སྡུག་བསྔལ་ཤེས་སུ་འཇུག་པ།

སྡུག་བསྔལ་ཤེས་སུ་འཇུག་པ།

སྙིང་བསྡུས།

དེང་སང་མི་མང་པོ་ཞིག་མནར་གཅོད་དང་བརྙས་བཅོས་འོག་ཏུ་མྱངས་ཀྱི་ཡོད། སྐྱབས་མགོན་ཡེ་ཤུ་ཡིས་དཀའ་སྡུག་གི་འཚོ་བ་དྲག་པོ་མྱངས་ཡོད། སྐྱབས་མགོན་གྱིས་གཞན་ལ་ཕྱག་རོགས་གནང་ནས་དྲག་གསོ་གནང་བ་དང་། ལམ་བཟང་པོ་བསྟན་གནང་ཡོད། མི་འགའ་ཤས་ཀྱིས་སྐྱབས་མགོན་ཁོང་ལ་སྡང་འཛིན་བསྐྱེད་དེ་བཀྲོངས་བར་བྱས་ཡོད། འོན་ཀྱང་། ཉིན་གསུམ་གྱི་རྗེས་སུ། སྐྱབས་མགོན་ཁོང་ཉིད་སླར་གསོན་ཏེ། ཞིང་ཁམས་སུ་ཡབ་ཆེན་དྲུང་དུ་ཕྱིར་ལོག་པར་མཛད། དེབ་ཆུང་འདི་ཡིས་སྐྱབས་མགོན་ཡེ་ཤུའི་སྐུ་ཚེ་དང་དཀའ་སྡུག་མྱངས་རབས། དེ་བཞིན་ང་ཚོའི་སེམས་ཕམ་བྱུང་བའི་སེམས་ཉིད་ལ་དྲག་གསོ་གནང་རྒྱུ་ཁོང་ཉིད་ཀྱི་ཞལ་བཞེས་གནང་བ་བཅས་འགྲེལ་བརྗོད་མདོར་བསྡུས་བྱས་ཡོད།

ཕབ་ལེན།

བུ་མོ་གཞན་ཞིག་བྱུང་སྟེ། མི་དེ་སུན་པོ་ཆགས་། ཁོ་དང་ཁོའི་བཟའ་ཟླ་གཉིས་ལ་སྔོན་ནས་བུ་མོ་གཉིས་ཡོད། ང་ཚོར་བུ་གཅིག་དགོས་པ་ལས་བུ་མོ་གཞན་ཞིག་མིན ཁོས་བུ་མོ་ཆའེ་ལའེ་དེ་ཁོའི་སྤུན་མཆེད་ཚོའི་འགྲམ་དུ་བཏང་བ་རེད། འོན་ཀྱང་ཁོ་ཚོའི་ཁྱིམ་གྱི་འཚོ་བ་ནི་ཆའེ་ལའེ་ལ་རྨི་ལམ་ངན་པ་ལྟ་བུ་ཆགས་ཡོད། མོ་རང་ལ་ལྟ་ལྟོགས་བྱེད་མཁན་ཕ་མ་གྱིས་སྐད་ཆེན་པོ་ངང་། ཁྱེད་རང་སློབ་གྲྭར་འགྲོ་ཡས་བསམ་པ་འདི་ནི་ཧ་ཅང་གླེན་པ་རེད་ཅེས་བཤད། ཁོ་ཚོས་མོ་ལ་དེའི་ཚབ་ཏུ་བྲན་གཡོག་ལྟར་ལས་ཀ་བསྐུལ་བ་རེད། རྒྱུན་དུ་བརྙས་བཅོས་དང་སྡུག་བསྔལ་མྱོང་བཞིན་པའི་ཆའེ་ལའེ་ཡིས་ངོ་ཚ་དང་ཁོང་ཁྲོའི་སྤྲིན་ནག་འོག་ཏུ་སྡུག་བསྔལ་མྱོང་ཡོད། མོ་རང་་ལ་དགའ་པོ་བྱེད་མཁན་སུ་གང་ཡང་མེད།

