རྣམ་ཤེས་ངན་པ་ལས་ཉེན་སྲུང་འབད་ནི།

རྣམ་ཤེས་ངན་པ་ལས་ཉེན་སྲུང་འབད་ནི།

བཅུད་དོན།

རྣམ་ཤེས་ངན་པ་འདི་ངོ་མ་ཨིནམ་དང་ ཁོང་ཚུ་ གནམ་མེད་ས་མེད་འདྲོག་སི་སི་ཅིག་འོང་། མི་ལ་ལུ་གིས་ རྣམ་ཤེས་ངན་པ་ལས་རྒྱལ་ཁ་ཐོབ་སྟེ་ ཁོང་ལུ་ནུས་པ་དང་སྟོབས་ཤུགས་ཡོད་ཟེར་སླབ་ཨིན་རུང་ ང་བཅས་ལུ་ ཆ་རོགས་མ་འབད་བའི་ཧེ་མ་རང་ཏི་རུ་ལེནམ་ཨིན་མས། ཡེ་ཤུ་མ་ཤི་ཀ་ལུ་ འདྲེ་ཚུ་བཏུལ་ནི་དང་དམ་བཏགས་ནི་ སྟོབས་ཤུགས་སྡོད་ཡི། དེ་འབདཝ་ད་ཁོ་གིས་ གནམ་ཡང་གླ་འཐུས་མ་ལེན། ཁོ་གིས་ཨ་རྟག་ར་ མི་ཚུ་ལུ་རིན་མེད་སྟོང་པ་སྦེ་ ཆ་རོགས་འབད་ཡོདཔ་དང་ དེ་ཡང་ ཁོ་འདི་ བྱམས་པ་དང་སྙིང་རྗེ་གི་གང་སྟེ་ ཡོདཔ་མ་ཚད་ ཁོ་གིས་ཡང་ རྣམ་ཤེས་ངན་པ་ཚུ་གིས་ ང་བཅས་ལུ་སྡུག་སྦྱོང་བྱིནམ་ས་མཐོངམ་ད་ མི་དགའ་དོ་ཡོདཔ་ཨིན་མས། འ་ནི་དེབ་ཆུང་འདི་གིས་ ང་བཅས་ལུ་ ངན་པ་འདི་ག་ཏེ་ལས་འོང་འོངམ་ཨིན་ན་དང་ ང་བཅས་ཀྱི་ག་དེ་སྦེ་ ཡེ་ཤུ་ལུ་ འདྲེ་ཚུ་ལས་སྐྱབས་མཛད་ནི་དོན་ལུ་ སྨོན་ལམ་ག་དེ་སྦེ་བཏབ་ནི་ཨིན་ནའི་སྐོར་ལས་བཤད་འོང་།

ཕབ་ལེན།

དྲོ་པ་ཉིམ་ཤར་བའི་དུས་ཡུན་གཅིག་ནང་ ཤར་ལྷོ་ཨེ་ཤི་ཡ་ལུ་
ང་ཚར་གཅིག་ ཁྲོམ་ཁ་འགྱོཝ་ད་ལུ་ ངེའི་ཁྱིམ་ཚང་ཧང་ཏོམ་མར་ ཁྱིམ་ནང་ལས་ ཕྱི་ཁར་འཐོན་ཏེ་སྐད་ཤུགས་སྦེ་རྐྱབ་སྟེ་ ལག་པར་གྱི་ཅུང་སྦོམ་གཉིས་གཡུག་སྟེ་ ང་འབད་སར་རྒྱུག་འོང་ཡི། མོ་རའི་མིག་ཏོ་འདྲོག་སི་སི་སྟོན་ཡོད་མི་ལུ་ ང་གིས་ གནག་དུང་དང་ངན་པ་ཡོད་པའི་ ཚོར་སྣང་འབྱུང་ཡི། ང་ར་ མ་ཤི་ཀ་་པ་ཨིནམ་ལས་བརྟེན་ ཁུ་སིམ་སིམ་སྦེ་སྐྱབས་ཀྱི་དོན་ལུ་ གསོལཝ་བཏབ་ནི་འགོ་བཙུགས་ཡི། ང་གིས་ གསོལཝ་བཏབ་བཞིན་དུ་ ངན་པའི་རྣམ་ཤེས་འདི་ དབང་ལུ་བསྡུ་སྟེ་ དེ་ལས་ ངེའི་ཆ་རོགས་འདི་ བག་ཆགས་ཏོག་ཏོ་སྦེ་ཡར་སོང་ཡི། དེ་ལས་ མོ་གིས་ང་ལུ་ མོ་རའི་ལག་པ་ལས་ གྱི་ཅུང་འདི་འབག་བཅུག་ཡི། 

