མ་འོངས་པ་བཟང་པོ།

མ་འོངས་པ་བཟང་པོ།

བཅུད་དོན།

འ་ནི་འཛམ་གླིང་འདི་ནང་ལུ་ ལཱ་ངན་པ་་འབྱུང་ནི་ཡོད། མི་ཚུ་དཀའཝ་སྤྱོད་དེ་ ཤི་ནི་ཡོད། དེ་འབདཝ་ད་ མ་འོངས་པའི་དོན་ལུ་ རེ་འདོད་ཡོད། ཡེ་ཤུ་པའི་ བྱིན་རླབས་ཅན་གྱི་དམ་པའི་གསུང་དེབ་ནང་ལས་ ཡེ་ཤུ་འདི་ འཛམ་གླིང་ནང་ལུ་ཁོ་ལུ་དགའ་མི་ མི་ཚུ་ ས་གནས་ཡང་དག་པ་ཅིག་ནང་ འཁྱིད་ནི་དོན་ལུ་ལོག་བྱོན་ནི་ཨིན་པས། དེ་ནང་ལུ་ མི་ག་ཡང་ ན་ནི་དང་ དཀའ་སྡུག་མི་མྱོང་ནི་ཨིན་པས། མི་ག་ར་ ཞི་བདེ་དང་མཐུན་པའི་ངང་ལུ་ ཇི་སྲིད་ནམ་གནས་ཀྱི་བར་དུ་ སྡོད་ནི་ཨིན་པས། འ་ནི་དེབ་ཆུང་འདི་གིས་ ང་བཅས་ཚུ་ཡང་ དཀོན་མཆོག་གི་བཞག་ཡོད་པའི་ མ་འོངས་པ་ལེགས་ཤོམ་ཡོད་མི་འདི་ནང་ ག་དེ་སྦེ་ གྲལ་ཁར་ལྷོད་ནི་ཨིན་ནའི་སྐོར་ལས་ སླབ་ཨིན་པས།

ཕབ་ལེན།

ལིགིས་ སྣ་ཚང་ཚོང་ལས་ཕར་བཤལ་འགྱོ་བའི་སྐབས་ ཁོ་གི་བུམོ་ཆུང་ཀུ་གཉིས་ཀྱི་ལགཔ་ སྒྲིང་སྒྲིང་སྦེ་བཤེད་དེ་འགྱོ་ནུག། ཁོ་གིས་དྲན་པ་བཏོན་མས་ ཟེར་ཉེན་སྲུང་གི་དོན་ལུ་གོ་ལས་སྦེ་སླབ་ནུག། ཨ་པ་གི་སྦོ་ལོགས་ཁར་སྡོད། ཁོ་གི་མགུ་ཏོག་བསྒྱིར་ནུག། ཁོ་དེ་བཟུམ་སྦེ་ཁྲོམ་ཁར་ འགྱོ་བའི་ཉམས་མྱོང་ མྱོང་དོ་ཡོདཔ་ཨིན་མས། དེ་ལས་ ཁོ་ར་ རྐྱངམ་ཅིག་འབད་ ཨ་ལོ་བདག་འཛིན་འབད་ནི་འདི་ཡང་ ཉམས་མྱོང་གནམ་མེད་ས་མེད་མིན་འདུག། 

ཁོ་བཟའ་འཐུང་གི་རིགས་ཚུ་ཉོ་སྟེ་ ཁོ་རའི་བུམོ་གཉིས་དང་མཉམ་ བཱསི་ནང་འཛུལ་ཚརཝ་བའི་སྒང་ལས་ ཁོ་སྔུ་གོ་མནོ་ནུག། ཁོ་ར་ བདུན་ཕྲག་དག་པ་ཅིག་གི་ཧེ་མ་ ཁོ་རའི་ཨམ་སྲུ་གྱོངས་མི་དྲན་ནུག། ཁོ་མོ་གིས་དགའ་འཛུམ་སྟོན་མི་གདོང་འདི་དྲན་ཡོདཔ་ཨིན་མས། ཁོ་ར་ མོ་གིས་འབད་མི་བཞེས་སྒོ་དང་ ཨ་ལོ་ཚུ་ལུ་གཅེས་སྐྱོང་འབད་མི་ཚུ་དྲན་ནུག། ཁོ་གིས་ ཁོང་གཉིས་ཀྱི་མི་ཚེ་འདི་ དེ་བཟུམ་སྐྱོ་སི་སི་སྦེ་མཇུག་བསྡུ་འོང་ཟེར་ རེ་ཆི་ར་མ་བསྐྱེད་བས། 

ཁོ་དེ་བཟུམ་གྱི་ དཀའ་སྡུག་གནམ་མེད་ས་མེད་ ག་ཅི་སྦེ་མྱོང་དགོཔ་ཨིན་ན? ཁོ་གི་ཨ་ལོ་ཚུ་ག་ཅི་སྦེ་ དཀའ་སྡུག་མྱོང་དགོཔ་སྨོ? ཁོ་གི་མ་འོངས་པ་དོན་ལུ་ རེ་ཆི་བསྐྱེད་ཚུགས་ནི་འདི་དེམ་ཅིག་ར་ཨིན་ན? 