ཁྱེད་རང་གིས་ཆའེ་ལའི་གཏམ་རྒྱུད་ལྟ་བུ་ཐོས་མྱོང་ཡོད་དམ། གཅིག་བྱས་ན། ཁྱེད་རང་མནར་གཅོད་འོག་མྱངས་ནས་ན་ཟུག་གིས་མནར་ཡོད་སྲིད།

ང་ཚོར་ན་ཟུག་དེ་བཟོད་ཐབས་བྲལ་བའི་ཚོར་བ་བྱུང་སྐབས། ང་ཚོས་དེ་ནས་ཐར་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་རྒྱུན་དུ་རང་ཉིད་དང་གཞན་ལ་གནོད་སྐྱོན་མང་བ་བཟོ་གི་ཡོད། སྐབས་རེར་ང་ཚོའི་སྔོན་ཆད་ཀྱི་སྡུག་བསྔལ་ཞིག་གིས་ད་ལྟ་ང་ཚོར་སྡུག་བསྔལ་བཟོ་བཞིན་ཡོད་སྙམ་སྲིད། འོན་ཀྱང་བསམ་བློ་གཏོང་ཕྱོགས་དེའི་ཁྲོད་དུ་བློ་བདེ་བག་ཕེབས་གང་ཡང་མེད། དེས་འཇིགས་སྣང་དང་ཕམ་ཉེས་མང་དུ་གཏོང་གི་ཡོད། ང་ཚོའི་སྡུག་བསྔལ་དང་བར་ཆད་རྫོགས་པའི་རེ་བ་ཞིག་ཡོད་དམ།

མི་ཁྲི་མ་འབུམ་མང་པོ་ཞིག་སྟེ། ཆའེ་ལའེ་བཅས་པས་ཡེ་ཤུའི་གདུང་སེམས་དང་བྱམས་པའི་ནང་ནས་རེ་བ་རྙེད་ཡོད།

སྐྱབས་མགོན་ཡེ་ཤུ་ནི་སུ་ཡིན་ནམ།

གནའ་བོའི་སློབ་དཔོན་ཆེན་པོ་སྐྱབས་མགོན་ཡེ་ཤུ་ནི་ཤིན་ཏུ་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། སྐྱབས་མགོན་ཁོང་རང་སྐུ་འཁྲུངས་རྗེས་སུ་ཡུན་རིང་མ་འགོར་བར། ཁོང་གི་ནང་མི་ཚོ་གདུག་རྩུབ་ཆེ་བའི་རྒྱལ་པོ་ནས་བྲོས་སྟེ་ཨི་ཇིབ་ནང་སྐྱབས་བཅོལ་བ་ལྟར་འཚོ་བ་སྐྱེལ་ཡོད། རྒྱལ་པོ་ངན་པ་དེ་ཤི་རྗེས་ཁོ་ཚོ་དབྱི་སི་ལེ་ལ་ལོག་ནས་ན་ས་ལེ་ཟེར་བའི་དྲི་ངན་ཆེ་བའི་གྲོང་བརྡལ་ཞིག་ཏུ་བསྡད། འདི་ནི་སློབ་དཔོན་ཆེན་པོ་ཞིག་ལ་དཀའ་ཚེགས་ཆེ་བའིའགོ་འཛུགས་སྡུག་པོ་བྱུང་བ་ལྟ་བུ་ཡིན།

སྐྱབས་མགོན་ཡེ་ཤུའི་མཚན་དེའི་དོན་ནི་ དཀོན་མཆོག་གིས་སྐྱོབ་པ་ ཞེས་པ་ཡིན། སྐྱབས་མགོན་ཡེ་ཤུ་མ་འཁྲུངས་གོང་གི་ལོ་བདུན་བརྒྱ་སྔོན་ལ། སྐྱོབ་མཁན་ཞིག་འཛམ་གླིང་ལ་ཡོང་ནས་ཁོང་ཉིད་སྐྱོབ་ལ་ཡོང་མཁན་བཞིན་སྡུག་བསྔལ་མྱོང་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད། སྐྱབས་མགོན་ཁོང་གི་འོས་འགན་ནི་སྡུག་བསྔལ་མྱོང་མཁན་ཚོར་ཕྱག་རོགས་གནང་ནས་སྡུག་བསྔལ་དང་འཆི་བ་མཇུག་སྒྲིལ་རྒྱུ་དེ་རེད།

