
བཤགས་པ་འཚོལ་ནི།
བཅུད་དོན།
ང་བཅས་ག་ར་ མི་ཚོ་ནང་ལུ་ འཛོལ་བ་འབྱུང་ནི་ཡོད། ང་བཅས་ཀྱི་ ལས་རྒྱུ་འབྲས་རྣོ་ཅན་ ཁམ་རྡོག་གཅིག་བཟུམ་ལུ་སྒུག་ནི་ཨིན་ན་ ཡང་ན་ ཁྱད་འཕགས་་ཅན་བཟུམ་བཟོད་པ་བཞེས་མི་ཡོད་ག་སྨོ? འ་ནི་དེབ་ཆུང་གིས་ གཡུས་ཁའི་བཤད་ལུགས་འབད་ ཡེ་ཤུ་གི་ཆོས་གཏམ་འབད ཆུད་ཟོས་གཏང་དི་རླགས་མི་བུའི་སྐོར་ལས་ འཇིག་རྟན་བཀོད་པ་པོ་ གཙོ་བོ་དཀོན་མཆོག་གིས་ ག་དེ་སྦེ་ སྡིག་ཅན་ཚུ་ ལེགས་ཤོམ་འབད་དེ་ མི་ཚེ་གཅིག་གི་ སྡིག་པ་འདི་ཡུདཔ་ཐེངས་ཅིག་ནང་ བཤགས་པ་གནང་པའི་སྐོར་ལས་ བཤདཔ་ཨིན།
དབྱེ་བ།
Tract
དཔེ་སྐྲུན་འབད་མི།
Sharing Hope Publications
ཡོད་པའི།
18 སྐད་ཡིག་ཚུ།
ཤོག་ལེབ།
6
པྲཱ་ཊབ་འདི་ སའི་བདག་པོ་ཕྱུགཔ་གི་བུ་གཅིག་ཨིན་མས། ཁོང་ཁྱིམ་སྦོམ་ནང་སྡོད་དོ་ཡོདཔ་མ་ཚད་ ལཱ་གཡོགཔ་ཡང་ལེ་ཤ་ར་ཡོདཔ་མས། པྲཱ་ཊབ་འདི་ལུ་ དུས་རྒྱུན་དུ་གོ་ལ་ལེགས་ཤོམ་དང་ བཞེས་སྒོ་ཞིམ་ཏོང་ཏོ་ དེ་ལས་ ཤེས་ཡོན་ལེགས་ཤོམ་འཐོབ་ཡོདཔ་ཨིན། དེ་མ་ཚད་ ཁོ་རའི་ཕམ་གྱི་ཁོ་ལུ་ཧིང་ལས་ར་དགའ་ཟེར་ཤེསཔ་ཨིན་དང་ དེ་ནང་དོ་ལས་ ཁོ་རའི་ཨ་པ་འདི་གིས་ཕངམ་ཨིན་མས།
ཨིན་རུང་ པྲཱ་ཊབ་འདི་སྦོམ་འགྱོ་ཡི་ར་ བསྒྱུར་བཅོས་འགྱོ་ནི་འགོ་བཙུགས་ནུག། ཧེ་མ་ འབད་ཐངས་ཚུ་ ད་ལྟོ་ ག་ཅི་ཡང་སེམས་ཁར་མ་ཚུད་པས། ཁོ་རའི་ ཨ་པའི་ཁྱིམ་དང་ ཨ་པ་གི་འབད་ཐངས་ལུ་ ག་ར་བཀག་དམ་འབད་བཞག་བཞགཔ་བཟུམ་ཚོར་ནུག། པྲཱ་ཊབ་འདི་ རང་དབང་འཐོབ་ནི་ལུ་ རེ་བ་བསྐྱེད་ནུག།
ཉིནམ་གཅིག་ པྲཱ་ཊབ་གིས་ཁོ་རའི་ཨའི་ལུ་ ཨ་པ་འབད་སར་ དམིགས་གསལ་དུ་ཞུ་བ་འབད་བར་སོང་ཟེར་ ཨའི་ལུ་གསོལཝ་བཏབ་ནུག། ཁོ་གིས་ ཁོ་ལུ་ག་ཅི་དགོཔ་ཨིན་ན་ ཨའི་ལུ་སླབ་ད་ འདྲོག་བྱེལ་དང་གཅིག་ཁར་འགྲིགས་འཇགས་འབད་ནུག། ཨིན་རུང་ཁོ་གིས་ མོ་གིས་བཏུབ་ཟེར་མ་སླབ་ཚུན་ ཨུ་ཚུགས་རྐྱབ་ནུག། དེ་བཟུམ་སྦེ་ར་ ཉིནམ་དག་པ་ཅིག་གོརཝ་ཤུལ་ལུ་ མཐའ་མཇུག་ལུ་མོ་སྔུ་སྟེ་ལོག་ལྷོད་ནུག།
ཁོ་རའི་བུ་ལུ་བལྟ་མ་ཚུགས་པར་ ཁོ་གིས་འབད་ཤོག་ ཟེར་སླབ་ནུག། ཁོ་གིས་ ང་བཅས་ཀྱི་རྒྱུ་ནོར་ཕྱེད་ཀ་བཙོང་སྟེ་ ཁྱོད་ལུ་ ཁྱོད་རའི་སྐལ་བགོ་བཤའ་བྱིན་འོང་ཟེར་སླབ་ནུག། དེ་འབདཝ་ད་ ག་ཅི་སྦེ་ངེའི་བུ? ག་ཅི་སྦེ?
