ཁོང་ཁྲོ་ལས་རྣམ་པར་རྒྱལ་བ།

ཁོང་ཁྲོ་ལས་རྣམ་པར་རྒྱལ་བ།

སྙིང་བསྡུས།

འགྲོ་བ་ཀུན་གྱིས་ཁོང་ཁྲོ་བསྐྱེད་ཡོད། ཡིན་ནའང་། གལ་ཏེ་ང་ཚོས་སོ་སོའི་ཁོང་ཁྲོ་རྗེས་སུ་འགྲོ་ན། དེ་ཡིས་ང་ཚོར་རྩ་གཏོར་རུ་གཏོང་གི་རེད། དེབ་ཆུང་འདི་ཡིས་སྐྱབས་མགོན་ཡེ་ཤུ་ཡིས་མི་གཞན་ལ་བཟོད་ཡངས་ཇི་ལྟར་གནང་བ་ཤེས་ནས་མི་ཞིག་གི་མི་ཚེ་ལ་ལེགས་སྒྱུར་བཏང་བའི་ལོ་རྒྱུས་བཤད་ཀྱི་ཡོད། སྐྱབས་མགོན་གྱིས་རང་ཉིད་ལ་བཀྲོངས་མཁན་རྣམས་ལའང་བཟོད་ཡངས་གནང་ཡོད། གལ་སྲིད་ང་ཚོས་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འཇུག་ན། སྐྱབས་མགོན་གྱིས་ང་ཚོར་ལེགས་སྒྱུར་གནང་ནས་ཁོང་ཉིད་ནང་བཞིན་བསྒྱུར་གྱི་རེད། ང་ཚོའི་མི་ཚེས་གཙོ་བོ་དཀོན་མཆོག་ལ་གཟི་བརྗིད་འཕེལ་བ་བཟོ་བའི་ཆེད་དུ་སྐྱབས་མགོན་གྱིས་ང་ཚོའི་ཁོང་ཁྲོ་དང་ཞེ་སྡང་སེལ་བར་མཛད་དོ།

ཕབ་ལེན།

ཁོ་མོ་སྐྱེས་རྒྱུ་དེ་ང་ཚོ་རྟག་ཏུ་བྱེད་པ་ལྟར་ཡག་པོ་ཆགས་ཀྱི་རེད། ཅེས་ཌ་རའི་བཟའ་ཟླའི་ཨ་མ་ཡིས་ནན་བཤད་བྱས། ང་ཚོར་སྨན་ཁང་རིན་གོང་མཐོ་པོ་དགོས་ཀྱི་མེད།

ཌ་ར་ལ་སེམས་ཁྲལ་བྱུང་། ཁོའི་བཟའ་ཟླ་དེ་ཧ་ཅང་ཤུགས་ཆེན་པོ་མེད་སྟབས་ཁོས་མོ་རང་ལ་སྨན་པ་ཡག་པོ་ཞིག་གི་ཉེ་འགྲམ་དུ་བཞག་འདོད་བྱས་ཡོད། བཟའ་ཟླའི་ཨ་མ་དང་རྩོད་པ་རྒྱག་རྒྱུ་ནི་དོན་མེད་རེད་ཅེས་ཁོས་མུ་མུར་ངང་བཤད།

ཁོའི་བཟའ་ཟླས་ཕྲུ་གུ་བཙའ་སྐབས་ཌ་ར་ཁང་ཆུང་གི་ཕྱི་རོལ་དུ་སྒུག་དགོས་བྱུང་། ཁོ་མོའི་འབོད་སྒྲ་ཇེ་དྲག་ཏུ་སོང་བ་དང་།དེ་ནས་རིམ་བཞིན་ལྷིང་འཇགས་སུ་གྱུར། མཐར་ཁོའི་ཆུང་མའི་ཨ་མ།ཕྱིར་ཐོན། མོའི་གདོང་ལ་ལྟ་བ་གཅིག་གིས་ཁོའི་རྩ་ཆེན་བཟའ་ཟླ་དང་ཕྲུ་གུ་མེད་པ་ཤེས། ཁོང་ཚོ་ནི་ཁོའི་ཕུགས་བསམ་དང་བདེ་སྐྱིད་ཚང་མ་དང་མཉམ་དུ་གྲོངས་ཟིན་ཡོད།