སྐྱབས་མགོན་ཡེ་ཤུའི་མཛའ་གྲོགས་ངོ་མ།

ཡེ་ཤུ་པའི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་བཡི་བཱལ་ནང་དུ་སྐྱབས་མགོན་ཡེ་ཤུ་སྡུག་བསྔལ་མྱོང་མཁན་ཚོ་དང་ཉེ་བར་བཅར་བའི་སྐོར་གྱི་ལོ་རྒྱུས་མང་པོ་བསྟན་ཡོད།

ཉིན་གཅིག་སྐྱབས་མགོན་ཡེ་ཤུས་ཆོས་གསུངས་པའི་གནས་དེར་པགས་ནད་ཚབས་ཆེན་ཕོག་པའི་མི་ཞིག་ཡོང་། ཁོའི་ལུས་ལ་རྨ་གིས་ཁེངས་ཤིང་དྲི་མ་ངན་པ་ཁྱབ། ཁོའི་དུས་སྐབས་ཀྱི་མི་ཚོས་ཁོའི་ནད་དེ་ཁོང་གི་ནོར་འཁྲུལ་གྱི་ཉེས་ཆད་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པར་བརྟེན། ཁོ་རང་ངོ་ཚ་དྲག་པོ་བསྐྱེད་དེ་ཡིད་ཐང་ཆད་པར་གྱུར་ཡོད། འོན་ཀྱང་སྐྱབས་མགོན་ཡེ་ཤུ་ཁོའི་ཉེ་འགྲམ་དུ་ཕེབས་ནས་ཁོ་ལ་ལག་པ་འཆང་བ་རེད། དེ་མ་ཐག་ཏུ་ཁོ་རང་ལ་དྲག་སྐྱེད་བྱུང་།

དུས་ཐེངས་གཞན་ཞིག་ལ། སྐྱབས་མགོན་ཡེ་ཤུས་གདོན་འདྲེས་བཟུང་བའི་མི་གཉིས་དང་མཇལ། ཁོ་ཚོས་དུར་ཁྲོད་ཀྱི་དཀྱིལ་དུ་ངུ་བཞིན་རང་ལུས་ལ་རྡོ་ཡིས་རྨས་སྐྱོན་བཟོ་ཡི་ཡོད། ཁོ་ཚོས་སྐྱབས་མགོན་ཡེ་ཤུ་མཇལ་སྐབས་གདོན་འདྲེ་དེ་ཚོས་ཁོང་ལ་ཕར་ལོག་ཕེབས་ཅེས་སྨྲས་སོ། འོན་ཀྱང་སྐྱབས་མགོན་ཡེ་ཤུས་གདོན་འདྲེ་རྣམས་ཕྱིར་ཐོན་དགོས་པའི་བཀའ་གནང་། གདོན་འདྲེ་དེ་ཚོས་བཀའ་ལ་ཉན་ཞིང་། མི་དེ་ཚོར་འཕྲལ་དུ་བློ་རིག་སླར་གསོ་བྱུང་།

རྗེས་སུ་སྐྱབས་མགོན་ཡེ་ཤུས་བུད་མེད་ཅིག་དང་ཐུག་འཕྲད་བྱུང་། མོ་རང་གིས་གཉེན་སྒྲིག་ཐེངས་ལྔ་བྱས་པར་བརྟེན་སོ་སོའི་གྲོང་རྡལ་ནས་མོ་ལ་ཕྱིར་འབུད་གཏོང་ཡོད། སྐྱབས་མགོན་ཡེ་ཤུ་ཡིས་མོ་ལ་བྱམས་བརྩེའི་ངང་བཀའ་མོལ་གནང་སྐབས་མོ་རང་ཧང་སངས་པར་གྱུར། མོ་རང་དགའ་ཚོར་ཆེན་པོ་བསྐྱེད་དེ། མོ་རང་གིས་རང་ཉིད་ལ་རེ་བ་སྦྱིན་མཁན་བླ་མ་ཆེན་པོ་དྲུང་དུ་མི་ཚང་མ་མཇལ་དུ་ཁྲིད་པ་རེད།

