ཁོང་ཁྲོ་ལས་འཛེམ་ན

ཁོང་ཁྲོ་ལས་འཛེམ་ན

བཅུད་དོན།

མི་ག་ར་གིས་ ཙིགཔ་ཟ་བའི་ཉམས་མྱོང་འོང་ ཨིན་རུང་ ང་བཅས་ཀྱིས་ཙུགཔ་ཟ་ནི་ལུ་ མནོ་བསམ་གཏང་སྡོད་པ་ཅིན་ འདི་གིས་ ང་བཅས་མེདཔ་གཏང་འོང་། འ་ནི་དེབ་ཆུང་འདི་གིས་ མི་གཅིག་གིས་ ཁོ་རའི་མི་ཚེ་འདི་ ཡེ་ཤུ་གིས་ ཐ་ན་ཁོ་གསོད་མི་ལུ་ཡང་ ག་དེ་སྦེ་ བཟོད་པ་བཞེས་ཡོདཔ་ཨིན་ནའི་སྐོར་ལས་ལྷབ་སྟེ་ འགྱུར་བ་འགྱོ་ཡོད་མི་སྐོར་ལས་ སྲུང་བཤད་འོང་། ང་བཅས་ཀྱིས་ ཡེ་ཤུའི་རྗེས་སུ་མཇུག་པ་ཅིན་ ཁོ་གིས་ ང་བཅས་བསྒྱུར་བཅོས་བཟོ་ནི་དང་ ང་བཅས་ཡང་ཁོ་བཟུམ་སྦེ་ བཟོ་གནང་འོང་། ཁོ་གིས་ ང་བཅས་རའི་ཙིགཔ་ཟ་མི་དང་ ངན་སེམས་ཚུ་མེདཔ་བཟོ་གནང་སྟེ་ ང་བཅས་ཀྱི་མི་ཚེ་འདི་གི་ དཀོན་མཆོག་ལུ་ལྡན་དང་ལྡནམ་སྦེ་བྱིན་ཚུགས།

ཕབ་ལེན།

མོ་ར་ཡང་ ང་བཅས་ཀྱི་གཡུས་ནང་ར་ དུས་ཨ་རྟག་བཟུམ་སྦེ་ ཨ་ལོ་སྐྱེ་བ་ཅིན་མ་བཏུབ་མི་འོང་ཟེར་སླབ་སྟེ་ དཱ་ར་གི་ཨ་ནེ་གིས་ཨུ་ཚུགས་སྐྱེས་ནུག། ང་བཅས་འགྲོ་སོང་སྦོམ་གནས་པའི་ སྨན་ཁང་མིན་དགོ།

དཱ་ར་འདི་ཚ་གྱང་ལང་ནུག། ཁོ་རའི་ཨམ་སྲུ་འདི་གཟུགས་ཁམས་སྒྲིང་སྒྲིང་མེདཔ་ལས་ མོ་ར་དྲུང་འཚོ་ལེགས་ཤོམ་གྱི་སྦོ་ལོག་ཁར་བཞག་དགོཔ་སྦེ་ རེ་བ་བསྐྱེད་དོ་ཡོདཔ་མས། ཁོ་རའི་ ཨ་ནེ་གཅིག་ཁར་ བདེན་ཁུངས་གཟང་འདི་དོན་དག་མེད་ཟེར་ ཁོ་ར་གིས་ཁོ་ར་ལུ་སླབ་ནུག།

ཁོ་རའི་ ཨམ་སྲུ་ཨ་ལོ་སྐྱེ་ནི་འབད་ ན་ཟུག་རྐྱབ་ནི་འགོ་བཙུགསཔ་ད་ལུ་ དཱ་ར་ཁོ་ར་སྦ་སྒོར་ཀྱི་ཕྱི་ཁ་སྒུག་སྡོད་དགོཔ་འཐོན་ནུག། མོ་ཤུགས་སྦེ་སྔུ་སྟེ་ དེ་ལས་ ཁུ་སིམ་སི་ཡར་སོང་ནུག། མཐའ་མཇུག་ལུ་ ཁོ་རའི་ཨ་ནེ་འདི་ ཕྱི་ཁར་འཐོན་འོང་ནུག། མོ་གི་གདོང་ལུ་ ཚར་གཅིག་ལྟཝ་ཅིན་ ཁོ་རའི་ཨམ་སྲུ་དང་ཨ་ལུ་འདི་ ཚེ་ལས་འདས་སོང་ཡོདཔ་ ཧ་གོ་ཆི་ནུག། ཁོང་གཉིས་ ཁོང་རའི་རེ་འདོད་དང་ དགའ་བ་དང་བཅསཔ་སྦེ་ཤི་སོང་ནུག།

