
དེེ ་བས་མཛེེ ས་སྡུག་ལྡན་ པོའིི ་འིབྱུང་འིགྱུར་།
སྙིང་བསྡུས།
འཇིག་རྟེན་དེའི་ནང་དུ་གནས་ཚུལ་སྡུག་ཅག་རིགས་བྱུང་གི་ཡོད། འགྲོ་བ་མི་རྣམས་དཀའ་སྡུག་མྱངས་བ་དང་འཆི་བར་གྱུར་ཡོད། འོན་ཀྱང་། མ་འོངས་པའི་དོན་དུ་རེ་བ་ཞིག་ཡོད། ཡེ་ཤུ་པའི་དམ་པའི་གསུང་རབ་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་དགའ་མགུ་ཡི་རང་བྱེད་མཁན་རྣམས་བདེ་འཇགས་གནས་སུ་ཁྲིད་ཕྱིར་སྐྱབས་མགོན་ཁོང་ཉིད་སླར་ཕེབས་ཀྱི་ཡོད་པའི་སྐོར་ལ་གསུང་གི་ཡོད། དེར་སུ་ལའང་ན་བའམ་སྡུག་བསྔལ་མི་འབྱུང་ངོ། འགྲོ་བ་མི་ཐམས་ཅད་གཏན་དུ་ཞི་བདེ་དང་འཆམ་མཐུན་ངང་གནས་པར་གྱུར། ཁྱེད་རང་དཀོན་མཆོག་གིས་བཀོད་སྒྲིག་གནང་བའི་མཛེས་སྡུག་ལྡན་པའི་མ་འོངས་པའི་ཆ་ཤས་ཤིག་ཇི་ལྟར་བྱེད་ཐུབ་མིན་ཐད་དེབ་ཆུང་འདི་ཡིས་ང་ཚོར་བཤད་ཀྱི་ཡོད།
དཔེ་མཚོན།
Tract
པར་བསྐྲུན་གནང་མཁན།
Sharing Hope Publications
མཁོ་སྒྲུབ་བྱེད་ཐུབ།
15 སྐད་ཡིག
ཤོག་ངོས།
6
ལི་ཡིས་སོ་སོའི་བུ་མོ་ཆུང་ཆུང་གཉིས་མཉམ་དུ་རིམ་འདས་ཚོང་ཁང་བརྒྱུད་ནས་འགྲོ་སྐབས་དམ་པོར་བཟུང་ཡོད། ཁོས་བདེ་སྲུང་གི་བསམ་པ་སྒོ་ནས། གཟབ་གཟབ་བྱོས་ཤིག ཅེས་སྨྲ་བར་བྱས། ཨ་ཕའི་ཉེ་འགྲམ་དུ་སྡོད། ཁོའི་མགོ་འཁོར་བ་རེད། ཁོ་རང་འདི་ལྟ་བུ་ཁྲོམ་རར་འགྲོ་རྒྱུར་གོམས་འདྲིས་མེད་པ་རེད། དེ་བཞིན་ཁོ་རང་གིས་ཏན་ཏན་སོ་སོའི་ཕྲུ་གུ་ལ་ལྟ་སྐྱོང་བྱེད་རྒྱུ་གོམས་འདྲིས་མེད་ངེས།
ལི་ཡིས་ཁ་ལག་ཉོས་ནས་བུ་མོ་དང་མཉམ་དུ་སྤྱི་སྤྱོད་རླངས་འཁོར་ལ་འཛེགས་སྐབས་ཡིད་སྐྱོ་ཚོར་བ་ཞིག་བྱུང་། ཁོས་བདུན་ཕྲག་འགའ་ཤས་སྔོན་ལ་འདས་གྲོངས་སུ་གྱུར་བའི་བཟའ་ཟླ་འདི་དྲན། ཁོས་མོའི་འཛུམ་མདངས་ལྡན་པའི་ངོ་གདོང་འདི་དྲན། ཁོས་མོ་རང་གིས་བཟོས་པའི་ཁ་ལག་དང་ཕྲུ་གུ་ལ་ལྟ་སྐྱོང་བྱེད་སྟངས་རྣམས་དྲན། ཁོས་ཁོ་ཚོའི་མཉམ་དུ་ཡོད་པའི་འཚོ་བ་འདི་ལྟར་ཡིད་སྐྱོ་བའི་སྒོ་ནས་མཇུག་སྒྲིལ་རྒྱུ་ཡིན་པའི་བསམ་པ་ནམ་ཡང་བསྐྱེད་མྱོང་མེད།