དཀའ་སྡུག་མྱངས་བཞིན་པའི་གྲོགས་པོ།

ཁྱེད་རང་གིས་ནུས་སྟོབས་ལྡན་པའི་དྲག་གསོ་གནང་མཁན་དང་དགེ་རྒན་བཟང་པོ་དེ་འདྲ་ཞིག་ལ་མི་ཚང་མས་དགའ་པོ་བྱེད་ཀྱི་་ཡོད་པ་བསམ་ཡོད། སྐྱབས་མགོན་ཁོང་ལ་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད། ཡིན་ནའང་ཆོས་ལུགས་ཀྱི་སློབ་དཔོན་ཚོས་སྐྱབས་མགོན་ཡེ་ཤུའི་སྙན་གྲགས་ལ་ཕྲག་དོག་སྐྱེས་ནས་ཁོང་ལ་གཏོར་བརླག་གཏོང་བའི་ཐབས་ཤེས་ཤིག་བཏོན་ཡོད།

སྐྱབས་མགོན་ཡེ་ཤུ་ཡིས་ཁོང་གི་སློབ་མ་རྣམས་ལ་ཁོང་ལ་སྐྱོན་བརྗོད་རྫུན་མ་བྱས་ནས་བཀྲོངས་ཀྱི་ཡོད་པའི་སྐོར་གསུངས་ཡོད། ཁོང་གིས་མིའི་སྡུག་བསྔལ་ནང་དུ་འཛུལ་ནས་མི་སེམས་བསྒྱུར་རྒྱུ་དེ་དཀོན་མཆོག་གི་འཆར་གཞི་ཡིན་པ་འགྲེལ་བཤད་གནང་ཡོད། སྐྱབས་མགོན་ཁོང་གིས་ཉིན་གསུམ་པར་ཁོང་གི་སྐུ་ཚེ་སླར་ཡང་ཡོང་རྒྱུ་ཡིན་པའི་སྔོན་དཔག་གནང་ཡོད། ཡིན་ནའང་ཁོང་གི་སློབ་མ་ཚོས་ཁོང་ཚོའི་བྱམས་བརྩེ་་ལྡན་པའི་སློབ་དཔོན་ལ་སྡུག་བསྔལ་དེ་འདྲ་མྱོང་རྒྱུ་ཡིན་པ་ཁས་ལེན་བྱེད་ཐུབ་ཀྱི་མེད། ཁོ་ཚོས་ཁོང་ལ་འགོག་རྒོལ་བྱེད་རྒྱུའི་སེམས་ཐག་བཅད།

ཡིད་སྐྱོ་བའི་གནས་ཚུལ་ཏེ། སྐྱབས་མགོན་ཡེ་ཤུས་གསུངས་པ་ལྟར་བྱུང་ཡོད། སློབ་མ་གཅིག་གིས་སྐྱབས་མགོན་ཡེ་ཤུ་ལ་དངུལ་ཁ་ཤས་ཀྱི་ཆེད་དུ་འདོད་རྔམ་གྱིས་མགོ་སྐོར་བཏང་ནས་མཚན་གུང་དེར་ཁོང་ལ་འཛིན་བཟུང་བྱེད་ཕྱིར་ཟིང་སློང་མི་ཚོགས་དང་ངན་པ་ལག་སྦྲེལ་བྱས། སློབ་མ་གཞན་རྣམས་འཇིགས་ནས་བྲོས། དཔང་པོ་རྫུན་མ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་སྲིད་གཞུང་མགོ་རྟིང་སློག་རྒྱུའི་འཆར་གཞི་ཡོད་ཅེས་ཉེས་འཛུགས་བྱས། སྐྱབས་མགོན་ཡེ་ཤུ་ལ་ཁྲིམས་ཐག་བཅད་དེ་རྡུང་རྡེག་ཚབས་ཆེན་བཏང་། དེ་ནས་ཤིང་གི་ཁྲམ་ཤིང་སྟེང་ལ་བརྡུངས་ནས་དེར་ཁོང་ན་ཟུག་ཚབས་ཆེན་གྱིས་གྲོངས་སོང་།