 དྲན་པ་ཉམས་ཏེ་ གོ་ལེ་སྦེ་ ཁོ་ཡང་གནམ་མེད་ས་མེད་ ཁོང་ཁྲོ་ལང་མི་ཅིག་ལུ་ཐལ་ཡོདཔ་ཨིན་མས། དཱ་ར་ཧིང་ལས་ར་སྔུ་སྟེ་ ག་དེམ་ཅིག་སྦེ་ ཁོང་སྨན་ཁང་ནང་ལྷོད་ལྷོདཔ་དང་ མོ་གི་ཨའི་གིས་ ཉན་ཁུག་མ་བཏབ་འབད་ཅིན་ གནས་སྟངས་འདི་བཟུམ་མ་སྡོདཔ་འོང་། 

དཱ་ར་འདི་ ཁོ་རའི་མི་ཚེ་མེདཔ་གཏང་མི་ ཨམ་སྲུ་འདི་ལས་ ཟུར་ཏེ་འགྱོ་དགོཔ་འཐོན་ནུག། ཁོ་གིས་ ཁོ་རའི་ཅ་ལ་ཚུ་འབག་སྟེ་ འགྱོ་དོ་ཟེར་ཡང་མ་སླབ་པར་ ཡར་སོང་ནུག།

ཁོང་ཁྲོ་ལས་རྒྱུག་འགྱོ་ནི།

དཱ་ར་ ཁྲོམ་གྱི་ལྟེ་བ་ལུ་ ཁོ་རའི་ སྲིནམོ་མ་ལེ་དང་ མོ་རའི་རྨགཔ་ཊཱེ་མཉམ་སྡོད་ནི་འབད་སོང་ནུག། དེ་ཚེ་ཕྱི་རུ་ ཁོ་ར་གཅིག་རྐྱངམ་གཅིག་ གཉིད་ལོག་མ་བཏུབ་པར་སྡོད་ནུག། ཁོང་ཁྲོ་གི་སེམས་འདི་ ཁོ་གི་རྒྱུ་ལུ་ ས་སྨུག་གནགཔོ་ རྟིང་ཤུལ་བདའ་དོ་བཟུམ་བདའ་སྟེ་འོང་ཡོདཔ་ཨིན་མས། ཁོ་ར་ མནོ་བསམ་གཞན་ག་ནི་ཡང་ གཏང་མ་ཚུགས་པས། 

ཨིན་རུང་ དེ་ཚེ་ཕྱི་རུ་ ཁོ་རའི་སྲིནམོ་གི་བཟའ་ཚང་མཉམ་སྡོད་པའི་སྐབས་ དཱ་ར་ཁོ་ར་ལུ་ ཞི་བདེ་ཐུང་ཀུ་ཅིག་མྱོང་ནུག། ལྟོ་གཅིག་ཁར་ཟ་ཚར་བའི་ཤུལ་ལས་ ཁོ་ཚུ་ཞབས་ཁྲ་དགའ་ཏོག་ཏོ་ཚུ་འཐེན་ཏེ་ དེ་ལས་ ཊཱེ་གིས་སྲུང་ཚུ་གཏང་དོ་ཡོདཔ་ཨིན་མས། འ་ནི་སྲུང་ཚུ་ ཁོ་གི་ཆུང་ཀུ་བསྒང་གི་སྐད་གྲགས་ཅན་གྱི་གཏམ་རྒྱུད་ཚུ་ལས་ཨ་ཙི་ མ་འདྲཝ་སྦེ་ཡོདཔ་ཨིནམ་དང་ དེ་ཚུ་ཡང་ ཡེ་ཤུ་གི་དམ་པའི་གསུང་རབ་ལས་ཨིན་མས། དཱ་ར་གིས་ འཛམ་གླིང་འདི་ཡང་དག་པར་ ག་ནི་བ་དགའ་བའི་ཞིང་ཁམས་བཟོ་གནང་མི་ བྱམས་བརྩེ་ཅན་གྱི་དཀོན་མཆོག་གི་སྐོར་ལས་ སྔོན་མ་ནམ་ཡང་ཧ་མ་གོ་བས། ཁོ་གིས་ མི་འགོ་ཐོག་དང་པ་ཚུ་གིས་ ཁོང་ར་གིས་མནོ་བསམ་བཏང་དོ་བཟུམ་འབད་བ་ཅིན་ དགའ་བ་ལེ་ཤ་བྱུང་འོང་མནོ་སྟེ་ འཛམ་གླིང་བཀོད་པ་པོ་ལུ་ ག་དེ་སྦེ་ངོ་རྒོལ་འབད་ཡོདཔ་ཨིན་ན་ཧ་གོ་ནུག། ཁོང་གི་གདམ་ཁ་སྐྱོ་ཤོས་འདི་གིས་ འཛམ་གླིང་ཡང་དག་པ་ནང་ སྡིག་པ་ སྡུག་བསྔལ་དང་འཆི་བ་ཚུ་འགོ་བཙུགས་ནུག།

