ཡེ་ཤུ་གིས་ ཆ་རོགས་འབད་ཚུགས་ག?

ཡེ་ཤུ་གིས་ ཆ་རོགས་འབད་ཚུགས་ག?

བཅུད་དོན།

ང་བཅས་ག་ར་ རང་གི་མི་ཚེ་ནང་ལུ་དཀའ་ངལ ་གདོང་ལན་འབད་དགོཔ་འདི་ རང་རྐྱང་འབད་སེལ་མ་ཚུགས། འཕྲལ་འཕྲལ་ ང་བཅས་ཀྱི་ན་ཟུག་འདི་ ག་གི་ཡང་མཐོང་ནི་མིན་འདུག་ཟེར་མནོཝ་མས། དེ་འབདཝ་ད་ བཀོད་པ་པོ་གཙོ་བོ་དཀོན་མཆོག་གིས་ག་ར་མཁྱེན་འོང་། ཁོ་གིས་ཁོ་རའི་སྲས་ཡེ་ཤུ་ ང་བཅས་ཚུ་ རང་དང་གཞན་གྱི་སྡུག་བསྔལ་འདི་ལས་ མཐར་ནི་དོན་ལུ་ འཆར་གཞི་བཟོ་སྟེ་ གཏང་ནུག། འ་ནི་སྲུང་གསུམ་འདི་གིས་ མི་ངོ་མ་དང་ ཁོང་རའི་སྡུག་བསྔལ་ངོ་མ་ཚུ་ ཡེ་ཤུ་སྦེ་སར་ ག་དེ་སྦེ་ཆ་རོགས་འཚོལ་འཚོལཝ་ཨིན་ནའི་ སྐོར་ལས་འགྲེལ་བཤད་རྐྱབ་ཨིན་པས། དུས་ཚོད་འདི་ཁར་ ཁོང་ག་གི་ཡང་ ཡེ་ཤུ་སྐོར་ལས་ལེགས་ཤོམ་སྦེ་མ་ཤེས་པས། དེ་འབདཝ་ད་ ཁོ་གིས་ཆ་རོགས་འབད་ཞིནམ་ལས་ ཁོང་གིས་ ཡེ་ཤུ་འདི་ལེགས་ཤོམ་སྦེ་ཤེས་དགོ་མནོ་ནུག། འ་ནི་དེབ་ཆུང་འདི་གིས་ ང་བཅས་ལུ་ སྨོན་ལམ་ག་དེ་སྦེ་བཏབ་ནི་ཨིན་ན་ སྟོན་བྱིནམ་ཨིན། འདི་གི་སྦེ་ ང་བཅས་རའི་ སྡུག་བསྔལ་ཚུ་ ཡེ་ཤུ་ལུ་ཞུ་ཚུགས། ཁོ་གིས་ཡང་ ང་བཅས་ལུ་ཆ་རོགས་མཛད་འོང་།

ཕབ་ལེན།

བརྩེ་བའི་ཆ་རོགས། ཁྱོད་ཀྱི་མི་ཚེ་ནང་ ག་ཅིག་དང་མཉམ་ འབྲེལ་བ་འཐབ་དོ་ག་ ང་མི་ཤེས་ ཨིན་རུང་ ང་བཅས་ག་ར་ རང་གིས་བསལ་ཐབས་མེད་པའི་དཀའ་ངལ་ཚུ་མྱོང་ནི་ཡོད། ནད་གཞི། སྙིང་ནད། ཆ་རོགས་མེད་པའི་སྐྱོང་སྣང་། ལང་ཤོར་ཐལ་ནི། དབུལ་ཕོངས། འདྲོག་ནི། ངོ་ཚ་བཅུག་ནི། ཁྱོད་ར་དཀའ་སྡུག་ ག་བཟུམ་མྱོང་རུང་ ཚ་གྱང་མ་ལང་ ཁྱོད་ལུ་ཆ་རོགས་འབད་ཚུགས་མི་ཅིག་ཡོད། ཁོ་གི་མཚན་ཡེ་ཤུ་མ་ཤི་ཀ་ཨིན། མི་མང་རབས་ཅིག་རོགས་རམ་དགོཔ་ད་ ཁོ་འབད་སར་འོངམ་བཞིནམ་ལས་ གྲོགས་རམ་ཐོབ་སྟེ་ཡོད། འོག་ལུ་ཡོད་མི་ལོ་རྒྱུས་གསུམ་འདི་ གཙོ་བོ་ཡེ་ཤུ་གིས་ ཨེ་ཤི་ཡའི་མི་ཚུ་ལུ་ རོགས་རམ་གནང་མི་སྐོར་ལས་སྲུང་ངོ་མ་ཨིན། 