པྲཱ་ཊབ་བློ་འགྱོད་ཆུང་ཀུ་ཅིག་སྐྱེ་རུང་ སྤྲོ་བ་ཡང་ཚོར་ནུག། ཁོ་གིས་ འཆར་གཞི་འདི་ ལཱ་འབད་བཏུབ་ནུག། ཁོ་རའི་སྐལཝ་བགོ་བཤའ་ ཨ་པའི་ཏི་རུ་འདི་འཐོབ་ནི་དང་ དེ་ལས་ ཁོ་གིས་ཁོ་རའི་མི་ཚེ་འདི་ ཁོ་ར་རེ་འདོད་བསྐྱེད་དོ་བཟུམ་སྡོད་ནི་ཨིན་པས།
སྒྲིག་ཁྲིམས་མེད་པར་སྡོད་ནི
པྲཱ་ཊབ་འདི་ ཁྲོམ་སྦོམ་ནང་ཅིག་ སྤོ་ནུག། ཁོ་གིས་ ཐོག་ཁང་གོང་སྦོམ་འབད་མི་ཅིག་ གླ་ཁར་ལེན་ཏེ་ ཆ་རོགས་གསརཔོ་བཟོ་ནི་འགོ་བཙུགས་ནུག། འཕྲལ་ར་ ཁོ་གིས་སྤྲོ་སྟོན་ཚུ་འབད་ནི་འགོ་བཙུགས་ཏེ་ ཕྱུགཔོ་དང་ཡོངས་གྲགས་ཅན་ཚུ་ འོང་ནི་འགོ་བཙུགས་ནུག། ཁོ་གིས་ སྣུམ་འཁོར་ཚུ་ཉོ་སྟེ་ བུམོ་འཇའ་རིསམོ་ཚུ་མཉམ་ཉལ་ དེ་ལས་ ཟ་རུང་ཟ་ཁང་གོང་སྦོམ་ཚུ་ནང་ལུ་ཟ་སྡོད་ནུག། ཁོ་དགོ་མི་ག་ར་ ཁོ་ར་ལུ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཉིནམ་ཅིག་འབདཝ་ད་ པྲཱ་ཏབ་ཀྱི་ཏི་རུ་རྫོགས་སོང་ནུག། བློ་བཙོང་སི་སི་སྦེར་ ཁོ་རའི་ཆ་རོགས་གསརཔ་ཚུ་ལས་ ཏི་རུ་སྐྱུན་འགྲུལ་དུམ་གྲ་ཅིག་ལེན་ནི་འབད་འདྲིཝ་ད་ ཆ་རོགས་ཚུ་གིས་ ཁོ་གི་བརྒྱུད་འཕྲིན་ཡང་འཐུ་མ་བཏུབ་པས། དེ་ལས་ ཁོ་གི་དངུལ་རྩིས་ཚུ་བཏབ་མ་ཚུགས་པས། མཐའ་མཇུག་ལུ་ཁོ་གི་ ཁྱིམ་གྱི་ཇོ་བདག་གིས་ ཁོ་བཏོན་གཏང་ནུག། ཁོ་ལུ་ ཡང་ན་ཏི་རུ་མེད་ ཡངན་ཆ་རོགས་མེད་པ ཁོ་ག་ཏེ་འགྱོ་ནི་སྨོ?