ཉིནམ་གཅིག་འབདཝ་ད་ དཱ་ར་གིས་ ཁོ་རའི་ཨ་ནེ་ལུ་ ཙིགཔ་ཟ་ཡོད་བའི་སྐོར་ལས་ ཊཱེ་ལུ་སླབ་ནུག། ཁོ་ལུ་སེམས་ནད་དང་ བློ་ཕམ་གྱི་སྡུག་བསྔལ་སྦོམ་ཕོག་སྟོ་ཡོད་པའི་སྐོར་ལས་ ཁ་གསལ་སྦེ་བཤད་སླབ་ནུག། ཊཱེ་གིས་ཁུ་སིམ་སི་སྦེ་ཉན་སྡོད་ནུག། མཐའ་མཇུག་ལུ་ ཁོ་གིས་ དཱ་ར་འདི་ང་གི་ཧ་གོ། ང་ཡང་དམག་འཁྲུག་གི་སྐབས་ལུ་ བྱ་སྟབས་མ་བདེ་ཁག་ཁ་ཚུ་འཐོན་ཡི། དེ་འབདཝ་ད་ ང་གིས་ཞི་བདེ་ཐོབ་ཚུགས་ཅི། ཁྱོད་ནང་ཡོད་པའི་ཁོང་ཁྲོ་འདི་གིས་ ཁྱོད་ཀྱི་ཟ་ཚང་ཚུ་ལོག་འབག་མི་ཚུགས། འདི་བཟུམ་འདི་ ཁྱོད་རའི་བྱང་ཁོག་གུ་ལག་བམ་གཟུང་དོ་བཟུམ་ཅིག་ཨིན། འདི་གིས་ ཁྱོད་ལུ་གནོདཔ་བཀལ་འོང་།

དཱ་ར་གིས་ ཁོ་རའི་ལགཔ་གི་གདོང་སྤུབ་ཞིནམ་ལས། ང་དེ་སྦེ་མ་འབད་བར་ ཐབས་མིན་འདུག་ ཟེར་ཁོ་སྐད་ཤོར་ནུག། ང་གིས་ ང་རའི་ཨམ་སྲུ་གི་ཕམ་ཚུ་ལུ་དགའ་བསྐྱེད་སྡོད་ཅི་ ད་འབདན་ང་གིས་ཁོང་ཚུ་མི་དགའ་བས། ཁོང་ཚུ་ལུ་ ང་གིས་ནམ་ཡང་ བཟོད་གསོལ་འབད་མི་ཚུགས།

ཞེ་སྡང་སེམས་ཀྱི་ས་གཞི།

ཊཱེ་གིས་མགུ་ཏོ་གཡོ་ནུག། མི་གིས་ འདི་ལཱ་ཁག་ཡོད། ཨིན་རུང་ ང་བཅས་རའི་ འཛམ་གླིང་བཀོད་གནང་མི་གིས་ ཁྱོད་ལུ་ཆ་རོགས་འབད་ཚུགས། 

གཙོ་བོ་དཀོན་མཆོག་ཡ? ཟེར་དཱ་ར་གིས་འདྲི་ནུག། ང་གིས་ ཁྱོད་ཀྱི་སྲུང་ལུ་ཉན་ཡི་ དེ་འབདཝ་ད་ ཨ་ནི་ཚུ་ངོ་མ་ཨིན་ཟེར་ ང་གིས་ག་དེ་སྦེ་ཤེས་ནི? ལྷག་པར་དུ་ དཀོན་མཆོག་གིས་ ཆ་རོགས་ག་དེ་སྦེ་འབད་ཚུགས?

