་པའི་གསུང་རབ་ངོ་སྤྲོད་བྱས། མོ་རང་གིས་སྔོན་ཆད་རང་ཉིད་ལ་གནོད་སྐྱོན་བཏང་མཁན་རྣམས་ལ་བཟུང་བའི་ཁོང་ཁྲོ་དང་འཁོན་འཛིན་བཅས་སྤོང་རྒྱུ་རོགས་འདེགས་ཐོབ་ཕྱིར་སྐྱབས་མགོན་ཡེ་ཤུ་ལ་སྨོན་ལམ་བཏབ་ཡོད། མོ་རང་གིས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་མོ་ལ་གདོན་འདྲེ་ལས་སྐྱོབ་རྒྱུ་དང་སེམས་རྒྱུད་བཟང་པོ་སྩལ་བའི་དོན་དུ་གཙོ་བོ་ཁོང་ལ་སྨོན་ལམ་འདེབས་ཡོད། མོ་རང་གིས་འདི་ལྟར་བྱས་པ་དང་། གདོན་འདྲེ་དེ་ཚོས་མོ་ལ་གནོད་འཚེ་གཏོང་རྒྱུ་ནམ་ཡང་ཕྱིར་ལོག་མེད།
ཁྱེད་རང་ཡེ་ཤུའི་སྲུང་སྐྱོབ་ཀྱི་སྟོབས་ཤུགས་མྱོང་འདོད་ཡོད་དམ། ཁྱེད་ཀྱིས་སྨོན་ལམ་འདི་ལྟར་འདེབས་ཐུབ་ཀྱི་རེད།
བྱམས་བརྩེ་ལྡན་པའི་དཀོན་མཆོག་ལགས། བདག་ལ་ཁྱེད་ཀྱི་ཕྱག་རོགས་དགོས་ཡོད། ངའི་མི་ཚེའི་ནང་གི་གདོན་འདྲེ་ངན་པ་གང་རུང་ཕྱིར་གཏོང་གནང་རོགས། བདག་ལ་སེམས་ཉིད་གསར་པ་ཞིག་གནང་བ་དང་། དམ་པའི་ཕོ་ཉ་བཏང་ནས་བདག་ལ་སྲུང་སྐྱོབ་གནང་རོགས། བདག་གིས་སྐྱབས་མགོན་ཡེ་ཤུའི་མཚན་གྱི་ཐོག་ནས་གསོལ་འདེབས་ཞུས་ཡོད། ཨ་མེན།
གལ་ཏེ་ཁྱེད་རང་གིས་སོ་སོ་རང་ཉིད་དང་རང་ཉིད་ལ་དགའ་བ་བྱེད་མཁན་རྣམས་གདོན་འདྲེ་ལས་ཐར་གྲོལ་ཐོབ་པའི་དོན་དུ་སྐྱབས་མགོན་ཡེ་ཤུ་ལ་ཕྱག་རོགས་གནང་བཅུག་རྒྱུ་འདུན་པ་ཡོད་ན། ཡིག་ཆ་འདིའི་རྒྱབ་ཕྱོགས་ཀྱི་བརྡ་ལན་འབྲེལ་བ་གནང་རོགས།
Copyright © 2023 by Sharing Hope Publications. བརྩམས་ཆོས་འདི་ཆོག་མཆན་མེད་པར་ཚོང་ལས་མ་གསུང་རབ་ཀྱི་ཚིགས་སུ་བཅད་པ་དེ་དག་ནི་དབྱིན་ཡིག་གི་གསར་རྒྱལ་པོ་ཇེམས་ཀྱི་བསྟན་བཅོས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། ཕྱི་ལོ་༡༩༨༢ ལོར་ཐོ་མཱས་ནེལ་སོན་གྱིས་དབང་ཚད་བཟུང་བ་ཡིན། བཀའ་འཁྲོལ་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱས་ཡོད། ཐོབ་ཐང་ཡོད་ཚད་བདག་ཉར་བྱས་ཡོད།
ང་ཚོའི་གསར་འགྱུར་ཡིག་ཆ་ལ་མིང་ཐོ་བཀོད་རོགས།
དཔེ་སྐྲུན་གསར་པ་ཐོན་སྐབས་ཐོག་མར་ཤེས་དགོས།

དཔེ་སྐྲུན་གྱི་དམིགས་བསལ་བརྗོད་བྱ།
© 2024 Sharing Hope Publications