རྫུ་འཕྲུལ་ཅན་གྱི་ཉིནམ།

རྫུ་འཕྲུལ་ཅན་གྱི་ཉིནམ།

བཅུད་དོན།

བི་མལ་གིས་ ཁོ་རའི་ཨམ་སྲུ་དང་མཉམ་ བྱ་སྟབས་མ་བདེཝ་འཐོན་མི་འདི་ ཐ་རྡུགས་ལུ་ འགྱོཝ་ཨིན་མས། ཨིན་རུང་ ཉིནམ་གཅིག་འབདཝ་ད་ ཁོ་གིས་ དཀོན་མཆོག་ལུ་ དུས་བཟང་ངལ་གསོའི་ཉིམ་སྐོར་ལས་ལྷབ་ཞིནམ་ལས་ འདི་དམ་པའི་ཉིམ་ལུ་བཀོད་པ་པོ་གཙོ་བོ་དཀོན་མཆོག་ལུ་གུས་བཀུར་འབདཝ་ཨིན་མས། ཁོ་གིས་ གཙོ་བོ་ཡེ་ཤུ་་གི་གསུང་དེབ་འདི་ ལྷབ་ནི་འགོ་བཙུགས་ཏེ་ དུས་བཟང་ངལ་གསོའི་ཉིམ་འདི་ བདུན་ཕྲག་ཨ་རྟག་ར་ བརྩི་སྲུང་འབད་ནུག། འགྲོས་ཀྱིས་སྦེ་ བི་མལ་གྱི་ ཁོང་ཁྲོ་ལང་ནི་ཡང་སང་ཞིནམ་ལས་ དེ་ལས་ ཁོ་རའི་ གཉེན་འབྲེལ་ནང་ལུ་ གཞན་དང་མ་འདྲཝ་གཅིག་ འབྱུང་ནི་འགོ་བཙུགས་ནུག།

ཕབ་ལེན།

ཝི་མལ་གྱིས་ ཁོ་རའི་ རིག་ཤཱའི་རྐང་འཁོར་འདི་ ལམ་གྱི་ཟུར་ཁ་འཐེན་བཞག་ནུག། ཉིནམ་གཅིག་ནང་ ཁོ་འབད་སར་ ཚོང་འགྲོན་ལེ་ཤ་འོང་རུང་ ཁོ་སེམས་མ་དགའ་བས། ཁོ་ར་ ཁོ་རའི་གཉེན་གྲོགས་ཀྱི་སྐོར་ལས་ར་ མནོ་བསམ་གཏང་མ་ཚར་བས། འདི་གི་སྦེ་ཁོ་ར་ སེམས་བག་མ་ཆགསཔ་བཟོ་དོ་ཡོདཔ་མས།

ཁོ་གིས་ ཁོ་རའི་ཨམ་སྲུ་ སི་མ་ལུ་དགའཝ་ ཨིན་རུང་ ཁོ་གིས་ཉིནམ་རེན་ཆད་མེད་པར་ དྲང་ནི་འདི་ བཀག་མི་ཚུགས་དོ་ཡོདཔ་མས། མོ་གིས་ཁོ་གནམ་མེད་ས་མེད་ ཙིགཔ་ཟ་བཅུག་ནུག། ཁོ་ དེ་སྦེ་འབད་དགོ་མ་མནོ་རུང་ རང་བཞིན་གྱི་ར་འབད་འགྱོ་དོ་ཡོདཔ་མས། 

ཆོས་ཀྱི་གསོལ་མཆོད་ཀྱི་སྐབས་ལུ་ སི་མ་འདི་ གདོན་ཀྱིས་གནད་དེ་ ག་ཐོབ་གུ་ཐོབ་ཞབས་ཁྲ་རྐྱབ་ དེ་ལས་ མོ་རའི་གཟུགས་ལུ་རང་དབང་མེད་པ་ བགོ་ལ་ཚུ་ཡང་སྤེད་དོ་ཡོདཔ་མས། མོ་འདི་བཟུམ་དབང་གཟུང་ཤོརཝ་ད་ ཝི་མལ་གིས་ མ་དགའ་བས། ཁོ་གིས་མོ་ལུ་ རིམ་གྲོ་ནང་ལུ་ མ་འགྱོ་ཟེར་སླབ་སྟེ་བཀག་རུང་ མོ་གིས་ཉན་མི་བཏུབ་དོ་ཡོདཔ་མས། མོ་བགོ་ལ་ག་ར་སྤེད་སྤེདཔ་དང་ སེམས་ཅན་དམར་མཆོད་འབད་འབདཝ་གིས་ཁྲག་ཚུ་ག་ར་ གདོང་གུར་ ཕོག་སྟེ་ཁྱིམ་ནང་ལྷོད་དོ་ཨིན་པས། 