ཅིའི་ཕྱིར་ཁོ་འདི་འདྲའི་སྡུག་བསྔལ་མང་པོ་མྱོང་དགོས། ཁོའི་ཕྲུ་གུ་ཚོས་ཅིའི་ཕྱིར་སྡུག་བསྔལ་མྱོང་དགོས་སམ། འདི་ནི་ཁོ་རང་གིས་མ་འོངས་པའི་དོན་དུ་རེ་བ་བྱེད་ཐུབ་པའི་དོན་དག་ཡག་ཤོས་དེ་རེད་དམ།
མ་འོངས་པའི་དོན་དུ་རེ་བ་བྱེད་པ།
དུས་ཀྱི་འགྱུར་བ་དང་བསྟུན་ནས་ལི་ཡིས་རང་ཉིད་ལ་མ་འོངས་པའི་མདུན་ལམ་བཟང་པོ་ཞིག་འཚོལ་བ་ལ་ཆོས་ལུགས་ཀྱིས་རམ་འདེགས་ཅི་ཞིག་གནང་ཐུབ་ཀྱི་ཡོད་མིན་བསམ་བློ་བཏང་ཡོད། ཡིན་ནའང་ཁོང་གིས་ཆོས་ལུགས་ཚང་མས་སོ་སོའི་ཐབས་ཤེས་ཞིག་བསྟན་གྱི་ཡོད་པ་དང་ཆོས་ལུགས་ཚང་མ་བཟང་པོ་ཞིག་མིན་པ་ཤེས་རྟོགས་བྱུང་ཡོད། ཁོས་སོ་སོའི་བོར་བརླག་སོང་བ་དག་ལ་དོན་སྙིང་ལྡན་པའི་ལན་གང་ནས་རྙེད་ཐུབ་བམ། ཁོ་རང་གི་བཟའ་ཟླ་དང་ལྷན་དུ་མཉམ་འཛོམས་བྱེད་ཐུབ་པའི་རེ་བ་མེད་དམ། མཐའ་མེད་པའི་སྡུག་བསྔལ་དེ་ནམ་ཞིག་སེལ་ཐུབ་བམ།
ལྟ་གྲུབ་རིག་པ་ཁ་ཤས་ཀྱིས་འཇིག་རྟེན་འདི་ཉིད་བརྟན་པོའི་ངང་གོང་འཕེལ་འགྲོ་ཀྱི་ཡོད་པ་ཞིག་སློབ་སྟོན་བྱེད་ཀྱི་ཡོད། འོན་ཀྱང་ལི་ཡིས་དེ་ལས་ལྡོག་པ་ཞིག་གསལ་པོ་མཐོང་ཐུབ་ཡོད། ཆོས་ལུགས་གཞན་པ་ཚོས་བྲོས་བྱོལ་གྱི་འཆར་གཞི་ཞིག་བཏོན་གྱི་ཡོད། ཁོང་ཚོས་འཛམ་གླིང་འདི་ནི་རྟག་ཏུ་མུན་སྒྲིབ་ལྟ་བུ་ཡིན་པ་མཐོང་ཞིང་། སྐྱེས་བུ་བཟང་པོ་རྣམས་གྲོངས་སྐབས་གཙོ་བོ་དཀོན་མཆོག་གིས་དེ་དག་ལ་སྐྱོབ་ནས་ལྷ་ཡུལ་དུ་བསྐྱལ་གནང་གི་ཡོད་པ་ཞིག་སློབ་སྟོན་བྱེད་ཀྱི་ཡོད། འགའ་ཤས་ཀྱིས་བརྗོད་མི་ཐུབ་པའི་གཏན་འཇགས་གནས་སྟངས་ཀྱི་བསམ་ཚུལ་ཏེ། མྱ་ངན་ལས་འདས་པ་ལ་གཙོ་བོར་བལྟ་བཞིན་ཡོད། འོན་ཀྱང་དེ་ནི་བྱེད་པོ་མི་གསལ་བ་བཏོན་པ་ཞིག་རེད། ལི་ཡིས་ལྟ་ཚུལ་ཡག་ཤོས་ནི་ཅི་ཞིག་ཡིན་པ་སྙམ།
