སྐྱབས་མགོན་ཡེ་ཤུས་ཕྱག་རོགས་གནང་ཐུབ་ཀྱི་ཡོད་དམ།

སྐྱབས་མགོན་ཡེ་ཤུས་ཕྱག་རོགས་གནང་ཐུབ་ཀྱི་ཡོད་དམ།

སྙིང་བསྡུས།

ང་ཚོ་ཚང་མའི་མི་ཚེའི་འཚོ་བའི་ཁྲོད་དུ་རང་ཉིད་གཅིག་པོ་ལ་བརྟེན་ནས་སེལ་མི་ཐུབ་པའི་དཀའ་ངལ་ཇི་སྙེད་ཅིག་འཕྲད་ཀྱི་ཡོད། སྐབས་རེ། ང་ཚོས་སོ་སོའི་དཀའ་སྡུག་རྣམས་སུ་གང་གིས་མཐོང་གི་མེད་པ་ལྟ་བུ་བསམ་གྱི་ཡོད། ཡིན་ནའང་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་དེ་དག་ཐམས་ཅད་མཁྱེན་གྱི་ཡོད། གཙོ་བོ་ཁོང་གིས་ང་ཚོའི་སྡུག་བསྔལ་མཐའ་དག་ལས་མཐར་གྲོལ་གནང་བའི་དོན་དུ་ཁོང་ཉིད་ཀྱི་ཐུགས་སྲས་གཏོང་བར་མཛད་ཡོད། གཏམ་རྒྱུད་དེ་གསུམ་གྱིས་སྐྱབས་མགོན་ཡེ་ཤུ་ལ་རོགས་རམ་དགོས་པའི་དཀའ་སྡུག་དངོས་གནས་འཕྲད་པའི་མི་དངོས་སྐོར་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད། དེའི་སྐབས་སུ། ཁོ་ཚོ་སུ་གང་གིས་སྐྱབས་མགོན་ཡེ་ཤུ་སྐོར་ལ་མང་པོ་ཞིག་ཤེས་ཀྱི་མེད། ཡིན་ནའང་སྐྱབས་མགོན་གྱིས་ཁོ་ཚོར་ཕྱག་རོགས་གནང་བའི་རྗེས་སུ།  ཁོ་ཚོས་ཁོང་གི་སྐོར་ལ་གསལ་པོར་ཤེས་རྒྱུ་འདུན་པ་བསྐྱེད་ཡོད། དེབ་ཆུང་འདི་ཡིས་ང་ཚོར་སྨོན་ལམ་འདེབས་སྟངས་སློབ་སྟོན་བྱས་སྟེ།  ང་ཚོས་སྐྱབས་མགོན་ཡེ་ཤུ་དྲུང་དུ་སོ་སོའི་དཀའ་ངལ་རྣམས་ཞུས་ཐུབ། སྐྱབས་མགོན་གྱིས་ང་ཚོར་ཕྱག་རོགས་གནང་གི་རེད།

ཕབ་ལེན།

བརྩེ་བའི་གྲོགས་པོ་ལགས། ཁྱེད་རང་གིས་སོ་སོའི་མི་ཚེ་ནང་དུ་དོན་དག་གང་ཞིག་བྱེད་ཀྱི་ཡོད་པ་རྣམས་བདག་གིས་ཤེས་ཀྱི་མེད། ཡིན་ནའང་ང་ཚོ་ཚང་མས་རང་ཉིད་ཀྱིས་སེལ་མི་ནུས་པའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད།

ཁྱེད་ཀྱིས་ནད་དང་། སེམས་ནད། ཁེར་རྐྱང་། ལང་ལ་ཤོར་བ། དབུལ་ཕོངས། འཇིགས་སྐྲག ངོ་ཚ་ལ་སོགས་པའི་དཀའ་ངལ་ཅི་ཞིག་འཕྲད་ནའང་། དེར་ཁྱེད་ལ་རོགས་འདེགས་གནང་ཐུབ་མཁན་ཞིག་ཡོད། ཁོང་གི་མཚན་ནི་སྐྱབས་མགོན་ཡེ་ཤུ་ཡིན། མི་མང་པོ་ཞིག་གིས་དགོས་མཁོ་འཕྲད་པའི་དུས་སུ་སྐྱབས་མགོན་ཁོང་གི་དྲུང་དུ་བཅར་ནས་རོགས་རམ་ཐོབ་ཡོད།