སི་རི་གླང་ཀའི་ཨའི་གཞོནམ་ཅིག།

ཇ་ཡ་ཟེར་མི་འདི་ ཁྲག་བརྟག་དཔྱད་ཁང་ཆུང་ཀུ་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིནམ་མས། མོ་རའི་རྨགཔ་གིས་བཀོ་བཞག་ཡོདཔ་ལས་ མོ་ར་དང་མོ་རའི་བུ་ལུ་ རྒྱབ་སྐྱོར་འབད་ནི་དོན་ལུ་ མོ་ལཱ་གཡོག་ཡོད་ནི་འདི་གིས་ སེམས་དགའ་སྡོད་ནུག། མོ་ནང་པ་སངས་རྒྱས་ཀྱི་ ཆོས་ལུགས་རྗེས་སུ་འཇུག་མི་ཨིན་རུང་ ཇ་ཡ་དེ་ མོ་རའི་འགོ་དཔོན་ ཡེ་ཤུའི་ཆོས་ལུགས་འབད་མི་ ཨ་ན་དང་མཉམ་ ལཱ་འབད་ཡོད་མི་འདི་ལུ་ སྤྲོ་སྣང་འབྱུང་དོ་ཡོདཔ་ཨིན་མས། ཁོང་མགྱོགས་པ་རང་ ཆ་རོགས་འཆམ་ཏོག་ཏོ་ཅིག་སྦེ་སྡོད་ནུག།

ཉིནམ་གཅིག་ཇ་ཡ་ལཱ་འབད་བའི་སྐབས་སུ་ ཧང་ཏོམ་མར་ ན་ཟུག་ཤུགས་འབད་ར་རྐྱབ་ནུག། མོ་རའི་ལག་ངར་གུ་ ཁྲག་དང་རིངམོ་སྦེ་བཏོག་མི་ཁག་གསུམ་ མཐོང་མི་ལུ་བརྟེན་ མོ་འདྲོག་པའི་ཤུལ་གྱིས་ བྱེལ་སྐད་ཤོར་ནུག། ཇ་ཡ་གིས་ ཁང་མིག་ནང་ལུ་ འདྲེ་གི་རྣམ་ཤེས་ཡོདཔ་ཚོར་ནུག།

མོ་སྔུ་སར་གོ་ཞིནམ་ལས་ ཨ་ན་རྒྱུག་སྟེ་ར་ལྷོད་ནུག། མོ་གིས་ ཇ་ཡ་གི་གདོང་སེར་ཐང་ཐ་གུར་ འདྲོག་འདི་ཡོདཔ་མཐོང་ཞིནམ་དུ་ ཇ་ཡ་གིས་ ག་ཅིག་འབྱུང་ཡོདཔ་ཨིན་ན་མོ་ལུ་སླབ་ནུག། ཨ་ན་གིས་ ཇ་ཡ་ ངེ་གིས་དཀོན་མཆོག་ལུ་ ཨ་ནི་འདྲེ་ཚུ་གིས་རྣམ་ཤེས་འཐོན་འགྱོ་ནི་དོན་ལུ་ ནུས་ཤུགས་ཡོད་ ཟེར་སླབ་ནུག། ཨ་ན་གི་སྨོན་ལམ་བཏབ་ཞིནམ་ལས་ ཇ་ཡ་ལུ་ཞི་བདེ་གི་ཚོར་སྣང་འབྱུང་ནུག། འདྲེ་གི་རྣམ་ཤེས་འཐོན་ཡར་སོང་ནུག།