ཡེ་ཤུ་པའི་ཐབས་ལམ།
ལི་ཡིས་ཡེ་ཤུའི་ཁྱིམ་མཚེས་ཤིག་དང་གླེང་མོལ་བྱེད་འགོ་ཚུགས་པ་རེད། ཁོ་རང་གིས་ཡེ་ཤུ་པའི་དམ་པའི་གསུང་རབ་བཡི་བཱལ་ནང་དུ། འགྲོ་བ་མི་ཡིས་ང་ཚོའི་བཀོད་པ་པོ་དཀོན་མཆོག་ལ་གྱེན་ལོག་བྱས་པ་བརྟེན་འཇིག་རྟེན་པ་རྣམས་དཀའ་སྡུག་མྱངས་བའི་གནས་བབ་ཏུ་གནས་ཡོང་པ་ཞིག་སློབ་སྟོན་གནང་གི་ཡོད་པ་ཤེས་ཡོད། (བཀོད་པ་ ༦:༥) ཡིན་ནའང་བཀོད་པ་པོ་དཀོན་མཆོག་གིས་འཛམ་གླིང་འདི་ཡང་དག་པའི་གཞི་རྟེན་ཐོག་མ་ལ་བསྐྱར་དུ་བསྐྲུན་རྒྱུ་ཞལ་བཞེས་གནང་ཡོད། (མངོན་པ་ ༢༡:༡) ཁོ་ཚོའི་རང་གཅེས་འཛིན་གྱི་བསམ་པ་དེ་དག་གཙོ་བོ་དཀོན་མཆོག་ལ་བསྒྱུར་བཅོས་གཏོང་བཅུག་མཁན་ཚོར་འཛམ་གླིང་གསར་པའི་ནང་དུ་ཕེབས་བསུ་ཞུ་ཡི་རེད།
དམ་པའི་གསུང་རབ་ནང་དུ། དཀོན་མཆོག་གིས་ཁོ་རྣམས་ཀྱི་མིག་ཆུ་ཐམས་ཅད་དབྱི་བར་འགྱུར་ཞིང་། སྔོན་གྱི་དོན་རྣམས་འདས་ཟིན་པས། ད་ནི་འཆི་བ་ཡོད་མི་སྲིད་ལ། མྱ་ངན་དང་། ངུ་འབོད། ཟུག་གཟེར་བཅས་ཀྱང་ཡོད་མི་སྲིད་དོ། (མངོན་པ་ ༢༡:༤) སྡུག་བསྔལ་ནི་གཏན་ནས་བྲལ་བར་འགྱུར།
དུས་དེར་ལོང་པ་རྣམས་ཀྱི་མིག་འབྱེད་ཅིང་། འོན་པ་རྣམས་ཀྱི་རྣ་བས་ཐོས་པ་དང་། དུས་དེར། ཞ་བོ་རྣམས་ཤྭ་བ་ལྟར་མཆོང་ཞིང་། ལྐུགས་པའི་ལྕེ་ཡིས་སྤྲོ་གླུ་ལེན་པར་འགྱུར། དབེན་སྟོང་ནས་ཆུ་ཐོན་ཞིང་། བྱེ་ཐང་རྣམས་ལས་གཙང་པོ་བཞུར་བར་འགྱུར། (ཡེ་ཤ་ཡ་ ༣༥:༥-༦) ལུས་པོའི་སྐྱོན་ཆ་རྣམས་མེད་པར་འགྱུར་གྱི་རེད།
རང་བྱུང་གི་འཇིག་རྟེན་ཡང་སླར་གསོ་ཡོང་ངེས་ཡིན། སྤྱང་ཀི་དང་ལུ་གུ་གཉིས་མཉམ་དུ་འཚོ་ཞིང་། སེང་གེས་གླང་ལྟར་རྩྭ་བཟའ། (ཡེ་ཤ་ཡཱ་ ༦༥:༢༥)