ང་ཚོའི་སྡུག་བསྔལ་ཁྲོད་དུ་རེ་བ་ཡོད།

སྐྱབས་མགོན་ཡེ་ཤུའི་ཨ་མ་དང་རྗེས་འཇུག་པ་ཚོས་ཁོང་གི་ཕུང་པོ་དུར་ཁུངས་ནང་དུ་བཞག་སྐབས་ངུས་པ་རེད། དམག་མི་རྣམས་ཀྱིས་དུར་ཁུང་དེ་བསྡམས་ནས་དེའི་ཕྱི་རོལ་དུ་སྲུང་དམག་བཙུགས་ཡོད། འོན་ཀྱང་ཉིན་གསུམ་པར་ས་ཡོམ་ཆེན་པོ་ཞིག་བརྒྱབ་ནས་དུར་ཁུང་ཕྱེ་སྟེ་སྐྱབས་མགོན་ཡེ་ཤུ་སྐུ་གསོན་པོར་ལངས།

སྐྱབས་མགོན་ཡེ་ཤུའི་སློབ་མ་ཚོས་ཁོང་ལ་མཇལ་སྐབས།ཁོང་ཚོས་མིག་གིས་མཐོང་བ་འདི་ལ་ཡིད་ཆེས་བྱེད་མ་ཐུབ་པ་ཆགས་ཡོད། ཁོང་གིས་ཁོང་ཚོ་དགོས་མཁོ་ཆེ་ཤོས་ཡོད་པའི་སྐབས་སུ་བྲོས་བྱོལ་དུ་ཕྱིན་པ་དག་ལ་དགོངས་པ་གནང་ཡོད། སྐྱབས་མགོན་ཁོང་གིས་ཁོང་ཚོར་དམ་པའི་གསུང་རབ་ནས་སློབ་ཁྲིད་གནང་རྒྱུ་དུས་ཚོད་བཏང་ནས་སྡུག་བསྔལ་དང་འཆི་བ་མཇུག་སྒྲིལ་རྒྱུ་ནི་ཁོང་གི་མཐར་ཐུག་གི་འཆར་གཞི་ཡིན་པ་བསྟན་པར་མཛད་ཡོད། ཁོང་གིས་ཁོང་ཚོར་ཁོང་གི་སྐྱོབ་གསོའི་འོས་འགན་མཇུག་སྒྲིལ་སྐབས་ཁོང་ཉིད་ཕྱིར་ལོག་རྒྱུ་གྲ་སྒྲིག་བྱེད་དགོས་པའི་བཀའ་གནང་བ་རེད། དེ་ནས་སྐྱབས་མགོན་ཡེ་ཤུ་ཞིང་ཁམས་སུ་ཕྱིར་ཕེབས།

