
སོ་སོའི་བརྟན་དུ་གནས་་པའི་ཁྱིམ་གཞིས་འཚོལ་བ།
སྙིང་བསྡུས།
འཇིག་རྟེན་བཀོད་པ་པོ་གཙོ་བོ་དཀོན་མཆོག་གིས་ཡང་དག་ཉེས་སྐྱོན་བྲལ་བའི་འཇིག་རྟེན་བསྐྲུན་པར་མཛད་ཡོད། འོན་ཀྱང་། འགྲོ་བ་མིའི་རིགས་ཐོག་མ་རྣམས་ཀྱིས་ཡིད་སྐྱོ་བའི་གདམ་ག་བྱས་པས་འཇིག་རྟེན་འདི་ད་ལྟ་བདེ་འཇགས་མེད་པར་གྱུར་ཡོད། ཡེ་ཤུ་པའི་དམ་པའི་གསུང་རབ་ཀྱིས་དཀོན་མཆོག་གིས་གནད་དོན་ཐམས་ཅད་སྔར་ལྟར་ཚུལ་དང་ལྡན་པ་ཞིག་བསྐྲུན་པར་མཛད་ཀྱི་ཡོད་པའི་ཞལ་བཞེས་རྣམས་བསྟན་ཡོད། ཡིན་ཡང་། ང་ཚོས་གཙོ་བོ་ཁོང་ཉིད་ཀྱི་ཞལ་བཞེས་རྣམས་བདེན་པ་ཡིན་མིན་ཇི་ལྟར་ཤེས་ཐུབ་བམ། དེབ་ཆུང་འདི་ཡིས་དཱ་ནིལ་༩ནང་དུ་བསྟན་པའི་མཚར་དུ་དངར་བའི་ལུང་བསྟན་ཞིག་འགྲེལ་བཤད་རྒྱག་ཡོད། དེ་ཡིས་ང་ཚོར་གསུང་རབ་ནང་དུ་ཡོད་པའི་བརྡ་འཕྲིན་གཞན་པ་རྣམས་གཙོ་བོ་དཀོན་མཆོག་གིས་གསུང་བ་བཞིན་འབྱུང་རྒྱུ་ཡིན་པའི་ཡིད་ཆེས་བསྐྱེད་པ་བཟོ་ཡི་ཡོད།
དཔེ་མཚོན།
Tract
པར་བསྐྲུན་གནང་མཁན།
Sharing Hope Publications
མཁོ་སྒྲུབ་བྱེད་ཐུབ།
15 སྐད་ཡིག
ཤོག་ངོས།
6
ནང་ཁང་—ང་ཚོས་དེ་རང་བྱམས་པ་དང་ཡིད་ཆེས་པ་སྨན་པའི་ས་གནས་ཤིག་ལ་བསམ་གཞིགས་བྱེད་པ་ཡིན། གཏན་འཇགས་མེད་པ་དང་སྡུག་བསྔལ་མནར་བཞིན་པའི་འཇིག་རྟེན་འདིར་ང་ཚོའི་སེམས་ཀྱིས་ཞི་བདེ་བག་ཕབ་ངོ་མ་ཞིག་རྙེད་ཐུབ་པའི་བདེ་འཇགས་ལྡན་པའི་གནས་ཤིག་ལ་འདོད་པ་བྱེད་ཀྱི་ཡོད།
ང་ཚོས་འདུན་པ་བཅངས་བའི་དཔག་མེད་ཀྱི་ཞི་བདེ་ལྷིང་འཇགས་ལ་དམ་པ་ལྷའི་འབྱུང་ཁུངས་ཞིག་ཡོད། ཡེ་ཤུ་པའི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་བཡི་བཱལ་ནང་དུ་འགྲོ་བ་མི་རྣམས་གཏན་དུ་གནས་པ་དང་ཞི་འཇམ་གྱི་འཚོ་གནས་ཀྱི་ཆེད་དུ་བཟོ་བཀོད་གནང་མཁན་གཙོ་བོ་དཀོན་མཆོག་གི་སྐོར་ལ་བསྟན་གྱི་ཡོད། (འཆད་པ་པོ་ ༣:༡༡)
ཡིན་ནའང་ང་ཚོས་དམ་པའི་གསུང་རབ་ལ་ཡིད་ཆེས་བྱེད་ཐུབ་བམ། གསུང་རབ་དེའི་ནང་དུ་འདས་ཟིན་པའི་ལོ་རབས་ཡོངས་སུ་བྱུང་བའི་འགྲོ་བ་ས་ཡ་མང་པོ་དེ་དག་གིས་ཐོབ་པའི་བདེ་སྐྱིད་དང་ཞི་བདེའི་སྐོར་གསུངས་ཀྱི་ཡོད། འོན་ཀྱང་དེའི་བསྟན་ཆོས་རྣམས་བདེན་པ་ཡིན་པ་ང་ཚོས་ཇི་ལྟར་ཤེས་ཐུབ་བམ།