གཤམ་ལ་ཨེ་ཤི་ཡའི་ནང་དུ་སྐྱབས་མགོན་ཡེ་ཤུ་ཡིས་ཕྱག་རོགས་གནང་བའི་འགྲོ་བ་མི་རྣམས་ཀྱི་སྐོར་གྱི་བདེན་པའི་གཏམ་རྒྱུད་གསུམ་ཡོད།

སི་རི་ལངྐ་དུ་ཡོད་པའི་ཨ་མ་གཞོན་ནུ།

ཇ་ཡ་ཡིས་ཁྲག་གི་བརྟག་དཔྱད་ཁང་ཆུང་ཆུང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། མོ་རང་དང་བུ་ལ་འཚོ་སྐྱོང་བྱེད་པའི་ལས་ཀ་ཞིག་རག་པར་དགའ་པོ་བྱུང་བ་ནི་ཁྱོ་གས་ཁོ་མོ་དང་ཁ་བྲལ་སོང་བས་རེད། མོ་རང་ནི་ནང་པའི་ཆོས་པ་ཞིག་ཡིན་ནའང་། སོ་སོའི་ཡེ་ཤུ་པའི་འགོ་ཁྲིད་ཨཱ་ནཱ་ཆེད་དུ་ལས་ཀ་བྱེད་རྒྱུ་དགའ་བ་བསྐྱེད་ཀྱི་ཡོད། འོན་ཀྱང་ཡེ་ཤུ་ཆོས་ལུགས་པའི་མགོ་ཁྲིད་ཨན་ནཱ་དང་འཆམ་པོ་ཡོད། ཁོང་གཉིས་མགྱོགས་པོ་གྲོགས་པོ་ཡག་པོ་ཞིག་ཆགས་ཡོད།

ཉིན་མ་གཅིག ཇ་ཡ་ལས་ཀ་བྱེད་བཞིན་པའི་སྐབས། གློ་བུར་དུ་མོ་རང་ལ་ན་ཟུག་དྲག་པོ་ཞིག་བཏང་ཡོད། མོ་རང་གིས་མདུན་ལག་ཏུ་ཁྲག་དང་རྨས་སྐྱོན་རིང་པོ་གསུམ་མཐོང་དུས་འཇིགས་སྣང་གིས་སྐད་ཆེན་པོ་རྒྱབ་པ་རེད། ཇ་ཡ་ཡིས་སྡོད་ཁང་ནང་དུ་གདོན་འདྲེ་གནས་ཡོད་པ་ཚོར་སྣང་བྱེད་ཐུབ།

ཨཱ་ནཱ་ཡིས་མོའི་ངུ་སྐད་ཐོས་ནས་རྒྱུག་ནས་ཡོང་། ཇ་ཡ་ཡིས་གནས་ཚུལ་གང་དག་བྱུང་བ་རྣམས་མོ་ལ་འགྲེལ་བཤད་རྒྱབ་སྐབས་མོས་ཇ་ཡའི་གདོང་ལ་འཇིགས་སྣང་མཐོང་ཡོད། ཨཱ་ནཱ་ཡིས་དེའི་ལན་དུ། “ཇ་ཡ། བདག་གི་དཀོན་མཆོག་ལ་གདོན་འདྲེ་ངན་པ་འདི་ཕྱིར་སྐྲོད་རྒྱུ་བཀའ་གཏོང་ཐུབ་པའི་ནུས་སྟོབས་མངའ་ཡོད། ད་ལྟ་གསོལ་འདེབས་ཞུ་རོགས།” ཨཱ་ནཱ་ཡིས་གསོལ་བ་འདེབས་པའི་སྐབས།ཇ་ཡ་ལ་ཞི་བདེ་ཆེན་པོ་ཁྱབ་སོང་བ་ཚོར་བྱུང་། གདོན་འདྲེ་ངན་པ་དེ་ཚོ་མེད་པར་གྱུར་སོང་། ཇ་ཡ་ཡིས “སྨོན་ལམ་གྱི་མཇུག་འབྲས་མགྱོགས་པོ་སྨིན་པ་དེ་ལ་ང་རང་ཧང་སངས་བྱུང་། ངའི་འགོ་གཙོས་སྨོན་ལམ་བཏབ་པའི་སྐྱབས་མགོན་ཡེ་ཤུའི་སྐོར་ལ་ང་རང་ཤེས་འདོད་ཡོད་ཞེས་བཤད། སྐྱབས་མགོན་ཁོང་གིས་སྨོན་ལམ་འདེབས་པ་རྣམས་གསན་ཞིང་བཀའ་ལན་མངོན་གསལ་དུ་གནང་གི་ཡོད།”