མ་འོངས་པའི་དོན་ལུ་རེ་བ།

དུས་ཚོད་རིམ་པ་སྦེ་འགྱོ་ད་ ལི་གིས་ ཆོས་ལུགས་ཀྱིས་མ་འོངས་པ་བཟང་པོ་ཅིག་འཚོལ་ནི་ ཆ་རོགས་འབད་ཚུགས་འོང་ག་སྨོ་ཟེར་མནོ་བསམ་གཏང་ནུག། དེ་འབདཝ་ད་ ཁོ་གིས་ ཆོས་ལུགས་ག་ར་གིས་ ཁོང་རའི་ཐབས་ཤེས་དང་ལམ་ལུགས་སོ་སོ་སྦེ་སྟོན་བྱིན་དོ་ཡོདཔ་ལས་ ཆོས་ལུགས་ག་ར་ལེགས་ཤོམ་མེན་ཟེར་ཧ་གོ་ནུག། ཁོ་གིས་ ཁོ་རའི་སེམས་ཁམས་འབྱང་མི་ཚུ་ ཧ་གོ་ཚུགས་པའི་ལན་ག་ཏེ་ལས་ཐོབ་འོང་ག? ཁོ་ར་ ཁོ་རའི་ཨམ་སྲུ་མཉམ་གཅིག་ ལོག་བསྡོམ་ཚུགས་པའི་རེ་བ་མེད་ག? རྫོགས་ནི་མེད་པའི་དཀའ་སྡུག་འདི་ བསལ་ཚུགས་འོང་ག? 

གྲུབ་མཐའ་ལ་ལུ་གིས་ འཛམ་གླིང་འདི་རིམ་པ་བཞིན་དུ་ ཡར་དྲག་འགྱོ་ཚུགསཔ་ཟེར་སྟོནམ་ཨིན་རུང་ ལི་གི་མིག་ཏོ་ཁར་འདི་ འགལ་བ་འབད་མཐོང་སྟེ་སྡོད་ནུག། ཆོས་ལུགས་གཞན་ཚུ་གིས་ དཀའ་ངལ་བསལ་འགྱོ་ནི་འཆར་གཞི་སྟོནམ་ཨིན་མས། ཁོངགིས་ འ་ནི་འཛམ་གླིང་དེ་ དུས་གཏན་དུ་མེདཔ་ཤོར་ཤོ་བཟུམ་མཐོང་སྟེ་ དཀོན་མཆོག་གིས་ མི་ལེགས་ཤོམ་ཚུ་ཤིཝ་ད་ སྐྱབས་མཛད་ཞིནམ་ལས་ ཞིང་ཁམས་ནང་འཁྱིད་འགྱོ་ནི་ཨིན་ཟེར་སྟོནམ་ཨིན། ལ་ལུ་གིས་ འགྲེལ་བཤད་རྐྱབ་མ་ཚུགས་པའི་གཏན་འཇགས་ཀྱི་ ཐར་པའི་གོ་འཕང་ལུ་དམིགས་པ་བསྐྱེད་དོ་ཡོདཔ་ཨིན། དེ་འབདཝ་ད་ འདི་དངོས་སུ་མེན་བཟུམ་གོཝ་མས། ལི་གིས་ལྟ་བདེ་ཚུ་ལས་ ག་དེ་དྲག་ག་ཟེར་མནོ་ནུག།