བདེན་དཔང་དང་པོ། རིག་པའི་ཚད་མའི་འགྲེལ་བཤད།
ཚན་རིག་པ་ཚོས་གས་འཐོར་ཆེན་མོའི་རྣམ་གཞག་དེ་ནི་འཇིག་རྟེན་གྱི་འབྱུང་ཁུངས་ལ་དཔེ་མཚོན་ཡག་ཤོས་ཤིག་ཡིན་པར་བསྟན་ཡོད། གང་ལྟར་ཡང་། ཚན་རིག་པ་ཁ་ཤས་ཀྱིས་སྐྱོན་ཆ་ཚབས་ཆེན་ཞིག་ཁས་ལེན་བྱས་ཡོད། གལ་ཏེ་གས་འཐོར་ཡོང་བའི་དངོས་པོ་ཞིག་མེད་ན། གས་འཐོར་ཡོང་མི་ཐུབ། སྐྱོན་ཆ་འདི་ཡིས་འཇིག་རྟེན་བཀོད་པ་པོ་ཞིག་གནས་ཡོད་པ་བསྟན་ཡོད།
དམ་པའི་གསུང་རབ་བཡི་བཱལ་གྱིས་གཙོ་བོ་དཀོན་མཆོག་གིས་ཡང་དག་པའི་རྒྱུ་སྐར་ཞིག་བསྐྲུན་ཏེ། དེའི་དབང་འཛིན་ནི་སྐྱེས་པ་དང་བུད་མེད་དང་པོ་ལ་བསྐོ་གནང་མཛད་པ་ཞིག་སློབ་སྟོན་གནང་ཡོད། གཙོ་བོ་དཀོན་མཆོག་གིས་འགྲོ་བ་མི་རྣམས་ཁོང་ལ་གུས་བཀུར་དང་བཀའ་སྲུང་ཅི་སྒྲུབ་ཞུས་ན་དེ་གར་བདེ་འཇགས་དང་བདེ་སྐྱིད་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་རྒྱུ་ཐུགས་འདོད་གནང་ཡོད། ཡིན་ནའང་སྐྱེས་པ་དང་བུད་མེད་འདི་ཡིས་གཙོ་བོ་དཀོན་མཆོག་ལ་མ་ཉན་པར་བརྟེན་ནས་དཀོན་མཆོག་དང་ཁ་བྲལ་དུ་སོང་ཡོད། ཁོང་ཚོའི་བྱ་སྤྱོད་ཀྱིས་འཇིག་རྟེན་ནང་དུ་གཏན་འཇགས་མེད་པ་དང་འཆི་བ་འཁྱེར་བ་བྱས་ཡོད། (རོ་མཱན་ ༥:༡༢) དུས་དེ་ནས་བཟུང་། འགྲོ་བ་མིའི་རིགས་ཀྱིས་གཏན་དུ་གནས་པའི་བདེ་འཇགས་དང་ཞི་བདེ་བག་ཕབ་ཀྱི་ས་གཞི་ཞིག་འཚོལ་རྒྱུ་འདུན་པ་བསྐྱེད་ཡོད།
འོན་ཀྱང་གཙོ་བོ་དཀོན་མཆོག་གིས་འགྲོ་བ་མིའི་ཁྱིམ་རྒྱུད་ལ་འདོར་མེད། དེ་ལས་ལྡོག་སྟེ། གཙོ་བོ་ཁོང་གིས་ང་ཚོའི་མི་ཚེའི་ནང་དུ་ངན་སེམས་ཀྱི་སྟོབས་ཤུགས་ལ་བཅོམ་པར་མཛད་རྒྱུ་སྐྱོབ་མཁན་ཞིག་གཏོང་རྒྱུ་ཞལ་བཞེས་གནང་ཡོད། ཁོང་གིས་ང་ཚོའི་སེམས་ནས་རང་བཞིན་དུ་བཟང་སྤྱོད་དང་ཡ་རབས་ཚུལ་ཁྲིམས་འབྱུང་བར་མཛད་ཡོད། གཙོ་བོ་ཁོང་གིས་བདག་ཅག་རྣམས་ལ་སོ་སོའི་ཁྱིམ་དུ་ལོག་རྒྱུ་ལམ་ཁ་ཕྱེ་བར་མཛད་ཡོད། (ཡོ་ཧ་ནན་ ༡༤:༡-༣)
སྤྱི་ཚོགས་ཀྱི་ཆོས་ལུགས་མང་པོ་ནང་གི་སྐྱབས་མགོན་གྱི་སྤྱི་ཚོགས་ཀྱི་བརྗོད་གཞི།