སི་མ་འདི་ཚར་གཉིས་ཨ་ལོ་ཆགས་ཆགཔ་ཡོད་རུང་ མོ་རའི་སྨྱོ་སྤྱོད་ཅན་གྱི་རིམ་གྲོ་ལས་བརྟེན་མངལ་ཤོར་ནུག། མོ་ར་མང་སུ་མང་སུ་སྦེ་ར་ ཉན་ཁུག་མེདཔ་ཅིག་ལུ་འགྱུར་ནུག། དེ་ལས་ ཝིམ་མལ་འདི་ རྩིགཔ་ཟ་ སེམས་ཤི་སྟེ་ ཉེས་པ་དང་ལྡནམ་སྦེ་ཚོར་ནུག།

ཐབས་ལམ་ལེགས་ཤོམ།

ཝིམ་མལ་ རིག་ཤཱའི་ རྐང་འཁོར་ནང་སྡོད་དེ་ ཁོ་གིས་ཐབས་ལམ་ལེགས་ཤོམ་གཅིག་ བཟོ་ནི་དོན་ལུ་རེ་བ་གནམ་མེད་ས་མེད་བསྐྱེད་དོ་ཡོདཔ་མས། ཧང་ཏོམ་མར་ ཁོ་གི་ལམ་གྱི་ཉེ་འདབས་ནང་ཡོད་པའི་ཁྱིམ་ནང་ལས་ སྐད་ཧ་གོ་ནུག། དེ་ནང་ལུ་ ཨ་ལོ་དང་རྒསཔ་ཚུ་ཡོདཔ་དང་ ཁོང་མི་ཅིག་གི་སྲུང་གཏང་ས་ལུ་ཉན་སྡོད་ནུག། 

སྲུང་གཏང་མི་འདི་གིས་ མི་གཅིག་ ཁོ་རའི་ བྱ་སྟབས་བ་བདེཝ་ལས་ བྱོག་འགྱོ་འགྱོཝ་གི་སྐོར་ལས་སླབ་ནུག། ཁོ་གིས་ཁོ་རའི་མཚེ་མ་ནུ་གཅུང་ལུ་ ཧིང་བརྐུ་སྟེ་ སེམས་ཤུགས་སྦེ་ར་བསད་དེ་ ཁོ་ ཁོ་རའི་མི་ཚེ་ལུ་འདྲོག་ནུག། ཁོ་བྱོག་འགྱོ་ད་ལུ་ ནགས་ཚལ་ཅིག་ནང་ལྷོདཔ་ད་ ཉལ་ནི་དོན་ལུ་སྒུག་སྡོད་ནུག། ཁོ་ལུ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནི་དོན་ལུ་ ག་ཅི་ཡང་མེད་པ་ རྡོ་འདི་གིས་ཧང་བཟོ་ནི་ལས་ལྷགཔ་ གཞན་ག་ཅི་ཡང་མེདཔ་མས། ཁོ་གིས་ ཁོ་རའི་བཟའ་ཚང་མེདཔ་གཏང་ནི་ ལཱ་འབད་མི་འདི་ལུ་ ཁོ་ར་རྐྱངམ་གཅིག་བློ་འགྱོད་སྐྱེད་ནུག།

ཝི་མལ་གྱི་ལེགས་ཤོམ་ཉན་ནུག། ཁོ་གིས་ འ་ནི་བུཚ་འདི་ ག་ཅི་འཟུམ་ཚོར་སྣང་འབྱུང་ཡི་ག་ཧ་གོ་ནུག།