མ་ཤི་ཀ་པ་གི་ཐབས་ཤེས།

ལི་གིས་ ཁོ་རའི་མ་ཤི་ཀ་པ་ཁྱིམ་ཚང་མཉམ་གཅིག་ གྲོས་བསྟུན་འབད་ནི་འགོ་བཙུགས་ནུག། ཁོ་གིས་ འཕྲལ་མགྱོགས་ར་ མ་ཤི་ཀ་པ་གི་དམ་པའི་གསུང་རབ་བྱིན་རླབས་ཅན་གྱིས་སྟོན་དོ་བཟུམ་འབད་བ་ཅིན་ འཛམ་གླིང་འདི་དཀའ་ངལ་ནང་ཡོད་མི་འདི་ ང་བཅས་ཀྱིས་འཇིགས་རྟེན་བཀོད་པ་པོ་ལུ་ ངོ་རྒོལ་བ་ལས་བརྟེན་ཏེ་ཨིན་ཟེར་སྟོནམ་མས། (འབྱུང་ཚུལ། ༦:༥) ཨིན་རུང་ བཀོད་པ་པོ་གིས་ འཛམ་གླིང་ལོག་ཧེ་མ་བཟུམ་སྦེ་ ཡང་དག་པ་བཟོ་ནི་གི་དམ་བཅའ་མཛད་གནང་སྟེ་ཡོད། (མ་འོངས་ལུང་བསྟན། ༢༡:༡) དཀོན་མཆོག་ལུ་ ཁོང་རའི་རང་འདོད་ཅན་གྱི་དམིགས་དོན་ཚུ་ མེདཔ་བཟོ་བཅུག་མི་ཚུ་ འཛམ་གླིང་གསརཔ་ནང་སྡོད་ནི་ལུ་ བྱོན་ཞུ་འབད་དོ་ཡོདཔ་ཨིན་མས།

གསུང་རབ་ནང་ བཀོད་པ་པོ་དཀོན་མཆོག་གིས་ ཁོང་གི་མིག་ཏོ་ཁར་ལས་མིག་ཆུ་ག་ར་འཕྱག་གནང་འོང་། ག་ཅི་སྦེ་ཟེར་མ་ཅིན ཧེ་མ་དུས་ཚུ་ཡལ་ཞིནམ་ལས་ ད་ལྟོ་འཆི་བ་དང་ སྡུག་བསྔལ་མེད་ དེ་ལས་ བསྔུ་ནི་མེད་ ཡང་ཅིན་ ན་ཟུག་མེད་ ཟེར་གསུངས་མས (མ་འོངས་ལུང་བསྟན ༢༡:༤) དཀའ་སྡུག་ག་ར་དུས་གཏན་རྐྱང་སྦེ་མེདཔ་འགྱོ་འོང་།

མིག་ཏོ་ཞརཝ་འབད་མི་ཚུ་མིག་ཏོ་མཐོང་འོང་། རྣམ་ཅོག་བྱ་རྡུགས་ཚུ་ཡང་ རྣ་ཝ་གོ་འོང་། རྐངམ་ཞརཝ་གིས་མཆོང་འོང་། གླེན་ལྐུགས་ལྕེ་གིས་ གླུ་འཐེན་འོང་།། (ཨེ་ཤ་ཡ ༣༥:༥–༦) གཟུགས་ཀྱི་སྐྱོན་ཚུ་མེདཔ་འགྱོ་འོང་།

རང་བཞིན་གྱི་འཛམ་གླིང་ཡང་ ལོག་བསྐྱར་གསོ་འབད་འོང་། སེམས་ཅན་འཕརཝ་དང་ལུག་གཉིས་ གཅིག་ཁར་བཞེས་སྒོ་བཟའ་ནི་དང་ སེང་གེ་གིས་གླང་བཟུམ་ཕུབ་མ་བཟའ་འོང་། (ཨེ་ཤ་ཡ ༦༥:༢༥) 

འདི་ག་དེ་སྦེ་བྱུང་འོང་ག? གསུང་རབ་ཀྱིས་ དཀོན་མཆོག་ཧ་ལས་སི་སི་འབད་བྱོན་འོང་ཟེར་གསུངམ་ཨིན་མས། (མད་ཡི་ཡས་ ༢༤:༣༦–༤༢) དེ་འབདཝ་ད་ ག་གི་ཡང་ མ་མཇལ་བར་མི་ལུས་ དེ་ཡང་ ཁོ་སྤྲིན་དཀར་པོ་གུ་ལས་བྱོན་ཏེ་ མིག་ཏོ་ཡོད་ཚད་ག་ར་གིས་ཁོ་མཇལ་འོང་། (མ་འོངས་ལུང་བསྟན་༡:༧) དེའི་སྐབས་ གློག་འཁྱུག་དང་འབྲུག་ལྡིར་ཏེ་ འཛམ་གླིང་ག་ར་འདར་གསིག་་རྐྱབ་འོང་། (མད་ཐི་ཡས ༢༤:༢༧། མ་འོངས་ལུང་བསྟན། ༡༦:༡༧–༢༡) 

