དཀོན་མཆོག་གི་དམིགས་བསལ་ཅན་གྱི་མི།

དཀོན་མཆོག་གི་དམིགས་བསལ་ཅན་གྱི་མི།

བཅུད་དོན།

གཙོ་བོ་ཡེ་ཤུ་མ་ཤི་ཀ་གིས་ ང་བཅས་ལུ་ ཤུལ་མའི་དུས་ཀྱི་དོན་ལུ་ འཛམ་གླིང་ལོག་འདི་ ཡང་དག་པ་ག་དེ་སྦེ་བཟོ་ནི་ཨིན་ནའི་སྐཽར་ལས་ གསུངས་འདི་ཡོད།། ཁོ་གི་ དམིགས་བསལ་ཅན་གྱི་མི་འདི་ཚུ་ འདི་ནང་ར་ དུས་གཏན་རྐྱང་ སྡོད་འོང་། འ་ནི་ དམིགས་བསལ་ཅན་གྱི་མི་འདི་ཚུ་ ག་ཨིན་ན་སྨོ? གསུང་རབས་ཀྱི་ འདི་ལུ་ ལྷག་ལུས་ཟེར་སླབ་ཨིན། འ་ནི་དེབ་ཆུང་འདི་གིས་ ལྷག་ལུས་སྐོར་ལས་དང་ དུས་སྟོན་ག་ཅི་གི་སྐོ་ལས་ མཐོང་ནི་དང་འདོད་སྦོམ་བསྐྱེད་དེ་ སྒུགཔ་ཨིན་ནའི་སྐོར་ལས་ བཤད་པ་ཐུང་གཅིག་རྐྱབ་ཨིན་པས།

ཕབ་ལེན།

འ་ནི་སྲུང་འདི་ མི་གཅིག་ཐ་རིང་ས་ ལམ་འགྲུལ་མ་འབད་བའི་ཧེ་མ་ ཁོ་རའི་ འཇའ་རོགས་ཚུ་འཛོམ་མི་ མིའི་སྐོར་ལས་སླབ་ཨིན་པས། ཁོང་རའི་ ལྕོགས་གྲུབ་དང་འཁྲིལ་ཏེ་ འཇའ་རོགས་གཅིག་ལུ་ ཁོ་གིས་ཏི་རུ་ཕད་ཅུང་སྦོམ་གཅིག་བྱིན་ཡོདཔ་དང་ འཇའ་རོགས་གཉིས་པ་ལུ་ ཏི་རུ་ཕད་ཅུང་བར་མ་གཅིག་ དེ་ལས་ འཇའ་རོགས་གསུམ་པ་ལུ་ ཏི་རུ་ཕད་ཅུང་ཆུང་ཀུ་གཅིག་བྱིན་ནུག། ཁོ་གིས་ ཁོ་འགྱོཝ་ཞིནམ་ལས་ ཁོ་རའི་རྒྱུ་ནོར་ལོངས་སྤྱོད་ཚུ་བདག་འཛིན་འབད་ཟེར་ ཁོང་ཚུ་ལུ་སླབ་སྟེ་ ཁོ་ར་སོ་སོ་ཡར་སོང་ནུག།

འཇའ་རོགས་དང་པ་འདི་གིས་ ཏི་རུ་འབག་སྟེ་ ཚོང་འབྲེལ་འཐབ་ནི་འགོ་བཙུགས་ནུག། དེ་བཟུམ་སྦེ་ འཇའ་རོགས་གཉིས་པ་འདི་གིས་ཡང་ ཁོ་རའི་ཏི་རུ་འདི་ཚོང་ལཱ་ནང་ལུ་ ལག་ལེན་འཐབ་འཐབཔ་ཨིན་པས། ཁོང་ ལཱ་བརྩོན་ཤུགས་བསྐྱེད་འདི་ལཱ་འབདཝ་ལས་ ཁོང་གཉིས་ཆ་ར་གིས་ མགྱོགས་པ་རང་ ཁོ་རའི་མ་དངུལ་འདི་ ཧེ་མའི་ མ་རྩ་ལས་ལོག་ལྟབ་ཐོབ་ནུག། 