འདི་ནི་ཇི་ལྟར་འབྱུང་གི་ཡོད་དམ། དམ་པའི་གསུང་རབ་ནང་དུ། གཙོ་བོ་དཀོན་མཆོག་ནི་ངོ་མཚར་ཡ་མཚན་ལྡན་པའི་སྒོ་ནས་ཕེབས་ཀྱི་ཡོད། (མ་ཐཱ་ ༢༤:༣༦–༤༢) ཡིན་ནའང་སུ་གང་གིས་མཇལ་མི་ཐུབ་པ་བྱུང་གི་མེད། ཅི་ཕྱིར་ཞེ་ན། གཙོ་བོ་ཁོང་ནི་སྤྲིད་ཚོགས་བརྒྱུད་ནས་ཕེབས་ཞིང་། མིག་ལྡན་ཀུན་གྱིས་མཇལ་བ་གྱུར། (མངོན་པ་ ༡:༧) ས་གཞི་དེར་འབྲུག་སྐད་དང་གློག་འཁྱུག ས་ཡོམ་བཅས་བྱུང་གི་ཡོད། (མ་ཐཱ་ ༢༤:༢༧, མངོན་པ་ ༡༦:༡༧–༢༡)
རྔ་ཆེན་ཞིག་སྒྲོག་པར་འགྱུར། འཇིག་རྟེན་བཀོད་པ་པོའི་ཞལ་བཞེས་ལ་ཡིད་ཆེས་བྱེད་མཁན་གྲོངས་ཟིན་པ་དེ་ཚོ་སླར་ཡང་གསོན་པོར་འགྱུར་གྱི་རེད། དད་ལྡན་པ་མཉམ་དུ་བསྡད་དེ། བདག་ཅག་གསོན་པོར་གནས་པ་རྣམས་གློ་བུར་དུ་དེ་རྣམས་སྤྲིན་ཕུང་ནང་དུ་དྲངས་སྟེ། བར་སྣང་ནས་གཙོ་བོ་དཀོན་མཆོག་ལ་མཇལ་ཞིང་ཁོང་དང་ལྷན་ཅིག་ཏུ་གནས་པར་གྱུར་། (ཐེ་སོ་ལོ་ནིཡ་དང་པོ་ ༤:༡༧) ཅི་འདྲའི་བདེ་སྐྱིད་ལྡན་པའི་བསྐྱར་འཛོམས་ཨང་།
གཙོ་བོ་དཀོན་མཆོག་གིས་མི་ཚང་མ་འཇིག་རྟེན་གསར་པའི་ནང་འཚོ་བ་སྐྱེལ་ཐུབ་པའི་ཐུགས་རེ་གནང་སྐབས། མཐར་མི་ངན་རྣམས་རྩ་བརླག་ཏུ་གཏོང་བར་གྱུར། (པི་ཏྲོ་གཉིས་པ་ ༣:༩-༡༡) དེ་རྗེས་དཀོན་མཆོག་གིས་འཛམ་གླིང་འདི་བསྐྱར་དུ་བསྐྲུན་ནས་ང་ཚོར་འབགས་བཙོག་དང་སྡུག་བསྔལ་དང་འཆི་བ་བཅས་ནས་བྲལ་བའི་ང་ཚོའི་ཁྱིམ་ཚང་གསར་པ་ཐོག་ཏུ་ཕེབས་བསུ་ཞུ་བར་མཛད་ཀྱི་ཡོད།
བསྐྱར་དུ་བསྐྲུན་པའི་འཛམ་གླིང་དེ་བསམ་གཞིག་བྱོས།
ལི་ཡིས་དམ་པའི་གསུང་རབ་ཀློག་སྐབས། ཁོང་གིས་དེའི་ནང་དུ་བརྗོད་པའི་སྣང་བརྙན་ཐོག་ཏུ་བསམ་ཞིབ་བྱས་ཡོད། ཁོ་རང་གིས་སོ་སོའི་སླར་གསོན་པའི་བཟའ་ཟླ་དང་མཉམ་དུ་རྩྭ་བསིལ་པོའི་ས་གདན་སྟེང་དུ་གོམ་པ་རྒྱག་པའི་འཆར་སྣང་བསྐྱེད་ཡོད། ཁོང་ཚོའི་བུ་མོ་ཚོ་སྟག་ཆེན་པོ་ཞིག་དང་མཉམ་དུ་རྩེད་མོ་རྩེད་ཞིང་། ཁོང་ཚོས་ཆུ་བོ་ཞིག་གི་ཉེ་འགྲམ་དུ་ཐུགས་སྤྲོ་གཏོང་བཞིན་ཡོད།