ཡེ་ཤུ་གིས་སྟོབས་དང་ནུས་པ། 

མི་སྟོང་ཕྲག་ལས་བཅད་དེ་ ཡེ་ཤུ་གིས་ནུས་སྟོབས་འདི་ ཉམས་མྱོང་ཐོབ་སྟེ་ཡོད། ཁོང་ཚུ་ ངན་པའི་རྣམ་ཤེས་དབང་མི་ལས་ཐར་ཡོདཔ་དང་ ན་ཚ་ལས་སངས་ཏེ་ ཁ་ངན་ལས་བསྲུང་ཡོདཔ་ དེ་ལས ཕྱིའི་ཉེན་ཁ་ཚུ་ལས་ཡང་ སྲུང་སྐྱོབ་འབད་ཡོདཔ་ཨིན། དེ་འབདཝ་ད་ ཡེ་ཤུ་འདི་ག་ཨིན་ན? ཁོ་གིས་ སྟོབས་ཤུགས་ཀྱི་རང་ཤིས་འདི་ག་ཅི་སྨོ? ཡེ་ཤུའི་སྲུང་འདི་ མ་ཤི་ཀའི་འབྲི་བའི་ གསུང་རབ་ནང་མཐོང་ཡོདཔ་ཨིན། ད་ལྟོའི་ སྲུང་གཅིགཔ་འདི་ ཁོའི་སྟོབས་ཤུགས་ཀྱིས་འབད་ ངན་པའི་རྣམ་ཤེས་ ཁོའི་དབང་དུ་བསྡུ་བའི་སྐོར་ལས་ཨིན།

ཉིནམ་གཅིག་ ཨཔ་གཅིག་གིས་ ཁོ་རའི་བུ་འདི་ གཙོ་བོ་ཡེ་ཤུ་འབད་སར་འབག་འོང་ནུག། ཁོ་གིས་དེ་སྦེ་སླབ་ནུག། སློབ་དཔོན་ ང་གིས་ ཁྱོད་ལུ་གསོལཝ་བཏབ་གེ་— ང་ལུ་བུ་ཁོ་ཕུད་དོ་གཅིག་བ་ མེད་མི་འདི་ལུ་གཟིགས་གནང་། དེ་ཡང་ ངན་པའི་རྣམ་ཤེས་འདི་གིས་རྟོག་མེད་དབང་བཟུང་འབད་ཡོདཔ་དང་ ཁོ་ཧང་ཏོམ་མ་སྔུ་ གནམ་མེད་ས་མེད་འདར་གསིག་རྐྱབ་ ཁ་ནང་ལུ་ལྦ་ག་ཆགས་ཏེ་ དེ་ལས་ ཁོ་ནང་ལས་འཐོན་འགྱོཝ་ད་ ལཱ་ཁག་གཏངམ་མ་ཚད་ རྨ་བཏོན་ཏེ་ ལོག་ཅི་ར་ མེ་དང་ཆུ་ནང་ལུ་འགྱེལ་འགྱོ་མས།། དེ་ལས་ ཡེ་ཤུ་གིས་བུ་འདི་ཤོག་ཟེར་འབོདཔ་ད་ རྣམ་ཤེས་ངན་པ་གིས་ ཨ་ལུ་འདི་ས་ཁར་ལུ་བཀོ་བཏང་སྟེ་ བུ་འདི་གནམ་མེད་ས་མེད་འདར་གསིག་རྐྱབ་ནུག།