དུང་གི་སྐད་སྦོམ་གོ་འོང་། འཇིག་རྟེན་གྱི་བཀོད་པ་པོའི་དམ་བཅའ་ལུ་ ཡིད་ཆེ་བསྐྱེད་དེ་ཤི་མི་ཚུ་ ལོག་གསོན་པོ་སྦེ་ལོང་འོང་། ཁོང་མ་ཤི་མི་ ཡིད་ཆེད་བསྐྱེད་མི་ཚུ་དང་མཉམ་ ཁོང་ཚུ་ གནམ་མཁའི་སྤྲིན་ནང་ན་ ཁོང་དང་མཉམ་ གཙོ་བོ་མཇལ་ནིའི་དོན་ལུ་ཡར་འཐེན་འོང་། (༡ ཐེ་སོ་ལོ་ནི་པ་༤:༡༧) ག་དེམ་ཅིག་དགའ་བའི་ལོག་བྱུང་མས།

གཙོ་བོ་དཀོན་མཆོག་གིས་ མི་ག་ར་ འཛམ་གླིང་གསརཔ་ནང་སྡོད་བཅུག་སྟེ་ མཐའ་མཇུག་ལུ་ ངན་པ་ཚུ་མེདཔ་གཏང་འོང་། (༢ པི་ཏྲོ་ ༣:༩-༡༡) དེ་གི་ཤུལ་ལས་ དཀོན་མཆོག་གི་འཛམ་གླིང་ལོག་བཟོ་སྟེ་ ང་བཅས་རའི་ཁྱིམ་གསརཔ་ བཙོག་གྲིབ་དང་དཀའ་སྡུག་ དེ་ལས་ འཆི་བ་མེད་པའི་འཛམ་གླིང་ནང་འཁྱིད་འོང་།

འཛམ་གླིང་ལོག་བཟོ་ཡོད་མི་སྐོར་ལས་ མནོ་བསམ་གཏང་།

ལི་ཡེ་ཤུའི་གསུང་རབ་ལྷབ་ཅི་ར་ འགྲེལ་བཤད་རྐྱབ་ཡོད་པའི་ མཐོང་སྣང་དེ་ཚུའི་སྐོར་ལས་མནོ་བསམ་གཏང་ནུག། ཁོ་ ཁོ་རའི་ཨམ་སྲུ་ལོག་གསོན་པོ་སྦེ་ལོང་ཡོད་མི་དང་མཉམ་གཅིག་ རྩ་གདན་བསིལ་ཏོང་ཏོ་གུ་འགྱོ་ཡོདཔ་སྦེ་ མནོ་བསམ་གཏང་སྡོད་ནུག། ཁོང་བཟའ་ཚང་ཚུ་གཙང་ཆུ་གི་མཐའ་མར་ མཛར་ཅུམ་བཟའ་སྟེ་ ཁོ་གི་བུམོ་འདི་ གཟི་བརྗིད་ཅན་གྱི་སྟག་དང་མཉམ་ རྩེདམོ་རྩེ་སྡོད་འོང་། 

བདུན་ཕྲག་རེ་ནང་ཚར་རེ་ ཁོང་རྒྱལ་ས་ལྟེ་བའི་ཁྲོམ་ནང་ བཀོད་པ་པོ་ཁྲི་མངའ་གསོལ་ཞུ་ས་ གནས་སྤོ་འགྱོ་འོང་། (ཨེ་ཤ་ཡ ༦༦:༢༢-༢༣) ཁོང་ བཀོད་པ་པོ་ལུ་ དགའ་བ་དང་ཞི་བདེ་འབྱུང་སྟེ་ གསེར་གྱི་ཁྲོམ་ལམ་བདའ་ལམ་འགྱོ་འོང་། ཁོང་ག་ར་གཅིག་ཁར་ དཀོན་མཆོག་ལུ་མགུར་མ་ཕུལ་འོང་། 

དེ་ནང་ལུ་ མི་ག་ཡང་ ལོ་ན་རྒས་ནི་དང་ ན་ནི་ དེ་ལས་ ཤི་ནི་ཚུ་མི་འབྱུང་། དགའ་བ་དང་ཞི་བདེ་ཡོངས་སུ་རྫོགས་པ་འོང་།

བདེན་པ་སྦེ་སྡོད་ནི་དེ་ གནམ་མེད་ས་མེད་ལེགས་ཤོམ་ཨིན་མས་མེད་ན?