སེམས་སྡུག་ཀྱིས་རིམ་བཞིན་ཁོང་ཁྲོ་ཆེན་པོ་ཞིག་ལ་ལམ་འབྱེད་བ་རེད། ཌ་རའི་སེམས་ནས་སྡུག་སྐད་འདི་ལྟརབརྒྱབ་སྟེ། གལ་ཏེ་ཁོང་ཚོ་སྨན་ཁང་དུ་བསྡད་ཡོད་ན། གལ་སྲིད་མོའི་ཨ་མ་དེ་འདྲའི་ཨུ་ཚུགས་ཅན་ཞིག་མ་བྱས་ན། གནས་སྟངས་དེ་མི་འདྲ་བ་ཆགས་སྲིད།

ཌ་ར་ཡིས་སོ་སོའི་མི་ཚེ་ལ་གནོད་སྐྱོན་གཏོང་མཁན་གྱི་བུད་མེད་འདི་དང་ཐག་རིང་དུ་འགྲོ་དགོས་བྱུང་། ཁོས་རང་གི་ཅ་ལག་འཁྱེར་ནས་བཟའ་ཟླའི་ཨ་མ་ལ་གང་ཡང་མ་བཤད་པར་ཕྱིར་སོང་།

ཁོང་ཁྲོ་ལས་གཡོལ་ཐབས་བྱེད་པ།

ཌ་ར་རྒྱལ་ས་ལྟེ་གནས་སུ་འགྲོ་ནས་ཁོའི་ཨ་ཅག་མ་ལི་དང་མོའི་བཟའ་ཟླ་ཐེ་རེ་གཉིས་དང་མཉམ་དུ་བསྡད་ཡོད། མཚན་དེར་ཁོ་རང་གཅིག་པུར་ཉལ་ཞིང་གཉིད་ཤོར་མེད། ཁོང་ཁྲོ་དེ་ནི་སྤྲིན་པ་ནག་པོ་ཞིག་དང་འདྲ་བར་ཁོང་གི་རྗེས་སུ་འབྲངས་ཡོད། ཁོས་དོན་དག་གཞན་ཅི་ཡང་བསམ་ཐུབ་ཀྱི་མེད།

སྟབས་ལེགས་པ་ཞིག་ལ། ཌ་ར་ཡིས་དགོང་མོ་དེར་ཁོ་རང་གི་ཨ་ཅག་གི་ནང་མི་དང་མཉམ་དུ་ཡོད་པའི་སྐབས་ལ་སེམས་ནང་ཞི་འཇགས་ཀྱི་དུས་ཚོད་ཐུང་ཐུང་ཞིག་མྱོང་ཚོར་བྱུང་ཡོད། ཁོ་ཚོས་ཁ་ལག་མཉམ་དུ་བཟས་རྗེས། གླུ་དབྱངས་སྙན་མོ་ཞིག་བཏང་བ་དང་ཐེ་རེ་ཡིས་སྒྲུང་མང་པོ་ཞིག་བཤད། གཏམ་རྒྱུད་དེ་ཚོ་ནི་ཌ་རའི་བྱིས་པའི་དུས་ཀྱི་སྒྲུང་དང་གཏམ་རྒྱུད་ལས་ཧ་ཅང་མི་འདྲ་བ་ཞིག་རེད། དེ་ཚོ་ནི་ཡེ་ཤུ་པའི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་ནས་སྟོན་པ་ཞིག་རེད། ཌ་ར་ཡིས་འཇིག་རྟེན་འདི་ཞི་བདེ་ལྡན་པའི་མཐོ་རིས་ཞིང་ཁམས་ལྟར་བསྐྲུན་པར་མཛད་མཁན་བྱམས་བརྩེ་ལྡན་པའི་དཀོན་མཆོག་གི་གཏམ་རྒྱུད་ཞིག་ཐོས་མྱོང་མེད། ཁོང་གིས་མི་རིགས་དང་པོ་དེ་ཚོས་བཀོད་པ་པོ་དཀོན་མཆོག་ལ་ངོ་རྒོལ་བྱེད་སྟངས་རྣམས་ཤེས་ཡོད། ཁོ་ཚོས་རང་ཉིད་ཀྱི་འདོད་པ་དང་ལམ་ལྟར་འགྲོ་ན་སྐྱིད་པོ་ཡོང་ངེས་རེད་སྙམ། ཁོང་ཚོའི་འཇིགས་སུ་རུང་བའི་གདམ་ག་དེ་ཡིས་ཡང་དག་པའི་འཇིག་རྟེན་ནང་དུ་སྡུག་བསྔལ་དང་འཆི་བ་འཁྱེར་བ་བྱས་ཡོད།