དེ་འབདཝ་ད་ ཏི་རུ་ཕད་ཅུང་ཆུང་ཀུ་ཡོད་མི་ འཇའ་རོགས་གསུམ་པ་འདི་ གཞན་དང་མ་འདྲཝ་གཅིག་ཨིན་པས། ཁོ་གིས་ས་དོང་བརྐོ་སྟེ་ ཏི་རུ་ཉེན་སྲུང་གི་དོན་ལས་ དོང་འདི་ནང་བཙུགས་བཞག་སྦེ་ ཁོ་ར་ ཇོ་བདག་འདི་ཐ་རིང་ས་ཡོདཔ་ད་ལུ་ ལེ་ལོ་ཅན་སྦེ་སྡོད་མི་སྤྲོ་སྟོན་སྡོད་ནུག།

མཐའ་མཇུག་ལུ ཇོ་བདག་ལོག་ལྷོད་ལྷོདཔ་མས། འཇའ་རོགས་གཉིསཔ་འདི་གིས་ ཁོང་གཉིས་ག་དེམ་ཅིག་ལཱ་རྩ་འགེངས་འབད་དེ་ རྒྱུ་དངོས་ལོག་ལྟབ་བཟོ་ཡི་ཟེར་མི་འདི་སྟོན་ནུག། ཁོ་གིས་ ལེགས་ཤོམ་འབད་ནུག་ ཟེར་སླབ་ནུག། ཁྱོད་ འཇའ་རོགས་ལེགས་ཤོམ་དང་ དད་དམ་ཅན་ཅིག་ཨིན་པས། ཁྱོད་གཉིས་ཀྱིས་ གནད་དོན་ཆུང་ཀུ་གཅིག་ལས་ བདེན་ཁུངས་ཅན་བཟོ་ནུག། ད་འབདན་ ཁྱོད་གཉིས་ལུ་གནས་དོན་སྦོམ་ཚུ་འགན་ཁུར་སྤྲོད་འོང་།དེ་ལས་ ཁོ་གིས་ཁོང་གཉིས་ལུ་གསོལ་ར་བྱིན་ནུག།

དེ་ལས་ འཇའ་རོགས་གསུམ་པ་འདི་ འདྲོགས་ཞིནམ་ལས་ ངོ་ཚ་ཡི་རང་གདོང་ཁ་ལུ་འོང་ནུག། ཇོ་བདག་ང་གིས་ཤེས་ ཁྱོད་ར་ མི་ས་ཀྲག་ ཐོག་མ་བཙུགས་ས་ལས་ལོ་ཐོག་བསྡུ་ སོན་མ་གཏོར་ས་ལས་ སོན་བསྡུ་འདི་ཡོད་ཟེར་སླབ་ནུག། ང་འདྲོག་སྟེ་ ང་གིས་ཁྱོད་ཀྱི་ཏི་རུ་འདི་ ས་དོང་ནང་གཡིབ་བཞག་ཡི། འ་ནཱ་ ཁྱོད་ཀྱིས་ག་ཨིན་མི་འདི་ག་ར་ཡོད་ ཕུད་དོ་གཅིག་ཡང་མ་ཚངམ་མེད། དེ་འབདཝ་ད་ ཇོ་བདག་འདི་ ཁོ་མེདཔ་ད་ལུ་ སྒྱིད་ངན་གིས་ག་ཅི་ཡང་མ་འབད་བས་ཟེར་ ཙིགཔ་ཟ་ནུག། ཁོ་གིས་ ཁོ་རའི་ཏི་རུ་ལོག་འབག་སྟེ་ ལཱ་དད་དམ་ཅན་སྦེ་འབད་མི་ འཇའ་རོགས་གཉིས་ལུ་བྱིན་ཏེ་ དད་དམ་མེད་པའི་འཇའ་རོགས་འདི་ ཉེས་བྱའི་ས་ཁོངས་ནང་བཞག་ནུག།