པྲཱ་ཏབ་འདི་མགུ་འཐོམ་ ཚ་གྱང་ལང་སྟེ་ ཁྲོམ་ནང་ལས་ཕར་འཁྱམ་འགྱོ་སྡོད་ནུག། ཉིམ་འཛུལ་ནི་འགོ་བཙུགས་པ་ད་ ཁོ་འདྲོག་ཆི་ནུག། ཁོ་ག་ཏེ་ཉལ་ནི་ཨིན་ན? ཁོ་ག་ཅི་བཟའ་ནི་ཨིན་ན? པྲཱ་ཏབ་ཀྱི་མི་ཚེ་ནང་ འགོ་ཐོག་དང་པ་ཁྲོམ་ལམ་ནང་ ལྟོ་བཀྱེས་ཏེ་ ཕོ་སྐད་རྐྱབ་འདི་ར་ ཉལ་སྡོད་ནུག།
བློ་འགྱོད་འོང་ནི།
ཤུལ་མའི་ཉིནམ་དག་པ་ཅིག་གི་དོན་ལུ་ ཁོ་ཁྲོམ་ནང་གཡོག་འཚོལ་ནི་དཔའ་བཅམ་ནུག། ཁོ་ཁྲོམ་ལམ་ནང་ཉལ་ནི་འདི་གི་ ཐ་རྡུགས་སི་སི་མཐོངམ་ལས་ ཟ་ཁང་ཉམས་འགྱོ་མི་འཛིན་སྐྱོང་པ་ལས་ལྷགཔ་ གཞན་ག་གི་ཡང་གཡོག་བྱིན་མ་བཏུབ་པས། པྲཱ་ཏབ་འདི་ ཆུ་ཚོད་ལས་ཆུ་ཚོད་བཅད་ ཟ་ཁང་ནང་ལས་བཞེས་སྒོ་འབག་སྐྱེལ་འདྲེནའབད་ དེ་ལས་ ཅོག་ཙེ་ཚུ་འཕྱག་སྡོད་ནུག། ཁོ་གནམ་མེད་ས་མེད་ལྟོ་བཀྱེས་ཏེ་ འུ་སྡུག་ཐང་ཆད་ནུག། ཁོ་ར་བཟུམ་ མི་ཕྱུགཔོ་གི་བུ་ཅིག་ བཞེས་སྒོ་དྲངམ་ཨིན་ཟེར་མི་འདི་ ག་དེ་སྦེ་ཨིན་ན་ཟེར་མནོ་ནུག། བཞེས་སྒོ་བཟའ་མི་མཇུག་འདི་འགྱོཝ་ད ཁོ་ཐབ་ཚང་ནང་ཧོད་འཁྱུ་ལུ་ ཆ་རོགས་འབད་བ་འགྱོ་ནུག། ཁོ་གི་ ཕྱགས་སྙིགས་ཀྱི་རྩ་བ་ ཀེབ་ཏ་ཕྱེད་ཀ་བཟའ་ཡོད་མི་ཅིག་མཐོང་ནུག། ཁོ་གནམ་མེད་ས་མེད་ལྟོ་བཀྱེས་ཏེ་ འཐུ་འདི་བཟའ་ནི་འབད་ནུག།
ང་ལུ་ག་ཅི་མ་བཏུབ་ཨིན་ན་སྨོ?ཟེར་ཁོ་རང་ཚོགས་བརྡ་གཏང་ནུག། ང་རའི་ཨ་པའི་ཁྱིམ་ནང་ཡོད་མི་ འཇའ་རོགས་ཚུ་ལུ་ཡང་ ཀེབ་ཏ་ལངམ་འབད་ཡོདཔ་མ་ཚད་ འཐེབ་ཡང་ལུད་ནི་ཡོད། ང་ར་ན་ ལྷག་མ་ལུད་མི་བཙོག་པ་ཟ་དགོ་མནོ་སྡོདཔ་མས།
ཁོ་ཧོད་བརྩིགས་བཞག་མི་འདི་ལུ་ བལྟ་སྡོད་དེ་ ཧ་ལམ་ཅིག་མནོ་བསམ་གཏང་སྡོད་ནུག།