ཊཱེ་དགའ་འཛུམ་སྟོན་ཏེ་ ཁྱོད་ཀྱིས་གསུང་རབ་ནང་ལས་ མི་ཚུ་ཡང་དག་པའི་འཛམ་གླིང་འདི་ ག་དེ་སྦེ་མེདཔ་བཏངམ་ཨིན་ན་ ལྷབ་ཅིག་ མེན་ན། དཀོན་མཆོག་གིས་ཁོང་ལུ་ གཟིགས་ཞིནམ་ལས་ དགོངསམ་ཁྲེལ་དགོཔ་ཅིག་ཨིན་རུང་ ཁོ་དགོངསམ་མ་ཁྲེལ་པས། ཧེང་སྐལ་ར་ ཁོང་ལུ་བྱམས་བརྩེ་བསྐྱེད་དེ་ ཁོང་དང་འཛམ་གླིང་ཚུ་ ལེགས་ཤོམ་བཟོ་ནི་དོན་ལུ་ འཆར་གཞི་བཟོ་གནང་ཡི། འདི་བ་ཡང་ལྷགཔ་སྦེ་ ང་བཅས་ཀྱིས་ དཀོན་མཆོག་ལུ་གསོལཝ་བཏབ་པ་ཅིན་ ང་བཅས་ལུ་ སྐྱབས་གཟིགས་ཚུགསཔ་ཨིན། ང་གིས་ ག་དེ་སྦེ་ཤེསཔ་སྨོ? ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོ་གིས་ང་ལུ་སྐྱབས་མཛད་གནང་ཡོདཔ་ལས་ཨིན། ད་ལས་ཕར་ ཞེ་སྡང་གིས་ང་སྡུག་བསྔལ་མྱོང་བཅུག་ནི་མས། 

ཊཱེ་གི་འཕྲོ་མཐུད་དེ་སླབ་ནུག། གཙོ་བོ་དཀོན་མཆོག་གི་སྲས་ ཡེ་ཤུ་འཛམ་གླིང་ནང་འཁྲུང་མི་འདི་ ང་བཅས་ཚུ་གི་བློ་སེམས་ཚུ་ འཇིག་རྟེན་བཀོད་པ་པོ་བཟུམ་སྦེ་ འགྱོ་བཅུག་ནི་དོན་ལུ་འཁྲུངས་འཁྲུངསམ་ཨིན། ཆོས་ཀྱི་དབུ་ཁྲིད་ཚུ་ ཡེ་ཤུ་གི་ཆོས་དང་ནདཔ་ཚུ་ནད་ལས་དྲགཔ་གནང་ཡོད་པའི་མིང་གཏམ་ལུ་ ཕྲག་དོག་གནམ་མེད་ས་མེད་བསྐྱེད་ནུག། ཁོང་གིས་ ཁོ་བཀྲོངས་ནི་གི་ ཐབས་ལམ་ཚུ་བརྩམ་ནུག། ཁོང་ཚུ་གི་ ཁོ་བཅོས་མའི་ཐོག་ལས་ ཁ་ཉེས་བཀལ་ཏེ་ དྲང་ཞིནམ་ལས་ ལྕགས་གཟེར་བརྡབ་སྟེ་ ཁྲམ་ཤིང་གུ་ལས་ཕར་ཚུར་ལགཔ་དཔྱང་ཞིནམ་ལས་ བཤགས་སོང་ནུག།