ངའི་ན་ཟུག་མྱངས་བའི་གྲོགས་པོ།

བུ་མོ་ཆའེ་ལའི་ནི་ཆུང་དུས་དགའ་འདོད་བྱེད་མཁན་མེད་པའི་སྒོ་ནས་འཚར་ལོངས་བྱུང་ཡོད། དེ་ནས་མཐར་དམག་འཁྲུག་གི་སྐབས་བྲོས་བྱོལ་དུ་ཕྱིན་པའི་སྐྱབས་བཅོལ་སྡོད་ཁང་དུ་བྱམས་བརྩེ་ལྡན་པའི་ལས་ཀ་བྱེད་མཁན་མདུན་ནས་སྐྱབས་མགོན་ཡེ་ཤུའི་སྐོར་ཤེས་ཡོད། མོ་རང་གིས་དམ་པའི་གསུང་རབ་ཀྱི་ལོ་རྒྱུས་ལ་ཉན་ནས་དཀོན་མཆོག་གི་སྡུག་བསྔལ་དང་འཆི་བ་མེད་པར་བཟོ་བའི་འཆར་གཞི་སྐོར་ལ་ཤེས་རྟོགས་བྱུང་། ཆའེ་ལའི་ཡིས་གཙོ་བོ་དཀོན་མཆོག་གིས་མོ་རང་ལ་ངོ་ཚ་དང་སྡུག་བསྔལ་ལས་ཐར་ཐུབ་པའི་རོགས་རམ་གནང་གི་ཡོད་པ་ཤེས། དེ་ནས་མོ་རང་གིས་སོ་སོའི་སེམས་ལ་དྲག་གསོ་ཐོབ་ཕྱིར་གཙོ་བོ་ཁོང་ལ་གསོལ་འདེབས་ཞུས། གཙོ་བོ་དཀོན་མཆོག་གིས་མོའི་ཞེ་སྡང་དང་ཁོང་ཁྲོ་དེ་བཟོད་ཡངས་དང་སྙིང་རྗེ་བརྗེ་སྒྱུར་གནང་ཡོད། དེ་རིང་མོ་རང་གིས་སོ་སོ་རང་ཉིད་ལ་དཀོན་མཆོག་གིས་གཙང་མ་ཇི་ལྟར་བཟོས་པའི་སྐོར་མི་ཚོར་བཤད་ནས་རང་ཉིད་ལ་ཁོང་གི་བུ་མོ་ཞེས་འབོད་ཀྱི་ཡོད།

ཁྱོད་ཀྱི་སྐོར་ལ་ཅི་ཞིག་ཡོད་དམ། ཁྱེད་རང་ཡང་སྐྱབས་མགོན་ཡེ་ཤུ་ལ་ཐུག་འདོད་ཡོད་དམ། ཁྱོད་ཀྱིས་འདི་ལྟར་དཀོན་མཆོག་ལ་བཤད་ཆོག

བྱམས་བརྩེ་ལྡན་པའི་དཀོན་མཆོག་ལགས། ངས་མྱོང་བའི་ན་ཟུག་དེ་ཁྱེད་ཀྱིས་མཁྱེན་གནང་བ་འདི་ལ་ཐུགས་རྗེ་ཆེ་ཞུས་ཀྱི་ཡོད། (ཁྱེད་ཀྱི་དཀའ་ངལ་འདིར་འགྲེལ་བཤད་རྒྱོབ།) གཙོ་བོ་ཁྱེད་ཀྱིས་ང་ཚོ་སྡུག་བསྔལ་ལས་སྐྱོབ་ཕྱིར་སྐྱབས་མགོན་ཡེ་ཤུ་མངགས་པ་འདི་ལ་ཐུགས་རྗེ་ཆེ། ངའི་སེམས་ལ་དྲག་གསོ་གནང་ཞིང་བདག་ལ་ཞི་བདེ་དང་བཟོད་སྒོམ་གྱི་སེམས་ཤུགས་གནང་རོགས། ཨ་མིན།

གལ་ཏེ་ཁྱེད་རང་སྐྱབས་མགོན་ཡེ་ཤུའི་སྐོར་དང་སྡུག་བསྔལ་གྱི་སྐབས་སུ་ཁོང་གིས་ང་ཚོར་རོགས་རམ་གང་འདྲ་བྱེད་ཐུབ་མིན་ཤེས་འདོད་ཡོད་ན། ཡིག་ཆ་འདིའི་རྒྱབ་ཕྱོགས་ཀྱི་འབྲེལ་གཏུགས་ཞལ་བྱང་ལ་འབྲེལ་བ་གནང་རོགས།

Copyright © 2023 by Sharing Hope Publications. བརྩམས་ཆོས་འདི་ཆོག་མཆན་མེད་པར་ཚོང་ལས་མ་

ང་ཚོའི་གསར་འགྱུར་ཡིག་ཆ་ལ་མིང་ཐོ་བཀོད་རོགས།

དཔེ་སྐྲུན་གསར་པ་ཐོན་སྐབས་ཐོག་མར་ཤེས་དགོས།

newsletter-cover