བདུན་ཕྲག་གཅིག་ལ་ཐེངས་ཅིག ཁོ་ཚོས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་རྒྱལ་ཁྲིར་འཁོད་པའི་གྲོང་ཁྱེར་གཙོ་བོ་དེར་གནས་སྤོས་བྱེད་རྒྱུ་བཞུགས་ཡོད། (ཡེ་ཤ་ཡཱ་ ༦༦:༢༢-༢༣) ཁོང་ཚོ་གསེར་གྱི་སྲང་ལམ་བརྒྱུད་ནས་གོམ་པ་རྒྱག་པ་དང་། ཁོང་ཚོའི་སེམས་ནང་དུ་བཀོད་པ་པོ་དཀོན་མཆོག་ཆེད་དུ་བྱམས་པ་དང་དགའ་བ་རབ་ཏུ་བསྐྱེད་ཡོད། ཁོ་ཚོས་མཉམ་དུ་གཙོ་བོ་དཀོན་མཆོག་ལ་བསྟོད་གླུ་བླངས།
དེར་སུ་གང་ཞིག་རྒས་རྒྱུ་དང་། ནད་པ་ཆགས་རྒྱུ་དང་། འཆི་རྒྱུ་བཅས་བྱུང་གི་མེད། བདེ་སྐྱིད་དང་བྱམས་པ་ཡོངས་སུ་སྒྲུབ།
དྲང་བདེན་བྱེད་རྒྱུ་ནི་ཧ་ཅང་བཟང་པོ་ཞིག་ཡིན་ནམ།
ལི་ཡིས་ཡེ་ཤུ་པའི་ཆོས་ལུགས་ཀྱི་གསུང་རབ་མདོ་ལ་ཀློག་བཞིན་དགའ་བ་བསྐྱེད་ཡོད། སྐབས་རེ་དྲང་བདེན་བྱེད་རྒྱུ་ནི་བཟང་པོ་ཞིག་ཡིན་པར་སྣང་། ཁོ་རང་གིས་བྱེད་ཐུབ་པ་ནི་ཐུགས་རྗེ་ཆེ་ཞུ་བའི་སྨོན་ལམ་ཞིག་བརྒྱབ་པ་དེ་རེད། ཨ་ཕ་གཅིག་པོ་བསྐྱངས་རྒྱུ་འཚོ་བ་དེ་ནི་ལས་སླ་པོ་ཞིག་མ་རེད། འོན་ཀྱང་ད་ལྟ་ཁོ་རང་ལ་མ་འོངས་པའི་ཆེད་དུ་ཞི་བདེ་བག་ཕེབས་དང་རེ་བ་ཞིག་ཡོད།
སྡུག་བསྔལ་ནི་འགྲོ་བ་མི་ཐམས་ཅད་ལ་གཅིག་མཚུངས་ཡིན། མཚམས་འཇོག་བྱེད་རྒྱུ་དང་དཀའ་ངལ་ཐོག་ཏུ་དོ་སྣང་བྱེད་རྒྱུ་ནི་ལས་སླ་པོ་ཞིག་རེད། འོན་ཀྱང་།གཏམ་བཟང་ཡོད། དམ་པའི་གསུང་རབ་ནི་འཇིག་རྟེན་གྱི་ཐོག་མའི་འབྱུང་ཁུངས་ཙམ་མ་ཡིན་པར་ང་ཚོའི་འཇིག་རྟེན་གི་མཐའ་མའི་མདུན་ལམ་ཐོག་ཏུ་འགྲེལ་བཤད་རྒྱག་པའི་དཔེ་དེབ་ཅིག་ཡིན། དེ་ཡང་ཡིད་དུ་འོང་བའི་མདུན་ལམ་ཐོག་ཏུ་ང་དང་ཁྱེད་རྣམས་བསྡུས་ཡོད། དེའི་ནང་དུ། ང་ཚོའི་བརྩེ་བའི་གཉེན་ཉེ་ཚང་མ་ཡང་ཚུད་ཐུབ།