བེང་ཀོག་གི་ཚོང་པའི་བུད་མེད།

སུ་ཆིན་ནི་བྷང་ཀོག་ནང་ལས་ཀ་ཐོན་ཟིན་པའི་བུད་མེད་ཚོང་བ་ཞིག་ཡིན་ལ། མོ་རང་གི་ལས་ཁུངས་ནང་མགྱོགས་པོར་མཐོ་རིམ་ལས་གནས་སུ་འཕར་བཞིན་པ་རེད། ཡིན་ནའང་། མོ་རང་གི་དོན་དག་ཡོད་ཚད་ཐམས་ཅད་ལ་བཟང་པོ་བྱུང་བ་ཞིག་ཆགས་མེད། མོ་རང་གིས་གཉེན་སྒྲིག་བྱེད་དགོས་བསམ་པའི་དགའ་རོགས་མཉམ་དུ་ཁ་བྲལ་བ་ཆགས་ཡོད། ད་ལྟ་མོ་རང་གཅིག་པུ་ཁྱེར་རྐྱང་དུ་ལུས་ནས་སེམས་སྡུག་མནར་བ་གྱུར་ཡོད།

བདུན་ཕྲག་མང་པོ་འདས་སྟེ། མོའི་མི་ཚེ་ནི་མུན་ནག་ལྟ་བུ་གྱུར། སུ་ཆེན་གྱིས་གསར་འགྱུར་དེ་ཚོས་རྒྱུན་དུ་རྐྱེན་ངན་གོད་ཆག་ཚབས་ཆེན་བརྗོད་ཀྱི་ཡོད་པ་ལྟ་བུ་སྣང་བ་སྐྱེད་འགོ་བཙུགས་པ་རེད། དེ་བཞིན་གླུ་གཞས་ཀྱི་ཚིག་དང་གློག་བརྙན་ཡང་མི་ཚེའི་གོད་ཆག་ལ་དམིགས་པ་ལྟ་བུ་ཆགས་ཡོད། མོ་རང་གིས་རྐྱེན་ངན་འདི་དག་གི་རྒྱབ་ཏུ་བསམ་བྱུས་གཤམ་མཁན་གཙོ་བོ་ཞིག་ཡོད་དགོས་ཞེས་མཐའ་སྡོམ་བྱས་ཡོད། འོན་ཀྱང་འཛམ་གླིང་དེའི་གནས་ཚུལ་བཟང་པོ་གང་འདྲ་རེད་དམ། དེ་ཚོའི་རྒྱབ་ཕྱོགས་སུ་སྐྱེ་བོ་གཅིག་ཡོད་དམ། མོ་རང་གིས་ཤེས་ཀྱི་མེད།

མཚན་གཅིག སུ་ཆེན་ཡར་ལངས་ནས་མོའི་སྡོང་ཁང་ནང་དུ་མི་ཞིག་ཡོད་པ་ཤེས། མོ་རང་གིས་དང་པོ་དེ་ནི་རྨི་ལམ་རྨིས་པ་རེད་བསམ། ཡིན་ནའང་མོ་རང་གིས་ཡང་སྐྱར་བལྟས་དུས། ཉལ་ཁྲིའི་རྐང་འོག་ཏུ་མི་ཞིག་ལངས་ཡོད་པ་མཐོང་། ཡ་མཚན་ཆེ་བ་ཞིག་ལ། མོ་རང་འཇིགས་སྣང་བསྐྱེད་མི་འདུག མོ་རང་གིས་བྱམས་བརྩེ་ལྡན་པའི་གདོང་ལ་བལྟ་དུས་མི་འདི་ནི་སྐྱེ་བོ་བཟང་པོ་ཞིག་ཡིན་པ་ཤེས། མོ་རང་ཡིད་ཆེས་བྱུང་ནས་མིག་བཙུམ་པ་དང་གཉིད་ཁུག་ཡོད།