ཉིན་མ་གཅིག ཌ་ར་ཡིས་ཐེ་རེ་ལ་ཁོ་རང་གི་བཟའ་ཟླའི་ཨ་མ་ལ་བཟུང་བའི་འཁོན་འཛིན་སྐོར་བཤད། ཁོས་རང་ཉིད་ལ་སྡུག་བསྔལ་དང་སེམས་ངལ་གྱིས་མནར་གཅོད་བཏང་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད། ཐེ་རེ་ཡིས་ཁུ་སིམ་ངང་ཉན། མཐར་ཁོས། ཌ་ར། ངས་ཤེས་སོང་། ཞེས་བཤད། ངས་དམག་འཁྲུག་གི་སྐབས་སུ་འཇིགས་སུ་རུང་བའི་གནས་ཚུལ་མང་པོ་ཞིག་མྱངས་ཡོད། འོན་ཀྱང་ངས་ཞི་བདེ་བག་ཕེབས་ཀྱི་འཚོ་བ་ཞིག་རྙེད་སོན་བྱུང་ཡོད། ཁྱེད་ལ་ཡོད་པའི་ཁོང་ཁྲོ་དེ་ཡིས་ཁྱེད་ཀྱི་ཁྱིམ་ཚང་སླར་ཡང་འཁྱེར་མི་ཐུབ། དེ་ནི་ཁྱེད་ཀྱི་བྲང་ཁར་འབར་རྫས་འཛིན་པ་ལྟ་བུ་རེད། དེས་ཁྱོད་རང་ལ་རྩ་གཏོར་གཏོང་ངེས་རེད།

ཌ་ར་ཡིས་རང་གི་གདོང་བཀབ་འདུག ངས་རོགས་པ་བྱེད་ཐུབ་ཀྱི་མེད། ཞེས་ཁོས་ངུ་སྐད་བརྒྱབས་ནས་བཤད། ངས་སྔོན་མ་ཆུང་མའི་ཕ་མ།་ཕ་མ་ལ་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟ་ང་ཁོ་ཚོར་སྡང་བ་ཡིན། ངས་ཁོང་ཚོར་ནམ་ཡང་བཟོད་ཡངས་སྤྲོད་མི་ཐུབ།

འཁོན་འཛིན་གྱི་ས་འོག་འབར་མདེལ།

ཐེ་རེ་ཡིས་མགོ་བསྒུར་བྱས། འགྲོ་བ་མི་རིགས་ཀྱི་ངོས་ནས་བཤད་ན་དེ་ནི་མི་སྲིད་པ་ཞིག་རེད། འོན་ཀྱང་ང་ཚོའི་བཀོད་པ་པོ་དཀོན་མཆོག་གིས་ཁྱེད་ལ་ཕྱག་རོགས་གནང་ཐུབ་ཀྱི་ཡོད།

དཀོན་མཆོག་ཨེ་རེད། ཌ་ར་ཡིས་དྲིས། ངས་ཁྱོད་ཀྱི་གཏམ་རྒྱུད་ལ་ཉན་ཡིན། འོན་ཀྱང་དེ་དག་དངོས་ཡོད་བདེན་པ་ཡིན་པ་ཇི་ལྟར་ཤེས་ཐུབ་བམ། དེ་མིན། དཀོན་མཆོག་གིས་ཕྱག་རོགས་ཅི་ཞིག་གནང་ཐུབ་ཀྱི་ཡོད་དམ།