གཙོ་བོ་ཡེ་ཤུ་གི་ཨ་པ་དང་བུ་གི་དོན་ལུ་ དོན་ཧིང་ན་ཟུག་རྐྱབ་ནུག། ཁོ་གིས་དེ་འབད་གསུང་ནུག། ཁྱོད་ཀྱི་དད་པ་དང་ཡིད་ཆེས་ཡོད་པ་ཅིན་ ཡིད་ཆེས་ཡོད་མི་འདི་ལུ། ག་ཅི་ཡང་འབད་མ་ཚུགསཔ་མེད།

ཨཔ་འདི་གིས་སྔུ་སྟེ་ ང་ལུ་དད་པ་དང་ཡིད་ཆེས་ཡོད། ང་གི་དད་པ་མེད་མི་ལུ་ ཆ་རོགས་མཛད་གནང་། 

དེ་ལས་ ཡེ་ཤུ་གིས་ རྣམ་ཤེས་ངན་པ་ལུ་དེ་སྦེ་བཀའ་གནང་ནུག། ཁྱོད་ར་ཕྱི་ཁར་འཐོན་ཏེ་ ད་ལས་ཕར་ཁོ་གི་ནང་ན་ ནམ་ཡང་འཛུལ་མི་ཆོག། དེ་ལས་ རྣམ་ཤེས་འདི་སྔུ་ འདར་གསིག་ཤུགས་སྦེ་རྐྱབ་སྟེ་ ཕྱི་ཁར་འཐོན་འོང་ནུག། (ལུ་ཀ་ ༧:༣༧–༤༢, མར་ཀུ་༩:༡༧–༢༧)

འ་ནི་ཨ་པ་བཟུམ་སྦེ་ རྣམ་ཤེས་ཀྱིས་ཟ་ཚང་ནང་ལུ་ གནོད་པ་རྐྱབ་སྟེ་ སྡུག་བསྔལ་མྱོང་མི་ལེ་ཤ་ར་ཡོདཔ་ཨིན། ལ་ལུ་ཅིག་གཉིད་ལོང་མ་བཏུབ་ ལ་ལུ་ནདཔ་བཏོན་ ལ་ལུ་གིས་རྣམ་རྟོག་ལང་བའི་སྐད་གོ་མི་ཡོདཔ་ཨིན། ལ་ལུ་ཚད་ལས་བརྒལ་བའི་སྟོབས་ཤུགས་ཀྱི་དབང་ཡོདཔ་ད་ དེ་ལས་ གཡུས་ཚན་ཆ་ཚང་འདྲོག་བཅུགཔ་ཨིན། ཨིན་རུང་ ཁོང་ཚུ་ག་ར་ རོགས་རམ་ངེས་པར་དུ་དགོཔ་ཨིན། 

དེ་ནང་ གནས་ཚུལ་ལེགས་ཤོམ་གཅིག་ཡོད། དེ་ཡང་ ཁྱོད་ར་ཡེ་ཤུ་ལུ་གསོལཝ་བཏབ་སྟེ་ ངན་པའི་སྟོབས་ཀྱི་དབང་ནི་ལས་ སྐྱབས་ཞུ་དགོཔ་ཨིན།

རིན་མེད་སྟོང་པ་སྦེ་ རོགས་རམ་མཛདཔ་ཨིན།

སེམས་ཁམས་ཀྱི་སྨན་བཅོས་འབད་མི་དང་ སེམས་ཁམས་ཀྱི་དྲུང་འཚོ་མང་ཤོས་ཀྱིས་ར་ དཀའ་ངལ་འཐོན་མི་ཚུ་ལུ་ ཆ་རོགས་མ་འབད་བའི་ཧེ་མ་ལས་ར་ རིན་ལེ་ཤ་ལེནམ་ཨིན། 

ད་རུང་གནས་ཚུལ་ལེགས་ཤོམ་གཅིག་ཡོད། དེ་ཡང་ ཡེ་ཤུ་གིས་ རིན་མེད་སྟོང་པ་སྦེ་ཆ་རོགས་མཛདཔ་ཨིན། 