ཉིན་རྗེས་མ་དེར། སུ་ཆེན་གྱིས་མཚན་མོར་ཕེབས་པའི་མགྲོན་པོ་དེའི་སྐོར་ལ་བསམ་བློ་བཏང་ཞིང་། མོ་རང་གིས་མཐོང་བའི་མི་དེ་ནི་སྐྱབས་མགོན་ཡེ་ཤུ་ཡིན་པར་ཡིད་ཆེས་བྱུང་ཡོད། མོ་རང་གིས་སྐྱབས་མགོན་ཡེ་ཤུ་ཡིས་མོའི་རེ་བ་སྟོང་ཟད་དུ་གྱུར་བའི་དོན་རྣམས་མཁྱེན་ཞིང་ཕྱག་རོགས་གནང་ལ་ཕེབས་པ་ཡིན་པ་ཞིག་ཚོར་སྣང་བྱུང་ཡོད། མོ་རང་གིས་སྐྱབས་མགོན་ཁོང་གི་སྐོར་ལ་གང་ནས་ཤེས་དགོས་མིན་ཐད་ལ་སེམས་ཁྲལ་བྱེད་ཀྱི་ཡོད།  མོ་རང་ལ་ཡེ་ཤུ་པའི་ཆོས་ཁང་དུ་འགྲོ་རྒྱུ་བསམ་ཚུལ་ཤུགས་ཆེན་པོ་ཞིག་བྱུང་ཡོད། མོ་རང་གིས་དེར་ཡེ་ཤུ་པའི་དམ་པའི་གསུང་རབ་སློབ་སྦྱོང་བྱེད་སྐབས།  སྐྱབས་མགོན་ཡེ་ཤུའི་སྐོར་དང་ཁོང་ལ་འཚོལ་རྙེག་བྱེད་སྟངས་རྣམས་ཤེས་ཡོད། སུ་ཆེན་གྱིས་མོ་རང་ཡང་སྐྱར་ཁེར་རྐྱང་དུ་གནས་མི་དགོས་པ་ཤེས་ཡོད།

མ་ལེ་ཞི་ཡ་དུ་ཡོད་པའི་རེ་ཐག་ཆད་པའི་ཨ་ཕ།

ཅེང་གིས་རང་ཉིད་ཀྱི་རླངས་འཁོར་གྱི་གདན་སྟེགས་སུ་བདེ་འཇགས་མེད་པར་བསྒྱིར་ནས་མཚན་མོ་འགའ་ཤས་གཉིད་ཁུག་ཡོད། ཁོ་རང་སྨན་ཁང་ནང་དུ་སོ་སོའི་བུ་ཕྲུག་གི་འགྲམ་དུ་སྡོད་འདོད་ཡོད། ཡིན་ནའང་ནད་གཞི་ལྕི་བའི་ལྟ་སྐྱོང་ཁང་དུ་མཚན་གང་ལ་ཁྱིམ་བདག་གཅིག་ལས་བསྡད་བཅུག་གི་མེད་པ་རེད།

ཅིའི་ཕྱིར་ཁོའི་ལོ་ན་གཞོན་པའི་བུ་ཡིས་ཚེ་སྲོག་གི་སྙིང་ནད་ལ་ཉེན་ཁ་ཡོད་པ་རེད། གལ་ཏེ་ཁོ་ཤི་སོང་ན་ཅི་བྱེད། ཁོ་རང་གིས་སོ་སོའི་བུ་ཕྲུག་གཅིག་པོ་འདི་མེད་པའི་མི་ཚེ་ཐོག་ལ་བསམ་བློ་གཏོང་ཐུབ་ཀྱི་མེད། ཅེང་གི་གདོང་ནས་མིག་ཆུ་བཞུར། ཁོ་རང་རོགས་འདེགས་བྱེད་མཁན་མེད་པར་གྱུར་བ་ཚོར་གྱི་ཡོད། ཕ་མེས་རྣམས་ལ་སྨོན་ལམ་འདེབས་པ་དང་ལྷ་ཁང་དུ་འགྲོ་བ་བཅས་ཀྱིས་བཀའ་ལན་གང་ཡང་སྤྲོད་ཀྱི་མེད། ད་ལྟ་གཤག་བཅོས་སྨན་པ་ཚོས་ཁོང་གི་བུའི་སྙིང་གི་གནས་སྟངས་དེ་གཤག་བཅོས་བྱས་ཀྱང་སླར་གསོ་བྱེད་ཐུབ་ཀྱི་མེད་ཅེས་བཤད་ཡོད།  