ཐེ་རེ་ཡིས་འཛུམ་དམུལ་བྱས། ཁྱེད་རང་གིས་མི་རྣམས་ཀྱིས་འཛམ་གླིང་འདི་ལ་གང་འདྲ་བྱས་ནས་བརྡབ་གསིག་བཏང་བ་དེ་དམ་པའི་གསུང་རབ་བཡི་བཱལ་ནས་ཤེས་ཡོད། གཙོ་བོ་དཀོན་མཆོག་ཁོང་ཚོར་ཐུགས་ཁྲོ་བསྐྱེད་ཐུབ་ཀྱི་ཡོད། འོན་ཀྱང་ཁོང་ཐུགས་ཁྲོ་བཞེས་མེད། དེའི་ཚབ་ཏུ་གཙོ་བོ་ཁོང་གིས་ཁོང་ཚོར་བྱམས་སྐྱོང་གནང་སྟེ། ཁོང་ཚོ་དང་རྒྱུ་སྐར་སླར་གསོ་གནང་རྒྱུ་འཆར་གཞི་བཏོན་ཡོད། དེ་ཙམ་མ་ཟད་། ང་ཚོས་ད་ལྟ་སྨོན་ལམ་འདེབས་སྐབས་གཙོ་བོ་དཀོན་མཆོག་གིས་ང་ཚོར་ཕྱག་རོགས་གནང་ཐུབ་ཀྱི་ཡོད། ངས་ཇི་ལྟར་ཤེས་ཐུབ་བམ། གང་ཡིན་ཟེར་ན། གཙོ་བོ་ཁོང་གིས་ངའི་ཆེད་དུ་དེ་ལྟར་བསྒྲུབས་ཡོད། ང་ལ་ཁོང་ཁྲོ་ཡིས་སྡུག་བསྔལ་བཏང་བ་བྱུང་མ་སོང་།

ཐེ་རེ་ཡིས་མུ་མཐུད་བཤད། ང་ཚོའི་སེམས་འདི་ཉིད་གཙོ་བོ་དཀོན་མཆོག་དྲུང་དུ་བསྒྱུར་བའི་དོན་དུ་གཙོ་བོ་ཁོང་གི་སྲས་སྐྱབས་མགོན་ཡེ་ཤུ་འཇིག་རྟེན་འདིར་འཁྲུངས་ཡོད། ཆོས་ལུགས་ཀྱི་འགོ་ཁྲིད་རྣམས་སྐྱབས་མགོན་ཡེ་ཤུའི་སློབ་སྟོན་དང་དྲག་གསོའི་བཅོས་ཐབས་བཅས་ཀྱི་སྙན་གྲགས་ལ་ཕྲག་དོག་ཆེན་པོ་བྱུང་ཡོད། ཁོ་ཚོས་ཁོ་གསོད་རྩིས་བྱས། ཁོ་ཚོས་སྐྱབས་མགོན་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་ནས་རྡུང་རྡེག་བཏང་བ་དང་ཤིང་གི་ཁྲམ་ཤིང་སྟེང་ལ་ཟེར་ཀ་བརྡུངས་ནས་བཀྲོངས་སོང་།

དེ་ནི་འཇིགས་སུ་རུང་བ་ཞིག་རེད། ཌ་ར་ཡིས་བར་ཆད་བཟོས་པ་རེད།

རེད། ཡིན་ནའང་། སྐྱབས་མགོན་ཡེ་ཤུ་ཡིས་ཁོ་ཚོར་འཐབ་ལན་སློག་པའམ་དམོད་པ་བརྒྱབ་པ་བཅས་གནང་མེད། དེ་ལས་ལྡོག་སྟེ། ཁོང་གིས་ནམ་མཁའི་ཞིང་ཁམས་ལ་གཟིགས་ནས་གསུང་སྐད་ཆེན་པོ་ངང་། ཡབ་ལགས། ཁོང་ཚོར་དགོངས་ཡང་གནང་རོགས་ཞེས་ཞུ་འབོད་གནང་ཡོད།