ཧེ་མའི་ཡེ་ཤུའི་གསུང་རབ་ཀྱི་སྲུང་ནང་ལུ་ ཡེ་ཤུ་གིས་དཀའ་སྡུག་སྨྱོང་མི་ཟ་ཚང་ལས་ ཏི་རུ་ག་ནི་ཡང་མ་དགོཔ་ཨིན་མས། ཁོ་ལུ་དགོཔ་འདི་ར་ ཁོང་གི་ཁོ་རུ་བློ་གཏད་ཡིད་ཆེས་བསྐྱེད་དགོཔ་ཨིན་མས། ཕམ་ལེགས་ཤོམ་ཚུ་གིས་ རང་གི་ཨ་ལོ་བདག་འཛིན་འཐབ་ནི་ལུ་ རེ་འདོད་བསྐྱེད་དོ་བཟུམ་སྦེ་ ཡེ་ཤུ་གིས་ མི་ཚུ་ལུ་བརྩེ་བ་ཡོདཔ་མ་ཚད་ ཁོང་གི་དཀའ་ངལ་ཚུ་བསལ་ནི་ལུ་ རེ་འདོད་བསྐྱེདཔ་ཨིན། 

གསུང་རབ་འདི་གིས་ ཡེ་ཤུ་འདི་འཛམ་གླིང་བཀོད་གནང་མི་ཅིག་ཨིན་ཟེར་སྟོནམ་ཨིན། ཁོ་ར་ འཛམ་གླིང་ནང་ཆ་རོགས་འབད་བ་བྱོན་ཡོདཔ་དང་ ལོག་འདི་ཁོ་ལུ་བློ་གཏད་དགོ། ཁོ་ འཛམ་གླིང་བཀོད་པ་པོ་ཨིནམ་ལས་བརྟེན་ འཛམ་གླིང་འདི་ནང་ཡོད་པའི་ སྡིག་པ་དང་སྡུག་བསྔལ་ དེ་ལས་ འཆི་བ་ལས་ སྲོག་སྐྱབས་འབད་ནི་སྟོབས་ཤུགས་ཡོདཔ་ཨིན། ག་དེ་སྦེ? 

གསུང་རབ་ནང་ལས་གསུང་མི་ནང་ འཛམ་གླིང་འདི་ནང་ སྡིག་པ་དང་སྡུག་བསྔལ་ དེ་ལས་འཆི་བ་ཚུ་ག་ནི་ཡང་མེད་པའི་དུས་གཅིག་སྡོད་ཡོདཔ་ཨིན་མས། འདི་ནང་ཡོད་མི་ག་ར་ ཡང་དག་པ་དང་མཐུན་ཏོག་ཏོ་སྦེ་སྡོད་ནུག། དེ་འབདཝ་ད་ གཙོ་བོ་དཀོན་མཆོག་གིས་བཀོད་གནང་པའི་ ཕོ་ཉ་ཅིག་གིས་ ཁོ་གིས་ངོ་རྒོལ་འབད་ཞིནམ་ལས་ གེ་ར་བསྒྱུར་བཅོས་ཡར་སོང་ནུག། འ་ནི་ ཕོ་ཉ་འདི་ ཁོ་རའི་བཀོད་པ་པོ་ལུ་ཕྲག་དོག་བསྐྱེད་ནུག། ཁོ་གིས་ གཞན་ཕོ་ཉ་ཚུ་ལུ་ཡང་ ཤོབ་དར་ཁྱབ་གཏང་ནི་འགོ་བཙུགས་ཏེ་ དཔྱ་གསུམ་ལས་ གཅིག་དེམ་ཅིག་ ཁོ་གིས་འཐུས་མི་འབད་བཙུགས་ནུག། གཅིག་ཁར་བསྡོམ་ཞིནམ་ལས་ ཁོང་གིས་དཀོན་མཆོག་ལུ་ སྟོབས་ལུ་རང་འདོད་དང་ འདོད་པ་འདུག་ཟེར་ ཁ་ཉེས་བཀལ་ནུག།