ཡང་དག་པའི་རྒྱལ་ཁབ།

འ་ནི་སྲུང་འདི་ སློབ་དཔོན་ཡང་དག་པ་དང་སྲུང་གཏང་མི་ གཙོ་བོ་ཡེ་ཤུ་གིས་གསུང་ནུག། ཁོ་གི་དཔེ་དེབ་ གསུང་རབ་ནང་ན་ ཁོ་ཉིནམ་གཅིག་ ལོག་ས་སྨུག་ནང་ལོག་འབྱོན་སྟེ་ ཁོ་རའི་མི་དམིགས་བསལ་ཅན་ཚུ་དང་ ཁོ་གི་འཇའ་རོགས་དད་དམ་ཅན་སྦེ་སྡོད་མི་ཚུ་ལུ་ གསོལ་ར་གནང་འོང་ཟེར་གསུང་འདི་ཡོད། དེ་འབདཝ་ད་ མི་ལ་ལུ་ ཁོ་ལོག་འབྱོན་ནི་དོན་ལུ་ གྲ་སྒྲིག་མེད་མི་ཚུ་འབད་བ་ཅིན་ ན་མེད་ས་མེད་བློ་ཕམ་འོང་།

དཀོན་མཆོག་གི་དད་དམ་ཅན་གྱི་འཇའ་རོགས་ཚུ་ལུ་ ཡ་མཚན་ཆེ་བའི་གསོལ་ར་འདི་ག་ཅི་ཨིན་ན? གཙོ་བོ་ཡེ་ཤུ་གིས་ ང་བཅས་ཚུ་ས་གནས་ དཀོན་མཆོག་གི་རྒྱལ་ཁབནང་ལུ་འཁྱིད་ནི་ཟེར་ཁས་བླངས་འབད་འདི་ཡོད། འ་ནི་ རྒྱལ་ཁབ་འདི་ནང་ལུ་ འཇིག་རྟེན་བཀོད་པ་པོ་ དཀོན་མཆོག་བཞུགས་སའི་གནས་ཨིན། ས་གནས་འདི་ཡང་དག་པ་ཅིག་ཨིནམ་དང་ འདི་ནང་ཡོད་པའི་མི་ཡང་དག་པའི་ མི་ག་ར་བདེ་བའི་ངང་ལུ་གནས་ནི་དང་ དཀོན་མཆོག་ཡང་ བྱམས་བརྩེ་ཐོག་ལས་བཞུགས་སའི་གནས་གཅིག་ཨིན། འ་ནི་རྒྱལ་ཁབ་འདི་ནང་གི་མི་ཚུ་ག་ར་ གཅིག་གིས་གཅིག་དཀོན་མཆོག་གི་བཀའ་ཁྲིམས་དང་ མཐུན་ཏེ་སྡོད་དོ་ཡོདཔ་དང་ དེ་ནང་ སྡུག་བསྔལ་ ན་ཟུག་ འཆི་བ་ཚུ་མེདཔ་ཨིན་མས། འ་ནི་ ཡ་མཚན་ཆེ་བའི་རྒྱལ་ཁབ་འདི་ རྩ་ལས་རང་མཇུག་མི་བསྡུ། དེ་འབདཝ་ད་ དད་དམ་ཅན་དང་བཀའ་ཉན་མི་རྐྱངམ་གཅིག་འགྱོ་ནི་ཐོབ། དཀོན་མཆོག་ལུ་ཁས་མི་ལེན་མི་ ཡང་ན་ ཞབས་ཏོག་ཞུ་ནི་ལུ་སྣང་མེད་སྦེ་སྡོད་མི་ཚུ་ རྩ་ལས་རང་ཁོ་གི་རྒྱལ་ཁབ་ནང་འཛུལ་མི་ཚུགས།