ང་ག་ཅི་འབདན་ན་ ང་གིས་ ཤེས་ཟེར་མནོ་བསམ་གཏང་ནུག། ང་ ཨ་པ་འབད་སར་ལོག་འགྱོ་སྟེ་ ཨ་པ་ ང་གིས་ཁྱོད་དང་དཀོན་མཆོག་གཉིས་ཆ་ར་ལུ་ ལས་བསག་ནུག། ང་ཁྱོད་ཀྱི་བུ་འབད་ནི་ལུ་ འོས་འབབ་མིན་འདུག། སྐུ་ཆེ་ ང་ཁྱོད་ཀྱི་ གླ་ཁར་ལེན་མི་འཇའ་རོགས་ཅིག་བཟོ་གནང་།ཧོད་གཅིག་ཡང་མ་འཁྱུཝ་བར་ ཁོ་ཟ་ཁང་ནང་ལས་འཐེན་ཏེ་ ཁྱིམ་ནང་འགྱོ་ནི་འགོ་བཙུགས་ནུག།
ཁྱིམ་ནང་ལོག་འགྱོ་ནི།
པྲཱ་ཏབ་ཁྱིམ་ནང་འགྱོཝ་ད་ མནོ་བསམ་གཏང་དགོཔ་ལེ་ཤ་ར་འཐོན་ནུག། ཁོ་གི་ཨ་པ་གིས་ ཁོ་མཐོངམ་ད་ ག་དེ་སྦེ་ངོས་ལན་འབད་འོང་ག? ཁོ་ཁྱིམ་ནང་ལྷོདཔ་ད་ ག་ཅི་སླབ་ནི་ཨིན་ན་ སྦྱང་བ་འབད་དེ་འབད་རུང་ འདི་གིས་ཁོ་ལུ་ ཚོར་བ་ལེགས་ཤོམ་ཅིག་མཐོང་མ་ཚུགས་བས། མཐའ་མཇུག་ལུ་ ལམ་འགྲུལ་རིངམོ་སྦེ་འགྱོ་བའི་ཤུལ་ལུ་ ཐག་རིང་ས་ཅི་ལས་ ཁོ་རའི་ཨ་པ་གི་ཁྱིམ་མཐོང་ནུག། ཁོ་ འགྲོས་ཀྱི་སྦེ་ ལམ་ལྟག་ལུ་འགྱོ་ནུག།
ཧང་ཏོམ་མར་ཁོ་གིས་སྐད་རྐྱབ་ས་གོ་ནུག། དུས་ཨ་རྟག་ར་ཁུ་སིམ་སི་དང་ གཟབ་གཟབ་སྦེ་སྡོད་མི་ ཁོ་རའི་ཨ་པ་འདི་ ཁྱིམ་གྱི་ཕྱི་ཁར་རྒྱུག་འོང་ནུག། ཁོ་པྲཱ་ཏབ་འབད་སར་འོང་ཏེ་ ཁོ་ལུ་ཕང་མར་སྒྲིང་སྒྲིང་སྦེ་བཏབ་ནུག། པྲཱ་ཏབ་འདི་ ཁོ་རའི་དོན་ཧིང་གག་འགྱོ་ནི་བཟུམ་མའི་ ཚོར་བ་འབྱུང་ནུག།
ཁོ་གིས་ ལྐོདམ་མདུད་ཕུད་བཏབ་ཅི་ར་ ཨ་པ་ ང་གིས་ཁྱོད་དང་དཀོན་མཆོག་གཉིས་ཆ་ར་ལུ་ ལས་བསག་ནུག། ད་འབདན་ ང་ཁྱོད་ཀྱི་བུ་འབད་ནི་ལུ་ འོས་འབབ་མིན་འདུག།
ཨ་པ་གིས་ ཚིག་གཅིག་ཡང་ ཧ་མ་གོ་བཟུམ་སྡོད་ནུག། ཁོ་གི་མིག་ཏོ་ལས་མིག་ཆུ་བུད་ནུག། ཁྱིམ་གྱི་འཇའ་རོགས་ཚུ་གི་ དེ་ཚུ་ཧ་གོ་སྟེ་ རྒྱུག་འདི་ར་འོང་ནུག།
མགྱོགས་པར། ཨ་པ་གིས་ ཁོང་ལུ་ བཀའ་གནང་ནུག། ཁོ་གི་ཁང་མིག་གྲ་སྒྲིག་འབད། གོ་ལ་གསརཔ་ཚུ་གྲ་སྒྲིག་འབད། ཁོ་གི་དོན་ལུ་ ལྟོ་ཁ་གྲ་སྒྲིག་རྐྱབ། ང་བཅས་ ད་རེས་ དུས་སྟོན་བརྩི་ནི་ཨིན། ཁོ་ངེའི་བུ་ཨིན། ཧེ་མ་ཤི་མི་ འདི་ལོང་འོང་ཡི། ཧེ་མ་ འབྱང་མི་འདི་ ད་ལོག་ཐོབ་ཅི།