འཇིག་རྟེན་གྱི་བཀོད་པ་པོ་འདི་ གདམ་ཁ་རྐྱབ་ནི་ལུ་ ལཱ་ཁག་བཏང་ནུག། ཁོ་གིས་དབང་བཙོང་ཐོག་ལས་བཀག་པ་ཅིན་ ཡང་ན་ ཚར་བཅད་པ་ཅིན་ ཕོ་ཉ་གཞན་ཚུ་དང་ འཇིག་རྟེན་ཡོངས་ཀྱིས་ ཁ་ཉེས་རྫུན་མ་བསྐྱེད་མི་འདི་ བདེན་པ་ཨིན་མས་མནོ་འོང་ཟེར་ ཐུགས་བཞེས་གནང་ནུག། ཁོ་གིས་ལཱ་ངན་པ་འདི་ སྒྲུབ་བྱེད་འབད་བཏོན་བཅུག་སྟེ་ ཁོང་གིས་ཁ་ཉེས་བསྐྱེད་མི་ལས་ རྒྱབ་འགལ་འབད་བཏོན་ནི་དོན་ལུ་ གདམ་ཁ་གཞན་འདི་ ངོ་རྒོལ་འབད་མི་ཕོ་ཉ་ཚུ་གིས་ མི་ཚེ་གནས་ཐབས་འབད་ནི་འདི་ཨིན་མས། དེ་ལས་ དུས་ཚོད་རན་པའི་བསྒང་ འཇིག་རྟེན་བཀོད་པ་པོ་གི་ ངོ་རྒོལ་འབད་མི་ཚུ་མཇུག་བསྡུ་གཏང་ནི་ཨིན་པས། 

ངོ་རྒོལ་འདི་འགོ་བཙུགས་པའི་ཤུལ་ལས་ ང་བཅས་ཕམ་འགོ་ཐོག་དང་པ་ཚུ་གིས་ དཀོན་མཆོག་གི་ཉེན་བརྡ་ལུ་མ་ཉན་པར་ ངན་པའི་ཕོ་ཉ་ཚུ་གིས་ འཛམ་གླིང་འདི་དབང་བཅུག་ནུག། ཕོ་ཉ་འདི་ཚུ་གིས་ ད་ལྟོ མགུ་སྐོར་རྐྱབ་སྟེ་ མི་ཚུ་ལུ་གནོདཔ་བཀལཝ་ཨིན། ཨིན་རུང་ འཇིག་རྟེན་བཀོད་པ་པོ་ལུ་ ཕོ་ཉ་ངན་པ་ཚུ་ལས་ སྟོབས་ཤུགས་ཁོ་ཆེཝ་ལས་ ང་བཅས་ཀྱིས་ཁོ་ལུ་ཞུཝ་ད་ལུ་ དགའ་ཏོག་ཏོ་སྦེ་ རོགས་རམ་མཛདཔ་ཨིན། 

ཁྱོད་ཀྱི་ཉེན་སྲུང་ཡོད་མི་ས་གནས་ནང་ཤོག།

ང་གི་ཁྱིམ་ཚང་གིས་ ང་ལུ་གནོདཔ་བཀལ་ནི་དཔའ་བཅམ་མི་འདི་ སེམས་ཁར་འདུག་ག? མོའི་ལགཔ་ལས་གྱི་ཅུང་འདི་གཏང་ཞིནམ་ལས་ མོའི་ཁ་ནང་ལས་སྐད་འདྲོག་སི་སི་རྐྱབ་ཅི། དེ་ཡང་ འ་ནི་རྣམ་ཤེས་འདི་ མོ་རའི་ཨའི་གྱོངས་མི་འདི་ཨིན་ཟེར་སླབ་ནུག། ཕོ་ཉ་ངན་པ་འདི་གིས་ བཞེས་སྒོ་བྱིན་དགོ་ཟེར་སླབ་ནུག། ང་ཡང་ གཞན་ང་དང་གཅིག་ཁར་སྡོད་མི་ཚུ་དང་མཉམ་ དཀོན་མཆོག་ལུ་ ངན་པའི་རྣམ་ཤེས་འདི་འཐོན་འགྱོ་བཅུག་ཟེར་ གསོལཝ་བཏབ་ཅི། མཐའ་མཇུག་ལུ་ རྣམ་ཤེས་འདི་གིས་ མོ་བཀོ་བཞག་སྟེ་ཡར་སོང་ཡོདཔ་ལས་ ངེའི་ཁྱིམ་ཚང་འདི་ ཨ་རྟག་ཧ་ལུགས་སྦེ་ སེམས་དྲན་པ་འོང་ཡི།