ཁྱོད་ཀྱི་སྐོར་ལ་ཅི་ཞིག་ཡོད་དམ།
ཁྱེད་རང་གིས་སོ་སོ་རང་ཉིད་ཆེད་དུ་དཀོན་མཆོག་གིས་ཡིད་དུ་འོང་བའི་མ་འོངས་པ་ཞིག་བཀོད་སྒྲིག་གནང་ཡོད་པ་འདི་ཐོག་ལ་འཚོལ་ཞིབ་བྱེད་འདོད་ཡོད་དམ། ཁྱེད་རང་གིས་སོ་སོའི་སྡུག་བསྔལ་ལ་གཙོ་བོ་ཁོང་གིས་དྲག་གསོ་ཇི་ལྟར་གནང་ཐུབ་ཀྱི་ཡོད་མིན་ཤེས་འདོད་ཡོད་དམ། དེ་ལྟར་ཡིན་ན། གཤམ་གསལ་གྱི་སྨོན་ལམ་འདེབས་པར་བྱེད།
འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལགས། ཁྱེད་རང་གིས་འཛམ་གླིང་འདི་ཐོག་མའི་རང་བཞིན་བཟང་པོ་ཐོག་ཏུ་སླར་གསོ་གནང་ཐུབ་ཀྱི་ཡོད་པ་འདི་ལ་བདག་གིས་ཡིད་ཆེས་བྱེད་འདོད་ཡོད། ཡིན་ནའང་། དྲང་བདེན་བྱེད་རྒྱུ་ནི་དོན་དག་བཟང་པོ་ཞིག་ཡིན། བདག་ལ་གཙོ་བོ་ཁྱེད་རང་དངོས་གནས་ཡིན་མིན་དང་། ཁྱེད་ཀྱི་ཐུགས་འཆར་རྣམས་ཤེས་སུ་འཇུག་རྒྱུ་རམ་འདེགས་གནང་རོགས།།
གལ་ཏེ་ཁྱེད་རང་གིས་གནས་ཚུལ་མང་ཙམ་ཤེས་འདོད་ཡོད་ན། ཡིག་ཆ་འདིའི་རྒྱབ་ཏུ་བཀོད་པའི་འབྲེལ་གཏུགས་ཞལ་བྱང་ལ་འབྲེལ་བ་གནང་རོགས།
Copyright © 2023 by Sharing Hope Publications. བརྩམས་ཆོས་འདི་ཆོག་མཆན་མེད་པར་ཚོང་ལས་མ་གསུང་རབ་ཀྱི་ཚིགས་སུ་བཅད་པ་དེ་དག་ནི་དབྱིན་ཡིག་གི་གསར་རྒྱལ་པོ་ཇེམས་ཀྱི་བསྟན་བཅོས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། ཕྱི་ལོ་༡༩༨༢ ལོར་ཐོ་མཱས་ནེལ་སོན་གྱིས་དབང་ཚད་བཟུང་བ་ཡིན། བཀའ་འཁྲོལ་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱས་ཡོད། ཐོབ་ཐང་ཡོད་ཚད་བདག་ཉར་བྱས་ཡོད།
ང་ཚོའི་གསར་འགྱུར་ཡིག་ཆ་ལ་མིང་ཐོ་བཀོད་རོགས།
དཔེ་སྐྲུན་གསར་པ་ཐོན་སྐབས་ཐོག་མར་ཤེས་དགོས།

དཔེ་སྐྲུན་གྱི་དམིགས་བསལ་བརྗོད་བྱ།
© 2024 Sharing Hope Publications