བཤགས་པ་འཚོལ་ནི།
འ་ནི་སྲུང་འདི་ ང་བཅས་ཀྱི་ འཇིན་རྟན་གྱི་བྱེད་པ་པོ་དཀོན་མཆོག་ལས་ ཡངས་ཆག་ག་དེ་འབད་ཐོབ་ནི་ཨིན་ལུ་གཞི་བཞག་སྟེ་ གཙོ་བོ་ཡེ་ཤུ་གིས་གསུང་མི་ སྐྱེས་རབས་ཅིག་ལས་ཨིན། ང་བཅས་ཀྱི་མི་ཚེ་ནང་ འཛོལ་བ་འབད་བའི་སྐབས་ འཛོལ་བ་སྦོམ་ཅིག་ཨིན་རུང་ པྲཱ་ཏབ་ཀྱིས་ ཁོ་རའི་ཨ་པ་སྡོད་སར་ལོག་འགྱོ་དོ་བཟུམ་ དཀོན་མཆོག་འབད་སར་འགྱོ་དགོ། འདི་གི་དོན་ལུ་ རིམ་གྲོ་ ཡང་ན་ དམར་མཆོད་བརྒྱ་ཆེཝ་སྦེ་ ག་ནི་ཡང་གཏང་མིན་དགོ། དཀོན་མཆོག་འདི་ ང་བཅས་ཀྱི་དོན་ལུ་ བཀག་ཆ་མེད་པར་སྒུག་སྟེ་ཡོད། ཁོ་གིས་ ང་བཅས་ཀྱི་སེམས་ལུ་འགྱུར་བ་ཡོད་མི་འདི་ལུ་ ཡིད་ཆེས་བསྐྱེདཔ་ཨིན། ང་བཅས་ཀྱིས་ ང་བཅས་རའི་སྡིག་པ་འབད་མི་ལུ་ སེམས་ཀྱི་ཧིང་ལས་རང་ རྫུན་ཁ་བཟེད་དེ་ འདི་ལུ་བློ་འགྱོད་སྦོམ་སྐྱེད་སྟེ་ ཡངས་ཆག་གནང་ཟེར་ཞུ་དགོ། ཁྱོད་དཀོན་མཆོག་གི་ཡངས་ཆག་གཏང་མི་ ལྷའི་རྫུ་འཕྲུལ་ཉམས་སྨྱོང་ཐོབ་གོ་མནོ་མས་ག? ཁྱོད་ད་རེས་དང་ ད་ལྟོ་ར་ ཁྱོད་རའི་སྡིག་པ་འབད་མི་ག་ར་དག་ཚུགས། དེ་གི་དོན་ལུ་ ཁྱོད་ཀྱིས་ དེ་འབད་གསལཝ་བཏབ་དགོ:
ངེ་གི་དཀོན་མཆོག ང་ར་སྡིག་པ་འབད་མི་ཚུ་ལུ་ སེམས་ཀྱི་ཧིང་ལས་ར་བློ་ཕམ་ཡོད། སྐྱེད་་གིས་དམར་མཆོད་ཆེན་པོ་འབད་མི་ལས་བརྟེན་ ང་ལུ་བཤགས་པ་བཞེས་གནང་སྟེ་ ང་རའི་ལས་ངན་ཚུ་ག་ར་དག་གནང་། ང་རའི་སེམས་འདི་ནང་ མི་གསརཔ་བཟུམ་བཟོ་གནང་། ཨ་མེན།
ཁྱོད་ར་ གཙོ་བོ་ཡེ་ཤུ་གིས་སྟོན་མི་ཚུའི་སྐོར་ལས་ ཁ་སྐོང་ཤེས་དགོ་མནོ་བ་ཅིན་ ཤོག་ལེབ་འདིའི་རྒྱབ་ལུ་ཡོད་པའི་ གནས་ཚུལ་ནང་ལུ་འབྲེལ་བ་འཐབ་གནང་།
Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།
གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།