དཀོན་མཆོག་གི་རྒྱལ་ཁབ་ནང་ འགྱོ་ནི་དོན་ལུ་ལམ་ཐོབ་ནི་འདི་འབད་ མ་ཚུགསཔ་མེད། ང་བཅས་ཀྱི་སྐྱེ་བ་ལེགས་ཤོམ་ལས་ ལཱ་ལེགས་ཤོམ་འབད་དི་ཐར་པ་ཐོབ་མི་འདི་ ང་བཅས་མི་ཚེ་ནང་ཧ་ལམ་རིན་གོངཅན་ཨིན། དེ་འབདཝ་ད་ དཀོན་མཆོག་གིས་ ང་བཅས་ འདི་ནང་ལུ་འཛུལ་ཞུགས་འབད་ནི་དོན་ལུ་ དཀོད་མཆོག་གི་རིན་མེད་སྟོང་པ་སྦེ་གནང་མས། མི་འདིའི་བརྒྱུད་པ་ མི་སྡེའི་གནས་རིམ་ ཡང་ན་ ཧེ་མ་གི་ལོ་རྒྱུས་ག་ཅི་བཟུམ་ཡོད་རུང དཀོན་མཆོག་གི་རྒྱལ་ཁབ་ནང་ལུ་འགྱོ་མཆོག། ཨིན་རུང་ ང་བཅས་ཀྱི་དཀོན་མཆོག་གིས་ རྒྱལ་ཁབ་ནང་འགྱོ་ནིའི་ལཱ་ལེགས་ཤོམ་བསག་མ་ཚུགས་རུང་ ང་བཅས་ཀྱི་ བྱ་བ་ལེགས་ཤོམ་འདི་ཁག་ཆེ། དཀོན་མཆོག་གིས་ང་བཅས་ཀྱི་ལཱ་ལུ་གཟིགས་་འདི་ ང་བཅས་ཚུ་ཁོ་གི་རྒྱལ་ཁབ་ཡང་དག་པ་ བདེ་བ་ཡོད་པའི་ས་གནས་ནང་ སེམས་དགའ་ནི་གི་མི་ཨིན་ན་མེན་ན་གཟིགས་འོང་། 

འཇའ་རོགས་དང་པམ་ ག་ཅི་རང་འབད་རུང་ དད་དམ་ཅན་སྦེ་འབད་མི་གཉིས་བཟུམ་ གསུང་རབ་ནང་དམིགས་བསལ་ཅན་གི་མིའི་སྐོར་ལས་བཤད་པ་རྐྱབ་ཡོད། འ་ནི་ དམིགས་བསལ་གྱི་མི་འདི་ལུ་ལྷག་མ་ཟེར་སླབ་མི་འདི་ རྒྱལ་ཁབ་ག་སྟེ་ཨིན་རུང་ དཀོན་མཆོག་ལུ་ཉན་ཏེ་ དཀོན་མཆོག་ལོག་བྱོན་ནི་དོན་ལུ་ ལྷག་བསམ་རྣམ་དག་ཐོག་ལས་གཟིགས་འོང་།

ལྷག་མ་གྲངས་སུ་འཛུལ་ནི།

ང་བཅས་ཚུ་ག་དེ་སྦེ་ དཀོན་མཆོག་གི་དམིགས་བསལ་ཅན་གྱི་མི་གྲངས་སུ་འཛུལ་ནི་ཨིན་ན། འ་ནི་ དད་པ་ཅན་གྱི་འཇའ་རོགས་འདི་ ཚུ་ ཉིནམ་གཅིག་འབདཝ་ད་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་འོང་། གཙོ་བོ་ཡེ་ཤུ་འདི་གིས་ ང་བཅས་དཀོན་མཆོག་ལུ་ དད་པ་ཅན་སྦེ་སྡོད་དགོཔ་ཨིན་པའི་སྐོར་ལས་སྟོན་བྱིན་ཡི། དེ་འབདཝ་ད་ ཁོ་གིས་མགུ་འཐོམ་སི་སིའི་བཀའ་ཁྲིམས་རིངམ་སྦེ་མ་བཟོ། ཁོ་གིས་ ང་བཅས་ཚུ་གིས་ དཀོན་མཆོག་ལུ་ ལུས་ངག་ དེ་ལས་ཡིད་ག་རའི་སྒོ་ལས་ དད་པ་བསྐྱེད་དེ་ རང་གི་ཁྱིམ་ཚང་ལུ་ཡང་ རང་བཟུམ་སྦེ་ར་དགའ་བ་བསྐྱེད་དགོ་ཟེར་གསུངས་ཡི། (གསུང་རབ། མད་ཐི་ཡས ༢༢:༣༧-༤༠)།
འདི་སྣ་བ་ལུ་འཇམ་ཏོག་ཏོ་ཚོར་དོ་འོང་། དེ་འབདཝ་ད་ ང་བཅས་ མང་ཤོས་གཅིག་གི་ར་ མི་མ་དགའ་མི་ཚུ་ལུ་ དགའ་ནི་འདི་ དུས་ཚོད་འཇམ་ཏོག་ཏོ་མེད། གཙོ་བོ་ཡེ་ཤུ་གིས་ ང་བཅས་རའི་དགྲ་བྱང་ཕྱད་ལུ་ཡང་ བྱམས་པ་བསྐྱེད་དགོ་ཟེར་གསུངས་འདི་ཡོད། (མད་ཐི་ཡས ༥:༤༤)། འ་ནི་འབད་ཚུགས་མི་འདི་ ག་ཅི་སྦེ་ཟེར་བ་ཅིན་ དཀོན་མཆོག་གི་ཧ་ལས་སི་སི་སྦེ་ ང་བཅས་ཀྱི་དོན་ཧིང་འདི་བསྒྱུར་བཅོས་མཛད་གནང་ཞིནམ་ལས་འདི་ ང་བཅས་ལུ་རྫུ་འཕྲུལ་ལྡན་པའི་ དགའ་བ་དང་བཟང་པོ་བྱིན་འདི་གི་ཨིན། དཀོན་མཆོག་ལུ་དགའ་བའི་མི་ཚེ་དང་ མི་གཞན་ལུ་དགའ་བ་ཡོད་མི་འདི་ ང་བཅས་ཚུ་ དཀོན་མཆོག་གི་འཇའ་རོགས་དད་པ་ཅན་ཨིན་ཟེར་བའི་སྒྲུབ་བྱེད་ཨིན།