ཌ་ར་ཡིས་ཡ་མཚན་རེད་ཅེས་བཤད། འདི་ངས་སྒྲུབ་མི་ཐུབ།

ཐེ་རེ་ཡིས་བཤད་རྒྱུར།ང་འཐད་པ་ཡིན།སྔོན་ཆད་ངས་ཀྱང་འདི་ལྟར་བསམ་པ་ཡིན། ང་རང་ཁོང་ཁྲོ་ཚ་པོ་ཞིག་ཡོད། ཁྱེད་རང་གིས་ཤེས་ཀྱི་ཡོད་དམ། སྐྱབས་མགོན་ཡེ་ཤུ་ཡིས་འདི་སྐད་དུ། ཁྱེད་རང་གི་དགྲ་བོ་ལ་བྱམས་པོ་བྱེད་དགོས། ཁྱེད་རང་ལ་གནོད་འཚེ་གཏོང་མཁན་ལ་ཕན་ཐོགས་བྱེད་དགོས། ཁྱེད་ལ་སྡང་མཁན་ཚོར་ཡག་པོ་བྱེད་ཅིག ཁྱེད་ལ་ཕྲག་དོག་བྱེད་མཁན་ཚོར་སྨོན་ལམ་རྒྱོབ། ཅེས་གསུངས་ཡོད། (མ་ཐའེ་ཡི་གསུང་རབ་ ༥:༤༤) སྐྱབས་མགོན་ཡེ་ཤུ་ཡིས་འདི་དག་སློབ་སྟོན་གནང་བ་ཙམ་མ་ཡིན་པར། དངོས་སུ་བསྒྲུབས་ཡོད། ངས་འདི་དག་ལ་བསམ་བློ་བཏང་ནས་གཙོ་བོ་དཀོན་མཆོག་གི་དྲག་གསོ་ཐོབ་པའི་དོན་དུ་གསོལ་བ་འདེབས་སྐབས། ང་རང་འགྱུར་བ་འགྲོ་བཞིན་ཡོད།

བཟོད་སྒོམ་གྱི་གསོ་བའི་སྟོབས་ཤུགས།

རྗེས་ཀྱི་བདུན་ཕྲག་འགའ་ཤས་ནང་དུ། ཌ་ར་ཡིས་སྐྱབས་མགོན་ཡེ་ཤུ་གྲོངས་བའི་སྐོར་གྱི་ལོ་རྒྱུས་དང་ང་ཚོའི་དགྲ་བོ་ལ་བྱམས་པ་བྱེད་ཕྱོགས་སྐོར་གྱི་བཀའ་ཆོས་རྣམས་ཀློག་པ་རེད། ཁོ་རང་གིས་སོ་སོའི་སེམས་འདི་གཙོ་བོ་དཀོན་མཆོག་ལ་འབྱེད་ནས་ཁོའི་ཨ་ཅག་གི་ནང་མི་ཚོས་བྱེད་པ་ལྟར་སྨོན་ལམ་བཏབ་པ་རེད། ཁོས་རང་གི་སེམས་སྡུག་དང་ཁོང་ཁྲོའི་སྐོར་གཙོ་བོ་དཀོན་མཆོག་དྲུང་དུ་ཞུས། ཁོས་སོ་སོའི་སེམས་ལ་དྲག་གསོ་ཐོབ་ཕྱིར་གཙོ་བོ་དཀོན་མཆོག་ལ་གསོལ་འདེབས་ཞུས་པ་ལྟར། སྤྲིན་ནག་པོ་དེ་རིམ་བཞིན་བྲལ་འགོ་ཚུགས་པ་རེད།

ཐེ་རེ་ཡིས་འགྱུར་བ་འགྲོ་ཕྱོགས་དེ་ལ་དོ་སྣང་བྱས། ཁོས་ཌ་ར་ལ། ངས་དཀོན་མཆོག་གིས་ཁྱེད་ལ་འགྱུར་བ་གཏོང་བཞིན་ཡོད་པ་འདི་མཐོང་གི་འདུག་ཞེས་བཤད། ཁྱེད་རང་སྐྱབས་མགོན་ཡེ་ཤུའི་རྗེས་འཇུག་པ་ཞིག་ཆགས་མི་སྲིད་དམ།

ཌ་ར་ཡིས་འཛུམ་དམུལ་བྱས་ཏེ། ཐུབ་ཀྱི་རེད་ཞེས་བཤད། གཙོ་བོ་དཀོན་མཆོག་གིས་ང་ལ་དྲག་གསོ་གནང་རྒྱུ་ཕྱག་ལས་གནང་གི་ཡོད། ང་རང་ཁོང་གི་རྗེས་འབྲང་པ་ཇི་ལྟར་ཆགས་ཐུབ་བམ།