སྲུང་གཏང་མི་གིས་ འཕྲོ་མཐུད་དེ་རང་སླབ་ནུག། འ་ནི་བུཚ་འདི་ཉལཝ་ད་ལུ་ ཁོ་གིས་གཉིད་ལམ་མཐོང་ནུག། ཁོ་གིས་ ཨེ་ཁུག་ཞིང་ཁམས་ཚུན་རང་ ལྷོད་ལྷོདཔ་མཐོང་ནུག། འ་ནི་སེམས་སྐྱོ་བའི་སྟེན་ ཐ་རྡུགས་པའི་མི་བུཚ་འདི་ལུ་ བྱིན་རླབས་འབག་དོ་བཟུམ་མཁའ་འགྲོ་མ་ཚུ་ ཨེ་ཁུག་ཡར་དང་མར་འབྱོན་དོ་ཨིན་པས། ཁོ་ གཉིད་ཚོརཝ་བའི་སྐབས་ལུ་ སེམས་ལུ་དགའ་བ་ཚོར་ནུག། ཁོ་གིས་ རྡོ་ཧང་སྦེ་ལག་ལེན་འཐབ་མི་འདི་ ཁོ་རའི་དཀོན་མཆོག་གི་དོན་ལུ་ རྗེས་དྲན་སྦེ་བཟོ་ནུག། ཨེ་ཁུག་གི་འཆར་སྣང་དེ་གིས་ལོག་འདི་རང་ ཁོ་དཀོན་མཆོག་དང་གཅིག་ཁར་ འབྲེལ་མཐུད་འབད་འབདཝ་བཟུམ་ཚོར་ཏེ་ དེ་ལས་ ཁོ་གིས་ ག་ཅི་རང་ཨིན་རུང་ ལེགས་ཤོམ་འབྱུང་འོང་ཟེར་ཤེས་ནུག།

དཔེ་དེབ་གསརཔ། 

མི་འདི་ཚུ་འཐོན་འགྱོཝ་ད་ ཝི་མལ་ ངོ་ཚ་ཡི་ར་ སྒྲིང་ཁྱིམ་ནང་འཛུལ་ནུག།

དུས་བཟང་གི་ངལ་གསོ་གི་ཉིནམ་ལུ་དགའ་བསུ་ཡོད་ ཟེར་སྲུང་གཏང་མི་འདི་གིས་ཁ་བཟང་འབད་ནུག། 

ས་བཱཐ་ཟེར་མི་དུས་བཟང་གིས་ངལ་གསོ་ཉིནམ་འདི་ག་ཅི་སྨོ་? ཝི་མལ་གྱི་ཤེས་འདོད་ཅན་ཐོག་ལས་འདྲི་ནུག།

 ང་བཅས་ཀྱིས་ འཇིག་རྟེན་བཀོད་པ་པོ་ལུ་གསོལཝ་བཏབ་ཨིན་ཟེར་སྲུང་གཏང་མི་གིས་སླབ་ནུག། དཀོན་མཆོག་གིས་ ང་བཅས་ལུ་ དུས་བཟང་གིས་ངལ་གསོའི་ཉིནམ་ བདུན་ཕྲག་གི་ཉིནམ་བདུན་པ་ལུ་ གསོལཝ་བཏབ་ཟེར་གསུངས་འདི་ཡོད། ག་ཅི་འབད་ཟེར་བ་ཅིན་ དཀོན་མཆོག་གིས་འཛམ་གླིང་འདི་ཉིན་ཞག་བདུན་ནང་བཟོ་གནང་ནུག། བུཚ་འདི་གི་གཉིད་ལམ་ནང་ལུ་ ཨེ་ཁུག་འདི་གིས་ཞིང་ཁམས་དང་ འཛམ་གླིང་མཐུན་དོ་བཟུམ་ ས་བཱཐ་དུས་བཟང་གིས་ཉིནམ་འདི་ བདུན་ཕྲག་རེ་་རེ་བཞིན་དུ་ ང་བཅས་དང་དཀོན་མཆོག་མཐུནཔ་པའི་ཉིནམ་ཨིན། ང་བཅས་གཟའ་ཉིམ་ལུ་ གསོལ་ཝ་བཏབ་པ་ཅིན་ ང་བཅས་ཀྱི་འཇིག་རྟེན་བཀོད་པ་པོ་ལུ་ མོས་གུས་སྟོན་ཏེ་ ཁོ་གི་བྱིན་རླབས་ཞུཝ་ཨིན།

ཝི་མལ་འདི་མཚེ་མ་བུ་སྤུན་གཉིས་ཀྱི་སྲུང་གི་ སེམས་ལུ་ཚོར་སྣང་མ་འདྲཝ་ཅིག་བྱུང་ནུག། ཁྱོད་ཀྱི་འ་ནི་སྲུང་འདི་ག་ཏེ་ལས་ཐོབ་ཅི? 