འ་ནི་འདི་ཐ་རྡུགས་སི་སི་ཅིག་ཨིན་མས། དཱ་ར་གིས་ བཀག་རྐྱབ་སྟེ། 

ཨིན། དེ་འབདཝ་ད་ ཡེ་ཤུ་གིས་ ལོག་སྟེ་འཐབ་ནི་དང་ ཁ་ངན་ཚུ་མ་སླབ་པས། དེ་སྦེ་འབྱུང་འདི་འབད་རུང་ ཁོ་གིས་ཡར་ཞིང་ཁམས་ལུ་གཟིགས་ཞིནམ་ལས་ ཤུངས་ཏེ་དེ་སྦེ་གསུངས་ནུག། ཡབ་རིན་པོ་ཆེ་ མི་འདི་ཚུ་གིས་ ཁོང་རང་ག་ཅི་འབདཝ་ཨིན་ན་ ཁོང་གིས་མི་ཤེས་པས། ཁོང་ལུ་བཤགས་པ་བཞེས་གནང་།

དབའི་ཟེར་སླབ་སྟེ་ དཱ་ར་ཧམ་བརྒྱང་གཏང་ནུག། ང་གིས་ འ་ནི་འདི་ ནམ་ཡང་འབད་ཚུགས་ནི་བཟུམ་མིན་འདུག།

ཊཱེ་གིས་ ཨིན་ཨིན། ཟེར་སླབ་ནུག ང་ཡང་ ཧེ་མ་དེ་སྦེ་རང་མནོ་ སྡོད་ཡི། ང་འདི་འཕྲོ་ལས་དབུགས་རྡུམ་ལང་མི་ཨིན། དེ་འབདཝ་ད་ དཱ་ར་ ཁྱོད་ཀྱིས་ཤེས་ག་ ཡེ་ཤུ་གིས་དེ་སྦེ་གསུངས་ཡི་ རང་གི་དགྲ་བྱང་ཕྱད་ལུ་དགའ་བ་བསྐྱེད་ནི། རང་ལུ་ཁ་གཏང་མི་ལུ་ དངོས་གྲུབ་གནང་དགོ རང་ལུ་ཟོགཔོ་འབད་མི་ལུ་ ལེགས་ཤོམ་འབད་དགོ རང་ལུ་གནོད་སེམས་བསྐྱེད་མི་ལུ་ སྨོན་ལམ་བཏབ་དགོ་ ཟེར་གསུངམ་མ་ཚད་ ཁོ་ར་གིས་ཡང་ དེ་སྦེ་ར་མཛད་ཡོདཔ་ཨིན། ང་འདི་ཚུ་ལུ་མནོ་བསམ་གཏང་ཏེ་ དཀོན་མཆོག་ལུ་ནད་འདི་ཚུ་ལས་ དྲག་བཅུག་ཟེར་ཞུཝ་ད་ལུ་ ང་རང་ཡང་བསྒྱུར་བ་འགྱོ་མས།

བཟོད་གསོལ་གྱི་དྲག་ཚུགས་པའི་ནུས་སྟོབས།

ཤུལ་མམ་གྱི་བདུན་ཕྲག་དག་པ་ཅིག་གི་རིང་ དཱ་ར་གིས་ཡེ་ཤུའི་འཆི་བ་དང་ དགྲ་བྱང་ཕྱད་ལུ་ དགའ་བ་བསྐྱེད་དགོ་པའི་སྐོར་ལས་ལྷག་ནུག། ཁོ་རའི་སྲིངམོ་གི་བཟའ་ཚང་ཚུ་གིས་ གསོལཝ་བཏབ་སར་མཐོང་དོ་བཟུམ་བཏབ་ཞིནམ་ལས་ ཁོ་གིས་ དཀོན་མཆོག་ལུ་ ཁོ་རའི་དོན་ཧིང་ཁ་ཕྱེ་ནུག། ཁོ་གིས་དཀོན་མཆོག་ལུ་ ཁོ་རའི་སྙིང་ནད་དང་ ཞེ་སྡང་གི་སྐོར་ལས་ཞུ་ནུག། ཁོ་གིས་ དཀོན་མཆོག་ལུ་ ཁོ་རའི་དོན་ཧིང་འདི་དྲག་བཅུག་ཟེར་བཞིན་དུ་ སྤྲིན་གནགཔོ་འདི་ འགྲོས་ཀྱིས་སྦེ་ ཡལ་ནི་འགོ་བཙུགས་ནུག། 

ཊཱེ་གིས་ བསྒྱུར་བཅོས་འགྱོ་ས་མཐོང་ནུག། ཊཱེ་གིས་དཀོན་མཆོག་གིས་ཁྱོད་ལུ་ བསྒྱུར་བཅོས་གནང་ས་ ང་གིས་མཐོང་མས་ ཟེར་སླབ་ནུག། ཁྱོད་ཡང་ ཡེ་ཤུ་ལུ་དད་པ་བསྐྱེད་མི་སྦེ་ རྗེས་སུ་མི་འཇུག་ག?