དཀོན་མཆོག་གི་རྒྱལ་སྲིད་ནང་འཛད་ནི་མེད་པའི་མི་ཚེ།

འཇའ་རོགས་དང་པམ་གཉིས་བཟུམ་སྦེ་ དཀོན་མཆོག་གི་སློབ་མ་ངོ་མ་འདི་ བཟོད་སྲན་ཅན་དང་དམ་ཚིག་ཅན་འོང་དགོ། ང་བཅས་ཀྱི་གཙོ་བོ་ཡེ་ཤུ་བྱོནམ་ད་ལུ་ དད་པ་ཅན་དང་དམ་ཚིག་ཅན་ཚུ་ལུ་ གསོལ་ར་འདི་ རྫོགས་ནི་མེད་པའི་དཀོན་མཆོག་གི་ རྒྱལ་ཁབ་ནང་ལུ་འཛུལ་ཞུགས་འབད་འོང་། འ་ནི་རྒྱལ་ཁབ་འདི་ དཀོན་མཆོག་གི་བཀའ་ཁྲིམས་དང་ དཀོན་མཆོག་ལུ་ཅི་གསུང་བཀའ་སྒྲུབ་མི་ཚུ་གི་དོན་ལུ་ཨིན། (གསུང་རབ། མ་འོངས་ལུང་བསྟན ༡༤:༡༢)།

ཁྱོད་ཡང་དུས་གཏན་དུ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་བློ་འདོད་ཡོད་པ་ཅིན་ ཁྱོད་ཀྱི་འདི་བཟུམ་སྨོན་ལམ་བཏབ་དགོ:

བརྩེ་ལྡན་ཅན་གྱི་དཀོན་མཆོག་ ང་ ཁྱོད་མཉམ་གཅིག་ ཁྱོད་ཀྱི་རྒྱལ་སྲིད་ནང་སྡོད་ནི་ཨིན། ཁྱོད་ ལོག་མ་བྱོནམ་ཚུན་ དད་པ་ཅན་སྦེ་སྡོད་ནི་ལུ་སྟོན་གནང་། ཁྱོད་ཀྱིས་ ང་ལུ་ ས་གནས་ལེགས་ཤོམ་གཅིག་ནང་ འཁྱིད་ནི་ཟེར་བའི་ ཁས་བླངས་འབད་མི་ལུ་ བཀའ་དྲིན་ཆེ། ཨ་མེན།

ཁྱོད་ཀྱི་ དཀོན་མཆོག་གི་རྒྱལ་སྲིད་གི་སྐོར་ལས་ ཁ་སྐོང་ཤེས་དགོ་མནོ་་བ་ཅིན་ ང་བཅས་མཉམ་ ཨ་ནི་དཔེ་ཆ་རྒྱབ་ལུ་ཡོད་པའི་གནས་ཚུལ་ནང་ འབྲེལ་བ་འཐབ་གནང་།

Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”
རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།

ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།

གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།

newsletter-cover