ཇ་ཡ་གིས་ སྨོན་ལམ་བཏབ་མི་འདི་ མགྱོགས་དྲགས་སྦེ་ ལཱ་འབད་མི་འདི་ལུ་བལྟ་སྟེ་ ང་རྣམ་རྟོག་ར་ལང་ཡི་ ཟེར་སླབ་ནུག། དེ་ལས་ ང་གི་འགོ་དཔོན་གྱིས་ཡེ་ཤུ་ལུ་སྨོན་ལམ་བཏབ་མི་སྐོར་ལས་ མངམ་ལྷབ་དགོ་པས། ཁོ་གིས་ སྨོན་ལམ་བཏབ་མི་ཚུ་ གཏན་གཏན་སྦེ་ར་གོ་བས།

བེང་ཀོག་ལུ་ཚོང་འབྲེལ་འཐབ་མི་ཨམ་གཅིག།

སོ་ཅིན་ཟེར་མི་ཨམ་སྲུ་འདི་ བེང་ཀོག་ལུ་མོ་རའི་ཚོང་སྡེ་མགྱོགས་དྲགས་སྦེ་ཡར་རྒྱས་གཏང་ཚུགས་མི་ ཚོང་འབྲེལ་པ་གཅིག་ཨིན་པས། ཨིན་རུང་ག་ར་ ལེགས་ཤོམ་མེདཔ་ཨིན་པས། མོ་དང་མོ་ར་ཉེན་རྐྱབ་ནི་ཟེར་མནོ་མི་ ཨ་རོགས་དགའ་རོགས་འདི་དང་མཉམ་ སོ་སོར་ཁ་བྱལ་འགྱོ་ཚརཝ་ཅིག་ཨིནམ་ལས་ མོ་རང་རྐྱངམ་གཅིག་སེམས་སྐྱོ་སྟེ་སྡོད་ནུག། 

བདུན་ཕྲག་བཅད་ལང་སོངམ་ལས་ ས་སྟེང་འདི་ནང་སྟོང་ཧང་ཧ་སྦེ་ཚོར་ནུག། སོ་ཅིན་ལུ་གནས་ཚུལ་ཚུ་ ཨ་རྟག་ར་འདྲོག་སི་སི་སྦེ་ རྐྱེན་ངན་ཚབས་ཆེན་ཅིག་ སྟོན་མི་སྦེ་མཐོང་ནི་འགོ་བཙུགས་ནུག། གླུ་གི་ཚིག་ཚུ་དང་གློག་བརྙན་ཚུ་ཡང་མི་ཚེའི་རྐྱེན་ངན་ཚབས་ཆེན་ཐོག་ལུ་ དམིགས་གཏད་བསྐྱེད་ནུག། མོ་གིས་ རྐྱེན་ངན་འདི་ཚུ་གི་རྒྱབ་ལུ་ འཆར་གཞི་རྩམ་མི་གཅིག་ཡོདཔ་འོང་ཟེར་ མནོ་ནུག། ཨིན་རུང་ འཛམ་གླིང་ནང་ ལེགས་ཤོམ་ཡོད་མི་ཚུ་གི་སྐོར་ལས་ ག་དེ་སྦེ་ཨིན་ན? འདི་གིས་རྒྱབ་ལུ་ སྲོག་ཅན་འདུག་ག? མོ་གིས་མ་ཤེས་པས།

ཞག་གཅིག་འབདཝ་ད་ སོ་ཅིན་གཉིད་མ་ལོག་པར་ མོ་རའི་ཁང་མིག་ནང་ ཡོདཔ་ཨིནམ་ཧ་གོ་སྡོད་ནུག། འགོ་དང་པ་འདི་ མོ་གཉིད་ལམ་མཐོང་ཨིན་མས་ཟེར་ མནོ་ནུག། ཨིན་རུང་ མོ་གིས་ལོག་བལྟཝ་ད་ མོ་རའི་ཉལ་ཁྲི་གི་རྐངམ་རྩ་བར་ མི་གཅིག་ལོང་སྡོད་ས་མཐོང་ནུག། ཧ་ལས་སི་སི་སྦེ་ མོ་གིས་མ་འདྲོག་པས། མོ་གིས་ བྱམས་བརྩེ་ཅན་གྱིས་གདོང་ལུ་བལྟ་ཞིནམ་ལས་ འ་ནི་སྲོག་ཅན་འདི་ ལེགས་ཤོམ་ཨིན་མས་ཟེར་ཧ་གོ་ནུག། ལོག་འདི་ར་ ཨིན་མས་ག་མེན་པས་ག་བལྟ་ཞིནམ་ལས་ མོ་གིས་མིག་ཏོ་བཙུམ་སྟེ་ འགྲོས་ཀྱིས་སྦེ་གཉིད་ལོག་ད་ནུག།