དེ་ནས་ཁོང་གིས་ཉེ་འགྲམ་གྱི་སྡོད་ས་དེར་བལྟ་བཞིན། ཅེང་གི་མིག་ནི་ཉིན་འགའི་སྔོན་དུ་ཡེ་ཤུ་པ་ཞིག་གིས་ཁོང་ལ་སྤྲོད་པའི་དེབ་ཆུང་དེ་ལ་འཕྲད་པ་བྱུང་ཡོད། ཅེང་གིས་བསམ་བློ་གང་ཡང་མ་གཏོང་བར་གློག་སྒྲོན་ཞིག་བཀར་ནས་ཀློག་འགོ་ཚུགས་པ་རེད། འཕྲིན་ཡིག་ཆུང་ཆུང་དེ་ཡིས་འཛམ་གླིང་འདི་བསྐྲུན་མཁན་དཀོན་མཆོག་སྐོར་ལ་བཤད་ཡོད། གཙོ་བོ་ཁོང་ནི་ང་ཚོར་མཉེས་པོ་གནང་མཁན་དང་ང་ཚོའི་དགོས་མཁོ་བསྣམས་འདོད་ཡོད་མཁན་དཀོན་མཆོག་ཡིན།

ཅེང་གིས་ཁོ་རང་གིས་ཀློག་པའི་འཕྲིན་བཟང་ཐོག་ལ་བསམ་བློ་བཏང་ཡོད། ཁོ་རང་ནི་རོགས་འདེགས་བྱེད་མཁན་མེད་པར་ལུས་ཡོད། གཙོ་བོ་དཀོན་མཆོག་འདི་ཡིས་ཕྱག་རོགས་གནང་ཐུབ་ཀྱི་ཡོད་དམ། གཙོ་བོ་དཀོན་མཆོག་ལགས། གལ་ཏེ་ཁྱེད་རང་དངོས་གནས་དེར་ཡོད་ན། བདག་གིས་གཙོ་བོ་ཁྱེད་ལ་ཕྱག་ལས་གཅིག་སྒྲུབ་དགོས་རྒྱུ་རེ་བ་ཞུ་རྒྱུ་ཡིན། ངའི་བུ་ལ་དྲག་གསོ་གནང་བར་མཛོད། གལ་སྲིད་གཙོ་བོ་ཁྱེད་ཀྱིས་དེ་ལྟར་སྒྲུབ་ན། ཁྱེད་ནི་བདག་གི་དཀོན་མཆོག་ཡིན། བདག་ནི་གཙོ་བོ་ཁྱེད་ཀྱི་རྗེས་སུ་འཇུག་རྒྱུ་ཡིན།

དེ་ནས་ཉིན་རྗེས་མ་དེར། ཅེང་གིས་བུའི་སྨན་ཁང་དུ་འཛུལ། སྨན་པ་དང་སྨན་གཡོག་ཚོས་ཁོང་གི་བུའི་ཉལ་ཁྲིའི་མཐའ་འཁོར་དུ་སྐད་ཅོར་རྒྱག་བཞིན་ཡོད། ཁོ་ཚོས་འཛུམ་དམུལ་དང་སྤྲོ་སེམས་འཁོལ་བའི་ངང་ནས་ཐིག་ཁྲམ་ལ་བལྟ་བཞིན་ཡོད། བུ་འདི་དྲག་སྐྱེད་བྱུང་ཡོད།

ད་ཁྱེད་རང་གི་དུས་རེད།

ཁྱེད་རང་ལས་ཀ་དང་སློབ་གྲྭ་ལ་དཀའ་ངལ་འཕྲད་ཀྱི་ཡོད་དམ། ཁྱེད་རང་སོ་སོའི་ཉེ་འཁོར་ན་ཡོད་པའི་མི་མཉམ་དུ་འཁྲུག་རྩོད་བྱུང་གི་ཡོད་དམ། ཁྱེད་རང་ན་བ་དང་སྐྲག་གི་འདུག་གམ། ཁྱེད་རང་ཁྱེར་རྐྱང་ཡིན་ནམ། ཁྱེད་རང་གི་མི་ཚེའི་ནང་ལ་ངན་སྤྱོད་ལང་ལ་ཤོར་བའམ་ཡང་ན་ཞན་ཆ་ཞིག་ལ་ནུས་པ་མེད་པ་གྱུར་ཡོད་དམ།