འ་ནི་འདི་གསུངས་རབས་ གཙོ་བོ་ཡེ་ཤུ་གི་དཔེ་ཆ་ནང་ལས་ཨིན། སྲུང་གཏང་མི་འདི་གིས་ ཕྱག་སྒམ་ནང་ལས་དཔེ་དེབ་འཐུ་ཞིནམ་ལས་ ཝི་མལ་ལུ་འབྱིན་ནུག། ཁྱོད་ཀྱིས་ འདི་ནང་ཡོད་པའི་སྲུང་འདི་ལྷག། 

ཝི་མལ་གྱི་མི་འདི་ལུ་ དགའ་ཚོར་བསམ་སྟེ་ དཔེ་དེབ་འདི་འབག་སྟེ་ ཁྱིམ་ནང་སོང་ནུག། ཁོ་ར་དཔེ་དེབ་འདི་ལྷབ་ད་ སེམས་ལུ་ཚོར་སྣང་འབྱུང་ནུག། དེ་ལས་ ཁོ་གིས་ གསུངས་དེབ་འདི་ རེས་གཟའ་ཉི་མ་ལུ་ ལོག་སྤྲོད་ནུག། ཁོ་གིས་ འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་ཉིནམ་བྱིན་རླབས་ཅན་ལུ་ ས་ཁར་ཁུ་སིམ་སིམ་སྦེ་སྡོད་དེ་ སྨོན་ལམ་བཏབ་ད་ལུ་ ཁོ་རའི་ སེམས་ཀྱི་ཚོར་སྣང་མ་འདྲཝ་ཡ་མཚན་ཅན་ཅིག་འབྱུང་ནུག། 

བསྒྱུར་བཅོས་འགྱོ་བའི་བུཚ།

ཚར་གཅིག་འབདཝ་ད་ ཝི་མལ་གྱི་དཔེ་ཆ་གསརཔ་འདི་ལྷབ་ད་ ཁོ་གིས་ ཁྱོད་དཀོན་མཆོག་གི་བཞུགས་ས་དང་ དཀོན་མཆོག་གི་ཐུགས་གཉིད་འདི་ ཁྱོད་ར་ནང་ན་གནས་ནི་ཡོད་ཟེར་ ཁྱོད་ཀྱིས་ཤེས་ག་ཟེར་སླབ་མི་ཚིགས་བཅད་གཅིག་མཐོང་ནུག (གསུང་རབ། ༡ ཀོ་རིན་ཐི་ ༣:༡༦)། དེ་ལས་ཧ་ཏོམ་མ་ ཁོ་རའི་སེམས་ནང་ན་ འོད་ཐིམ་སོང་ནུག། ཁོ་གིས་ གཟུགས་འདི་དཀོན་མཆོག་གི་མཆོད་ཁང་ཨིནམ་ལས་བརྟེན་མི་ག་གི་ཡང་ གནོད་པ་རྐྱབ་ནི་དབང་ཚད་མིན་འདུག་ཟེར་མནོ་ནུག། ང་གིས་ ང་རའི་ཨམ་སྲུ་འདི་ མ་པ་ལས་ར་དྲང་ནི་མེན་པས།

ཁོ་གིས་ ཧེ་མ་ ཚར་ཧ་ལམ་བཞག་ནི་དཔའ་བཅམ་ནུག། དེ་འབདཝ་ད་ ད་རེས་ཀྱི་འདི་ ངོ་མ་རང་འབད་ཚུགས་ནུག། ཁོ་གིས་ གསུང་རབ་འདི་ལྷབ་སྟེ་ དུས་བཟང་གིས་ཉིནམ་ནང་ དཀོན་མཆོག་ལུ་གསོལཝ་བཏབ་པ་ལས་བརྟེན་ དཀོན་མཆོག་དང་གཅིག་ཁར་མཐུན་ཏེ་ ཁོ་རའི་སེམས་འགྱུར་བཅོས་རྐྱབ་ནི་ལུ་ཆ་རོགས་འབད་ཡི་ཟེར་ཤེས་ནུག། ཁྱད་འཕགས་ཅན་གི་ཕྱག་འདི་གིས་ ཁོ་གི་བྱང་ཁོག་ནང་ལས་རྡོ་བཟུམ་ཡོད་པའི་དོན་ཧིང་འདི་ བཏོན་གཏང་སྟེ་ བྱམས་སྙིང་རྗེ་ཡོད་པའི་དོན་ཧིང་གཅིག་ ལོག་བརྗེ་སོར་འབད་དོ་བཟུམ་ཚོར་ནུག། 