ནངས་པ་ཟེརཝ་ད་ སོ་ཅིན་གྱིས་ནུབ་མོ་ མོ་ར་འབད་ས་འོང་མི་འདི་གི་སྐོར་ལས་ མནོ་བསམ་གཏང་ཞིནམ་ལས་ མོ་གིས་མཐོང་མི་སྲོག་ཅན་འདི་ གཙོ་བོ་ཡེ་ཤུ་ཨིན་མས་ཟེར་བདེན་འཛིན་རེ་ནུག། མོ་གིས་ མོ་རའི་ཐབས་རྡུགས་འདི་ ཁོ་གིས་ཧ་གོ་ཞིནམ་ལས་ མོ་ལུ་ཆ་རོགས་མཛད་པར་ བྱོན་ནུག་ཟེར་མནོ་ནུག། ཁོ་གི་སྐོར་ལས་ ག་ཏེ་ལས་མངམ་ལྷབ་ནི་ཐོབ་ག་ཟེར་ ཐེ་ཚོམ་ཟ་སྟེ་ མོ་ར་མ་ཤི་ཀའི་མཆོད་ཁང་ནང་འགྱོ་ནི་ལུ་ ཡིད་ཆེས་སྦོམ་བསྐྱེད་སྡོད་ནུག། མོ་གིས་ གསུང་རབ་ལྷབ་པའི་བསྒང་ མོ་གིས་ཡེ་ཤུའི་སྐོར་ལས་དང་ ཁོ་ལུ་ག་དེ་སྦེ་སྐྱབས་འཚོལ་ནི་ཨིན་ན་ ཚུ་གི་སྐོར་ལས་ལྷབ་ནུག། སོ་ཅིན་གྱིས་ མོ་ནམ་ཡང་ལོག་འདི་ མོ་རང་རྐྱངམ་གཅིག་ སྡོད་མིན་དགོ་ཟེར་ཤེས་རྟོགས་འབྱུང་ནུག།

མ་ལའི་ཤཱ་ནང་ ངེས་པར་དུ་ ཁག་ཆེ་ཡོད་པའི་ཨ་པ།

ཅེན་གྱིས་ ཁོ་ར་ཞག་དག་པ་ཅིག་ ཁོ་རའི་སྣུམ་འཁོར་ཀཱར་གི་སྡོད་ཁྲི་གུ་ཉལ་སྡོད་ཡོད་མི་ནང་ མ་བདེ་ཁག་ཁ་སྦེ་བསྒྱིར་ནུག། མ་པ་ཁོ་ར་ སྨན་ཁང་ནང་ ཁོ་རའི་བུ་གི་ཟུར་ཁར་སྡོད་དོ་ཡོད་རུང་ ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ ནུབ་མོ་གཅིག་ནང་ཕམ་གཅིག་ལས་བརྒལ་ ཁང་མིག་ནང་སྡོད་མ་ཆོགཔ་ཨིན་མས། 

ཁོ་རའི་བུ་གཞོནམ་འདི་གི་ ཚེ་སྲོག་ལུ་ཉེན་ཁ་ཡོད་པའི་ དོན་ཧིང་ནད་ཀྱི་ གནས་སྟངས་འདི་བཟུམ་ ག་ཅི་སྦེ་ཡོདཔ་ཨིན་ན་སྨོ? ཁོ་ ཚེ་ལས་འདས་པ་ཅིན་ ག་དེ་སྦེ་འབད་ནི? ཁོ་རའི་ ཨ་ལུ་ཕུད་དོ་གཅིགཔ་འདི་ མེད་པར་སྡོད་ནི་འདི་ མནོ་བསམ་རང་གཏང་མི་ཚུགས་དོ་ཡོད་མས། ཅན་གྱི་གདོང་ལས་མར་ མིག་ཆུ་འཛག་ནུག། ཁོ་ར་ག་ནི་ཡང་ འབད་མ་ཚུགསཔ་ཡར་སོང་ནུག། ཁོ་རའི་ ཕམ་ཚུ་ལུ་སྨོན་ལམ་བཏབ་མི་དང་ ལྷ་ཁང་མཇལ་བར་འགྱོ་མི་ཚུ་གིས་ རོགས་རམ་ག་ནི་ཡང་མ་ཐོབ་པས། ད་གཤག་བཅོས་དྲུང་འཚོ་གིས་ ཁོ་རའི་བུ་གི་དོན་ཧིང་གི་གནས་སྟངས་འདི་ གཤག་བཅོས་འབད་རུང་ བཅོ་ཁ་རྐྱབ་མི་ཚུགས་ནི་མས་ཟེར་སླབ་ནུག། 