ང་ལུ་ ལོག་ནམ་ཡང་འ་ནི་བཟུམ་འདི་འབྱུང་མ་བཅུག་ཟེར་སྐད་ཤུགས་སྦེ་སླབ་ཅི། མོ་རའི་ མིག་ཏོ་གིས་མཐོང་མ་ཚུགས་པའི་ བཟང་པོ་དང་ངན་པ་གི་བར་ན་ལུ་ དམག་རྐྱབ་མི་འདི་ ཉམས་མྱོང་འཐོབ་ཡོདཔ་དང་ མོ་གིས་ངན་པ་ལས་ ག་དེ་སྦེ་ སྲུང་སྐྱོབ་འབད་ནི་ཨིན་ནའི་སྐོར་ལས་ ཤེས་དགོ་མནོ་ནུག། དེ་འབདཝ་ལས་ ང་གིས་ མོ་ལུ་ཡེ་ཤུ་དང་གསུང་རབ་སྐོར་ལས་སྟོན་བྱིན་ཡི། མོ་གིས་ ཡེ་ཤུ་ལུ་ ཧེ་མ་གཞན་གྱིས་མོ་ལུ་ གནོདཔ་བཀལ་མི་ཚུ་ལུ་ ཞེ་སྡང་གི་སེམས་དང་ ངན་སེམས་ཚུ་བཀོ་བཞག་ཚུགས་ནི་ལུ་ ཆ་རོགས་མཛད་གནང་ཟེར་གསོལཝ་བཏབ་ནུག། དེ་མ་ཚད་ མོ་གིས་བཀོད་པ་པོ་ལུ་ མོ་ལུ་སེམས་ཡང་དག་པ་གནང་སྟེ་ ངན་པ་ཚུ་ལས་སྐྱབས་མཛད་གནང་ཟེར་ཞུ་ནུག། དེ་སྦེ་འབད་ཞིནམ་ལས་ ངན་པའི་རྣམ་ཤེས་ཡང་ མོ་འབད་སར་གནོདཔ་བཀལ་བར་ནམ་ཡང་མ་འོང་པས།

ཁྱོད་རང་ ཡེ་ཤུའི་སྐྱབས་ཀྱི་སྟོབས་ཤུགས་འདི་ ཉམས་མྱོང་ལེན་ དགོ་མནོ་ཡི་ག? ཁྱོད་ར་ དེ་སྦེ་གསོལཝ་བཏབ་དགོ: 

ངེའི་བརྩེ་བའི་དཀོན་མཆོག ང་ ཁྱོད་ཀྱི་ཆ་རོགས་དགོ་པས། ངེའི་མི་ཚེ་ནང་ ངན་པའི་རྣམ་ཤེས་ཚུ་ ག་ར་བདའ་གཏང་གནང་། ང་ལུ་དོན་ཧིང་གསརཔ་གནང་སྟེ་ དམ་པའི་ཕོ་ཉ་ཚུ་ ང་སྲོག་སྐྱབས་མཛད་པར་གཏང་གནང་། འདི་ཡེ་ཤུའི་མཚན་ཐོག་ལུ་ཞུཝ་ཨིན། ཨ་མེན།

གཙོ་བོ་ཡེ་ཤུ་གིས་ ཁྱོད་ལུ་ཡང་ན་ ཁྱོད་རའི་བརྩེ་བ་ཅན་ལུ་ ངན་པའི་རྣམ་ཤེས་ལས་ཐར་ནི་དང་ རང་དབང་ཐོབ་ཐབས་ལུ་ ང་བཅས་ལུ་ རྒྱབ་ཤོག་ནང་ཡོད་པའི་གནས་ཚུལ་ནང་ལུ་ འབྲེལ་བ་འཐབ་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”
རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།