ཐེ་རེ་ཡིས་ཁོང་ལ། སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང་བ་དེ་ནི་རྗེས་འཇུག་པ་གཞན་དང་མཉམ་དུ་མཉམ་ཞུགས་བྱེད་ཞིང་གཙོ་བོ་དཀོན་མཆོག་གི་སྐོར་ཤེས་ནས་སྨོན་ལམ་རྒྱག་པ་དང་། གསུང་རབ་ནང་དུ་བསྟན་པ་ལྟར་དཀོན་མཆོག་གི་བཀའ་ཆོས་ལ་བཀའ་སྲུང་དང་ལེན་བྱེད་རྒྱུ་ཞིག་རེད་ཞེས་སློབ་སྟོན་བྱས་ཡོད། དཀོན་མཆོག་གི་སྐྱེས་བུ་རྣམས་ཀྱིས་རང་ཉིད་ལ་གཙོ་བོ་ཁོང་གིས་བསྒྱུར་བཅོས་ཇི་ལྟར་གཏོང་བཞིན་པ་རྣམས་གཞན་ལ་བཤད་ཞིང་། གཞན་ལ་གཙོ་བོ་ཁོང་གི་སྟོབས་ཤུགས་དེ་ཉིད་མྱོང་ཚོར་བྱེད་རྒྱུ་མགྲོན་དུ་འབོད་ཀྱི་ཡོད། ཡེ་ཤུའི་རྗེས་འཇུག་པ་ཚོར་ཉིན་གཅིག་གཙོ་བོ་ཁོང་གིས་འཛམ་གླིང་འདི་ཉིད་བསྐྱར་དུ་བསྐྲུན་རྒྱུའི་ཞལ་བཞེས་གནང་ཡོད།

ཌ་ར་ཡིས་གཙོ་བོ་དཀོན་མཆོག་འདིའི་རྗེས་སུ་འབྲང་རྒྱུའི་ཐག་གཅོད་བྱས། ཉིན་གཅིག ཌ་རས་སོ་སོའི་ཅ་ལག་ཐུམ་སྒྲིལ་བྱེད་བཞིན་པ་འདི་ཐེ་རེ་ཡིས་ཤེས། ཁོས་ཤེས་འདོད་ཆེན་པོ་ངང་། ཁྱོད་རང་གང་དུ་འགྲོ་ཡས་ཡིན་ནམ། ཞེས་དྲིས།

ང་རང་སོ་སོའི་བཟའ་ཟླའི་ཨ་མའི་གྲོང་གསེབ་ལ་ལོག་འགྲོ་ཡས་ཡིན་ཞེས་བཤད། ངས་ཁོང་ཚོར་བཟོད་ཡངས་སྤྲོད་ཡོད་ཞེས་བཤད་དགོས་ཀྱི་ཡོད། ངས་རང་ཉིད་ལ་ཡོད་པའི་རེ་བ་གསར་པ་དེ་བཤད་རྒྱུ་ཡིན།

གལ་ཏེ་ཁྱོད་རྣམས་ཀྱིས་རང་ཉིད་ལ་སྐྱབས་མགོན་ཡེ་ཤུ་ཡིས་ཁོང་ཁྲོ་དང་འཁོན་འཛིན། སེམས་སྡུག་བཅས་ནས་རྣམ་པར་རྒྱལ་རྒྱུ་ཕྱག་རོགས་གནང་ཐུབ་ཀྱི་ཡོད་པ་རྣམས་ཤེས་འདོད་ཡོད་ན། ཡིག་ཆ་འདིའི་རྒྱབ་ཕྱོགས་ཀྱི་འབྲེལ་གཏུགས་ཞལ་བྱང་ལ་འབྲེལ་བ་གནང་རོགས།

Copyright © 2023 by Sharing Hope Publications. བརྩམས་ཆོས་འདི་ཆོག་མཆན་མེད་པར་ཚོང་ལས་མ་
གསུང་རབ་ཀྱི་ཚིགས་སུ་བཅད་པ་དེ་དག་ནི་དབྱིན་ཡིག་གི་གསར་རྒྱལ་པོ་ཇེམས་ཀྱི་བསྟན་བཅོས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། ཕྱི་ལོ་༡༩༨༢ ལོར་ཐོ་མཱས་ནེལ་སོན་གྱིས་དབང་ཚད་བཟུང་བ་ཡིན། བཀའ་འཁྲོལ་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱས་ཡོད། ཐོབ་ཐང་ཡོད་ཚད་བདག་ཉར་བྱས་ཡོད།

ང་ཚོའི་གསར་འགྱུར་ཡིག་ཆ་ལ་མིང་ཐོ་བཀོད་རོགས།

དཔེ་སྐྲུན་གསར་པ་ཐོན་སྐབས་ཐོག་མར་ཤེས་དགོས།

newsletter-cover