ཁོ་སྡོད་སའི་སྦོ་ལོགས་ཁར་སྡོད་ཁྲི་གུ་བལྟཝ་ད་ ཁོ་རའི་མིག་ཏོ་འདི་ མ་ཤི་ཀ་པ་ཅིག་གིས་ཉིནམ་དག་པ་ཅིག་གི་ཧེ་མ་ ཁོ་ལུ་བྱིན་མི་ ཡིག་ཤོག་ཆུང་ཀུ་གཅིག་མཐོང་མི་འདི་གུ་གཡེང་ཆི་ནུག། མནོ་བསམ་ག་ནི་ཡང་མ་གཏང་པར་ ཅན་གྱིས་ མེ་ཡོད་ས་ནང་ལྷོག་སྟེ་ ལྷག་ ནི་འགོ་བཙུགས་ནུག། ཡིག་ཤོག་ཆུང་ཀུ་ནང་ རང་ལུ་ཧིང་ལས་བརྩེ་བ་ཡོད་མི་དང་ ང་བཅས་ཀྱི་དགོས་མཁོ་ཚུ་ ཁོ་ལུ་འབག་ནི་ལུ་རེ་བ་སྐྱེདཔ་མི་ དཀོན་མཆོག་གིས་འཛམ་གླིང་བཀོད་གནང་པའི་སྐོར་ལས་བཤདཔ་ཨིན་མས།

ཅན་གྱིས་ ཁོ་ར་ ག་ཅི་ལྷབ་ཡོདཔ་ཨིན་ན་ མནོ་བསམ་བཏང་ནུག། ཁོ་ར་ ག་ནི་ཡང་འབད་མ་ཤེས་པས། འ་ནི་དཀོན་མཆོག་གིས་ ཆ་རོགས་འབད་ཚུགསཔ་ག? གཙོ་བོ་དཀོན་མཆོག་ ཁྱོད་ར་ངོ་མ་སྦེ་ཡོད་པ་ཅིན་ ང་ལུ་ལཱ་གཅིག་འབད་གནང་ཟེར་ཞུ་ནི་ཨིན། སྐུ་ཆེ་འབད་གེ་ ང་གིས་བུ་འདི་ནད་ལས་དྲག་བཅུག། འདི་ཁྱོད་ཀྱི་འདི་མཛད་གནང་པ་ཅིན་ ཁྱོད་ངེ་གི་དཀོན་མཆོག་འབད་ནི་ཨིནམ་དང་ ང་གིས་ ཁྱོད་ཀྱི་རྗེས་སུ་འཇུག་འོང་།

ནངས་པ་དྲོ་པ་ཟེརཝ་ད་ ཅན་ཁོ་རའི་བུ་གི་ སྨན་ཁང་གི་ནདཔ་བཞག་སའི་ཁང་མིག་ནང་འཛུལ་ནུག། དྲུང་འཚོ་དང་ནད་གཡོགཔ་ཚུ་ ཁོ་རའི་བུ་གི་ཉལ་ཁྲི་མཐའ་འཁོར་ལུ་ འུར་སྒྲ་འཐབ་སྡོད་ནུག། ཁོང་ཚུ་ དགའ་འཛུམ་སྟོན་ཡི་རང་ སྤྲོ་བའི་ཐོག་ལས་ཤོག་ཁྲམ་ནང་བལྟ་སྡོད་ནུག། བུ་འདི་དྲག་སོ་ནུག།