དཱ་ར་དགའ་ཛུམ།་སྟོན་ཏེ་ བཏུབ་ཟེས་སླབ་ནུག། ང་དྲག་ནི་དོན་ལུ་ དཀོན་མཆོག་ཕྱག་ལཱ་མཛད་དེ། ང་ ཁོ་གི་རྗེས་སུ་འཇུག་མི་ ག་དེ་སྦེ་འགྱོ་ནི་ཨིན་ན?

ཊཱེ་གིས་ཁོ་ལུ་ ཡེ་ཤུ་ལུ་རྗེས་སུ་འཇུག་ནི་ཟེར་མི་འདི་ གཞན་རྗེས་འཇུག་པ་དང་གཅིག་ཁར་བསྡོམ་ནི་དང་ སྨོན་ལམ་བཏབ་སྟེ་དཀོན་མཆོག་གི་སྐོར་ལས་ལྷབ་ནི་ དེ་ལས་ གསུང་རབ་ནང་ཡོད་མི་ དཀོན་མཆོག་གི་བཀའ་སློབ་ཚུ་ ཉན་ནི་འདི་ཨིན་ཟེར་སྟོན་བྱིན་ནུག། དཀོན་མཆོག་གི་མི་ཚུ་གིས་ ཁོ་གིས་གཞན་མི་ཚུ་ག་དེ་སྦེ་ བསྒྱུར་བཅོས་གཏང་དོ་ག་དང་ ཁོ་རའི་སྟོབས་ཤུགས་ཉམས་མྱོང་ཐོབ་ཐབས་ལུ་ གཞན་ཚུ་གདན་འདྲེན་ཞུཝ་ཨིན། ཡེ་ཤུ་གི་རྗེས་སུ་འབྲང་མི་ཚུ་ལུ་ ཉིནམ་གཅིག་འབདཝ་ད་ ཁོ་གིས་འཛམ་གླིང་འདི་ གསར་སྐྲུན་མཛད་གནང་ནི་ཟེར་དམ་བཅའ་གནང་ཡོདཔ་ཨིན།

དཱ་ར་འདི་ འ་ནི་དཀོན་མཆོག་རྗེས་སུ་འབྲང་ནི་སྦེ་ ཐག་ཆོད་ནུག། ཉིནམ་གཅིག་ ཊཱེ་གིས་ དཱ་ར་འདི་ ཁོ་རའི་ཅ་ལ་ག་ར་བསྡམས་སར་མཐོང་ནུག། ཁོ་གིས་ ཁྱོད་ག་ཏེ་འགྱོ་ནི་སྨོ? ཟེར་འདྲི་ནུག།

དཱ་ར་གིས་ང་ ང་རའི་ཨམ་སྲུ་གི་ གཡུས་ཁར་ལོག་འགྱོ་ནི་ཨིན་ཟེར་སླབ་ནུག། ང་ཁོང་ཚུ་ལུ་ ཁོང་གིས་འབད་མི་ལུ་ བཟོད་གསོལ་འབད་ཡི་ཟེས་སླབ་ནི་ཨིན། དེ་ལས་ ང་རའི་ རེ་བ་གསརཔ་ཡོད་མི་ཚུའི་སྐོར་ལས་ བཤད་ནི་ཨིན།

ཁྱོད་ར་ཡེ་ཤུ་གིས་ཁྱོད་ལུ་ ཁོང་ཁྲོ་ བློ་ཕམ་ནི་ ཡང་ན་ སེམས་ནད་ཚུ་འཛེམ་ཐབས་ལུ་ ག་དེ་སྦེ་ཆ་རོགས་འབདཝ་ཨིན་ནའི སྐོར་ལས་ ཁ་སྐོང་ཤེས་གོ་མནོ་བ་ཅིན་ ཤོག་གྲངས་འདི་གི་རྒྱབ་ལུ་ཡོད་པའི་ གནས་ཚུལ་འདི་ནང་འབྲེལ་བ་འཐབ་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་  གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”
རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།

ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།

གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།

newsletter-cover