སྐྱབས་མགོན་ཡེ་ཤུ་ཡིས་ཕྱག་རོགས་གནང་ཐུབ་ཀྱི་ཡོད།

སྐྱབས་མགོན་ཁོང་གི་འདི་སྐད་དུ།“དཀའ་སྡུག་ཆེན་པོ་མྱོང་བ་དང་ཁུར་བོ་ལྕི་མོས་མནན་ཡོད་པ་ཐམས་ཅད་བདག་གི་དྲུང་དུ་ཤོག བདག་གིས་ཁྱེད་རྣམས་ལ་ངལ་གསོ་སྟེར་བར་བྱའོ།”(མ་ཐའེ་ཡི་གསུང་རབ་ ༡༡:༢༨)

ཁྱོད་ཀྱིས་ཕལ་ཆེར་སྐྱབས་མགོན་ཡེ་ཤུ་སུ་ཡིན་པ་གསལ་པོར་ཤེས་མི་ཐུབ། ཁྱེད་རང་གིས་སྐྱབས་མགོན་ཁོང་ནི་དངོས་གནས་ཡིན་ནམ་ཞེས་སྙམ་སྲིད། ཁྱེད་རང་གིས་བདེན་པ་ཤེས་རྒྱུ་དང་རོགས་རམ་དངོས་གནས་ཐོབ་འདོད་ཡོད་ན།  སྐྱབས་མགོན་ཡེ་ཤུ་ཡིས་ཁྱེད་ལ་རོགས་འདེགས་གནང་གི་རེད་ཅེས་ཁྱེད་རང་ཡིད་ཆེས་བྱེད་ཐུབ།

སྨོན་ལམ་སྟབས་བདེ་ཞིག་ལ། སྐྱབས་མགོན་ཡེ་ཤུ་ལགས། སྐྱབས་མགོན་ཁྱེད་ནི་བདེན་པ་ཡིན་པ་དང་བདག་ལ་ཕྱག་རོགས་གནང་ཐུབ་ཀྱི་ཡོད་པའི་ང་རང་ཡིད་ཆེས་བྱེད་འདོད་ཡོད་ཞེས་སོ། ཁྱེད་རང་དངོས་གནས་ཡིན་པ་ང་ལ་སྟོན་ནས་ཕྱག་རོགས་གནང་རོགས། ...སྟོང་ཆ་རྣམས་བཀང་། ང་ལ་ད་ལྟ་གཙོ་བོ་ཁྱོད་ལྟ་བུའི་དཀོན་མཆོག་གཅིག་དགོས་ཡོད།

སྐྱབས་མགོན་ཡེ་ཤུ་ཡིས་ཏན་ཏན་ཕྱག་རོགས་གནང་གི་རེད། དེ་ནས་སྐྱབས་མགོན་ཁོང་གིས་དེ་ལྟར་སྒྲུབ་སྐབས། ཁོང་གི་སྐོར་ལ་མི་གཞན་ལ་ཤོད་པར་བྱེད།

ཁྱེད་རང་གིས་སྐྱབས་མགོན་ཡེ་ཤུའི་སྟོབས་ཤུགས་སྐོར་ལ་ཤེས་འདོད་ཡོད་ན། ཡིག་ཆ་འདིའི་རྒྱབ་ཕྱོགས་ཀྱི་བརྡ་ལན་ལ་འབྲེལ་བ་གནང་རོགས།

Copyright © 2023 by Sharing Hope Publications. བརྩམས་ཆོས་འདི་ཆོག་མཆན་མེད་པར་ཚོང་ལས་མ་
གསུང་རབ་ཀྱི་ཚིགས་སུ་བཅད་པ་དེ་དག་ནི་དབྱིན་ཡིག་གི་གསར་རྒྱལ་པོ་ཇེམས་ཀྱི་བསྟན་བཅོས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། ཕྱི་ལོ་༡༩༨༢ ལོར་ཐོ་མཱས་ནེལ་སོན་གྱིས་དབང་ཚད་བཟུང་བ་ཡིན། བཀའ་འཁྲོལ་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱས་ཡོད། ཐོབ་ཐང་ཡོད་ཚད་བདག་ཉར་བྱས་ཡོད།

ང་ཚོའི་གསར་འགྱུར་ཡིག་ཆ་ལ་མིང་ཐོ་བཀོད་རོགས།

དཔེ་སྐྲུན་གསར་པ་ཐོན་སྐབས་ཐོག་མར་ཤེས་དགོས།

newsletter-cover