ལོག་འཛོམ་ནུག།

ལོ་མང་རབས་ཅིག་གི་རིང་ལུ་ ཝི་མལ་གྱིས་ འཕྲོ་མཐུད་འདི་ བྱིན་རླབས་ཅན་གྱི་ འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཉིནམ་ལུ་ གསོལ་བ་བཏབ་ནུག། འགྲོས་ཀྱིས་སྦེ་ སི་མ་གིས་ ཁོ་རའི་རྨགཔ་ལུ་འགྱུར་བ་འོང་ས་མཐོང་ནུག། ཁོ་གིས་ད་ མོ་ལུ་མི་དྲང་དོ་ཡོདཔ་མས། དེའི་ཚབ་ལུ་ ཁོ་ར་འཇམ་ཏོང་ཏོ་ བྱམས་བརྩེ་ཅན་གཅིག་ཨིན་པས།

ད་ལྟོ་འབདཝ་ད་ སི་མ་འདི་ འུ་སྡུག་སྟེ་སེམས་མ་དགའ་བས། མོ་གིས་ ཝི་མལ་འདི་ གཙོ་བོ་ཡེ་ཤུ་གི་གསུངས་རབ་འདི་ལྷབ་སྟེ་ རེས་གཟའ་ཉི་མ་ཨ་རྟག་ར་ དཀོན་མཆོག་ལུ་གསོལ་བཏབ་ཞིནམ་ལས་ ཞི་འཇམ་ཅན་འགྱུར་དོ་བཟུམ་མཐོང་ནུག། མཐའ་མཇུག་ལུ་ ཁོ་གིས་ མོ་ཡང་ཁོ་མཉམ་འགྱོ་ནི་ཡ་ཟེར་འདྲིཝ་ད་ མོ་གིས་ འགྱོ་ནི་ཟེར་ཉན་བཏུབ་ནུག། 

དུས་བཟང་གིས་ངལ་གསོ་འདི་ ང་བཅས་ཟ་ཚང་གི་དོན་ལུ་ ཉིནམ་རྩ་ཅན་ཨིན་ ཟེར་ཝི་མལ་གྱིས་སླབ་ནུག། འ་ནཱི་ཉིནམ་འདི་ དཀོན་མཆོག་གིས་ཁོ་དང་མཉམ་ མཐུན་འབྲེལ་འབད་བཅུག་ནི་དོན་ལུ་ གདན་འདྲེན་ཞུ་ཞུཝ་ཨིན། ང་བཅས་ འདི་བཟུམ་སྦེ་མཐུན་འབྲེལ་འབད་བཅུགཔ་ད་ ཁོ་གིས་རྫུ་འཕྲུལ་སྟོནམ་ཨིན། ད་ལྟོ་ང་དང་ ང་རའི་ཨམ་སྲུ་བར་ན་ གཉེན་འབྲེལ་དགའ་ཏོག་ཏོ་ཡོད་ཟེར་ཤེས། ག་ཅི་སྦེ་ཟེར་བ་ཅིན་ ང་གིས་ འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལུ་ ཨ་རྟག་རང་དམིགས་བསལ་དུ་ ས་བཱཐ་དུས་བཟང་གི་ ངལ་གསོ་ཉིནམ་འདི་ལུ་ གསོལ་བཏབ་ནི་འདི་ལྷབ་ཅི། ས་བཱཐ་དུས་བཟང་གི་བྱིན་རླབས་འདི་གིས་ དཀོན་མཆོག་དང་གཅིག་ཁར་ གཅིག་གིས་གཅིག་ལུ་ མཐུན་འབྲེལ་འབགཔ་ཨིན།

ད་རེས་ ཝི་མལ་དང་སི་མ་འདི་ དགའ་ཏོག་ཏོ་སྦེ་གཉེན་རྐྱབ་སྟེ་ ཨ་ལོ་བུཚ་གཉིས་ཡོདཔ་མས། ཁོང་གིས་ ཁོང་རའི་ཁྱིམ་ཚང་ག་ར་ལུ་ ས་བཱཐ་དུས་བཟང་གི་ངལ་གསོའི་་བྱིན་རླབས་ཀྱི་ སྐོར་ལས་སླབ་དོ་ཨིན་པས།

ཁྱོད་ར་ ས་བཱཐ་དུས་བཟང་ངལ་གསོ་གི་སྐོར་ལས་ ཁ་སྐོང་ཤེས་ནི་དང་ ཡང་ན་ གསུང་རབ་ལེན་ནི་ཨིན་པ་ཅིན་ ང་བཅས་མཉམ་ དཔེ་ཆ་འདིའི་རྒྱབ་ལུ་ཡོད་པའི་གནས་ཚུལ་ནང་འབྲེལ་བ་འཐབ་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”
རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།

ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།

གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།

newsletter-cover