ལི་གིས་ ཁོ་གསུང་རབ་ནང་ ག་ཅི་ལྷབ་མི་འདི་དགའ་ནུག། འཕྲལ་འཕྲལ་ བདེན་པ་སྦེ་སྡོད་ནི་དེ་ གནམ་མེད་ས་མེད་ལེགས་ཤོམ་ཨིནམ་ལས་ ཁོ་གིས་ འབད་ཚུགས་མི་འདི་ར་ བཀྲིན་བསམ་པའི་སྨོན་ལམ་བཏབ་ནི་འདི་ཨིན་མས། མི་ཚེ་ནང་ཨ་པ་རྐྱངམ་གཅིག་འབད་སྡོད་ནི་འདི་ འཇམ་ཏོག་གོ་མེན་པས། ད་འབདན་ ཁོ་ལུ་མ་འོངས་པའི་དོན་ལུ་ ཞི་བདེ་གི་དོན་ལུ་རེ་བ་བསྐྱེད་ནུག།

དཀའ་སྡུག་མྱོང་ནི་འདི་ འགྲོ་བ་མི་ག་ར་ལུ་བྱུང་མི་ཅིག་ཨིན། འདི་ཚུ་བཀག་བཞག་སྟེ་ རང་གི་དཀའ་ངལ་ལུ་དམིགས་པ་བསྐྱེད་ནི་འདི་ འཇམ་ཏོང་ཏོ་ཨིན། ཨིན་རུང་ གནས་ཚུལ་ལེགས་ཤོམ་ཅིག་ཡོད། གསུང་རབ་འདི་ བྱུང་ཁུངས་ཀྱི་སྐོར་ལས་བཤད་པའི་དཔེ་དེབ་རྐྱངམ་གཅིག་མེན་པར་ ང་བཅས་ཀྱི་འཛམ་གླིང་གི་ལས་དབང་ མཛེས་ཏོག་ཏོ་ དེ་ནང་ཁྱོད་དང་ང་ཡོད་མི་ མཇུག་གི་སྐོར་ལས་བཤད་པ་རྐྱབ་ཨིན། དེ་ནང་ ང་བཅས་ཀྱི་དགའ་བ་དང་བརྩེ་བ་ཡོད་མི་ག་ར་ གྲངས་སུ་ཚུདཔ་ཨིན།

ཁྱོད་འདི་ག་དེ་སྦེ་སྨོ?

དཀོན་མཆོག་གི་ཁྱོད་ཀྱིས་དོན་ལུ་ མ་འོངས་པ་ལེགས་ཤོམ་ཐོབ་བཟོ་ནིའི་སྐོར་ལས་ ཁྱོད་ར་འཚོལ་ཞིབ་འབདན་ན? ཁོ་གིས་ ཁྱོད་རའི་སྡུག་བསྔལ་ ག་དེ་སྦེ་སངས་ཚུགསཔ་བཟོ་དོ་ག་ ཤེས་གོ་མནོ་མས་ག? དེ་ཨིན་པ་ཅིན་ འོག་ལུ་བཀོད་མི་འདི་གསལཝ་བཏབ: 

འཇིག་རྟེན་བྱེད་པ་པོ་དཀོན་མཆོག ཁྱོད་ཀྱིས་ འཛམ་གླིང་འདི་ཧེ་མ་ལེགས་ཤོམ་ཡོད་དོ་བཟུམ་སྦེ་ ལོག་བསྐྱར་གསོ་འབད་འོང་ཟེར་མི་ལུ་ ཡིད་ཆེས་བསྐྱེད་ནི་ཨིན། དེ་འབདཝ་ད་ འདི་གནམ་མེད་ས་མེད་ལེགས་ཤོམ་དྲག་དོ་བཟུམ་ཚོརཝ་མས། ཁྱོད་ ངོ་མ་ཨིན་ཟེར་བ་ཅིན་ ང་ལུ་ང་རའི་མ་འོངས་པའི་འཆར་གཞི་ག་ཅི་ཡོད་ག་ དེ་ལས་ ང་རའི་དོན་ལུ་འཆར་གཞི་ག་ཅི་ཡོད་ག་ཤེས་བཅུག།

གལ་སྲིད་ཁྱོད་ར་ ཁ་སྐོང་ཤེས་དགོ་མནོ་བ་ཅིན་ ང་བཅས་དང་མཉམ་ འདིའི་རྒྱབ་ཤོག་ནང་ཡོད་པའི་ གནས་ཚུལ་གནང་ལུ་འབྲེལ་བ་འཐབ་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་  གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”
རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།

ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།

གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།

newsletter-cover