ད་ཁྱོད་ཀྱི་སྐོར་རྒྱབ་ཨིན།

ཁྱོད་རའི་ལཱ་དང་སློབ་གྲྭ་ལུ་བརྟེན་ཏེ་ ཁྱོད་ལཱ་ཁག་བཏང་མས་ག? ཁྱོད་རའི་ཉེ་འདབས་ནང་ལས་ཕར་སྡོད་མི་ མི་ཚུ་དང་གཅིག་ཁར་ བྱ་སྟབས་མ་བདེཝ་འཐོན་མས་ག? ཁྱོད་རང་ན་ནི་ཡང་ན་འདྲོག་མས་ག? ཁྱོད་ར་རྐྱངམ་གཅིག་ཨིན་ཟེར་ཚོར་མས་ག? ཁྱོད་ཀྱིས་ ལང་ཤོར་ངན་པ་ཚུ་དང་ མི་ཚེ་ནང་སྟོབས་ཤུགས་ཉུང་མི་འདི་ལུ་ བློ་སྟོབས་མེདཔ་ཨིན་ན? 

ཡེ་ཤུ་གིས་ ཁྱོད་ལུ་ ཆ་རོགས་འབད་ཚུགས།

ཁོ་གིས་ ཁྱོད་ ཐང་ཆད་མི་དང་ ཁུར་ཆ་སྦོམ་འབག་མི་ག་ར་ ང་འབད་སར་ཤོག་ ང་གིས་ ཁྱོད་ལུ་ངལ་གསོ་གནང་འོང་ ཟེར་གསུང་མས། (མད་ཐེ་ཡས ༡༡:༢༨)

ཡེ་ཤུ་འདི་ག་ཨིན་ན་ ཁྱོད་ཀྱིས་ ཆ་ཚང་ཧ་མི་གོ་དོ་འོང་། ཁོ་ངོ་མ་ཨིན་ན་ཟེར་ ཁྱོད་ཐེ་ཚོམ་ཟ་དོ་འོང་། ཨིན་རུང་ ཁྱོད་ར་ཕྲངམ་སྦེ་རང་བདེན་པ་ འདི་ཤེས་གོ་མནོ་ནི་དང་ ངོ་མ་ར་ཆ་རོགས་འབད་ནི་ལུ་ རེ་འདོད་ངེས་གཏན་ཡོད་པ་ཅིན་ ཡེ་ཤུ་གིས་ཁྱོད་ལུ་ཆ་རོགས་མཛད་གནང་འོང་།

སྨོན་ལམ་འཇམ་ཏོང་ཏོ་སྦེ་བཏབ་ནི་ དེ་ཡང་ ཡེ་ཤུ་ ང་གིས་ ཁྱོད་ངོ་མ་ཨིནམ་དང་ ང་ལུ་རོགས་རམ་འབད་ཚུགས་ཟེར་ ཡིད་ཆེས་སྐྱེད་ནི་ཨིན། སྐུ་ཆེ་འབད་གེ་ ཁྱོད་ངོ་མ་ཨིན་ཟེར་སྟོན་གནང་ དེ་ལས་ ང་ལུ་་་་་་་ས་སྟོང་བསུབ་ནི་ལུ་ ཆ་རོགས་མཛད་ནང་།་་་་་ད་ལྟོ་ ང་ལུ་ ཁྱོད་བཟུམ་མའི་དཀོན་མཆོག་དགོ་པས།

ཡེ་ཤུ་གིས་ངེས་པར་དུ་ རོགས་རམ་མཛད་འོང་། ཁོ་གིས་ ཆ་རོགས་མཛདཔ་ད་ལུ་ ཁོ་གི་སྐོར་ལས་གཞན་ལུ་སླབ། ཁྱོད་ར་ ཡེ་ཤུའི་སྟོབས་ཤུགས་སྐོར་ལས་ ཁ་སྐོང་ཤེས་གོ་མནོ་བ་ཅིན་ ང་བཅས་དང་མཉམ་ འ་ནི་རྒྱབ་ཤོག་ནང་ཡོད་པའི་ གནས་ཚུལ་འདི་ནང་འབྲེལ་བ་འཐབ་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་  གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”
རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།

ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།

གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།

newsletter-cover