འདས་ཟིན་པའི་ལོ་རབས་ནང་དུ། རྒྱལ་ཁབ་དང་ཆོས་ལུགས་མང་པོ་ནང་དུ་འདུས་པའི་མི་ཚོར་རྒྱུ་སྐར་སླར་གསོ་བྱེད་མཁན་དང་གཏུན་དུ་གནས་པའི་མི་ཚེ་གནང་མཁན་སྐྱབས་མགོན་ཐོག་ལུང་བསྟན་བྱས་པའི་སྐོར་ལ་གསལ་པོ་མེད་པའི་མདངས་ཤིག་མཐོང་ཡོད། ཡིན་ནའང་དམ་པའི་གསུང་རབ་འབའ་ཞིག་གིས་སྐྱབས་མགོན་ཁོང་ཉིད་ཕེབས་པའི་དུས་ཚོད་བྱུང་རིམ་རྣམས་ལུང་བསྟན་བཀོད་ཡོད། གལ་ཏེ་དུས་ཚོད་བྱུང་རིམ་འདི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་ན། དེ་ནས་ང་ཚོས་དམ་པའི་གསུང་རབ་ནི་བདེན་པ་དང་ཞལ་བཞེས་ཐོབ་པའི་གཏན་ཏུ་གྱུར་བའི་ཞི་བདེ་བག་ཕབ་ཀྱི་ཁྱིམ་ཚང་ཞིག་ཡིན་པ་ཤེས་ཐུབ་ཀྱི་ཡོད།
བདེན་དཔང་གསུམ་པ། ལོ་རྒྱུས་ཀྱི་བདེན་པ་ཁུང་སྐྱེལ།
སྤྱི་ལོ་སྔོན་གྱི་ལོ་༦༠༥ ལོར་ཨིསི་རཱཨེལ་གྱི་ཡ་ཧུ་དཱ་པ་རྣམས་བྷེ་བྷི་ལོན་གྱི་དམག་དཔུང་གིས་བཙན་འཛུལ་བྱས་ཏེ་བྲན་གཡོག་ཏུ་བཟུང་ཡོད། དུས་ཚོད་དེའི་སྐབས་སུ། གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་བཏང་ནས་མི་རྣམས་ཁོང་གི་དྲུང་དུ་ཕྱིར་ལོག་རྒྱུ་འབོད་སྐུལ་བྱས། ལུང་སྟོན་པ་དེ་དག་གིས་མི་མང་རྣམས་ལ་སྐྱོབ་མཁན་སྐྱབས་མགོན་གི་ཞལ་བཞེས་དྲན་སྐུལ་བྱས་ཏེ། མགོན་པོ་ཁོང་ཉིད་ནམ་ཞིག་ཕེབས་ཀྱི་ཡོད་པ་སྔོན་དཔག་བྱས་ཡོད།
མིང་ལ་དམ་ཡེ་ལེ་ཀྱི་སྔོན་ལ་རྟོགས་པ་ཞིག་གིས་སྣང་ཚུལ་མི་འདྲ་བ་མཐོང་བ་དང་།དེའི་ནང་སྐྱོབ་མཁན་སླེབས་པ་དང་འབྲེལ་བ་ཡོད་པའི་ལོ་༤༩༠ཡི་དུས་ཚོད་རེའུ་མིག་ཚུད་ཡོད། དུས་ཚོད་འདི་ནི་རྒྱལ་པོས་ཡ་ཧུ་དཱ་པ་ཚོར་ཁོ་ཚོའི་གཏོར་བརླག་ཐེབས་པའི་རྒྱལ་ས་ལྟེ་གནས་ཡེ་རུ་ཤ་ལེམ་བསྐྱར་སྐྲུན་བྱེད་ཐུབ་པའི་བཀའ་བཏང་བའི་ལོ་ནས་འགོ་འཛུགས་ཀྱི་ཡོད། དེ་ནས་ལོ་ ༤༨༣ རྗེས་སུ་སྐྱོབ་མཁན་དེ་འབྱུང་ནས་ལོ་གསུམ་དང་ཕྱེད་ཀའི་རིང་ལ་གཞན་དོན་ཞབས་འདེགས་དང་བཀའ་ཆོས་སློབ་སྟོན་གནང་། དེའི་རྗེས་དགྲ་བོ་ངན་པས་སྐྱབས་མགོན་ཁོང་ལ་བཀྲོངས་སོ། དེ་ནས་ལོ་གསུམ་དང་ཕྱེད་ཀའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བའི་སླར་གསོའི་ཕྱག་ལས་ཀྱི་གཏམ་བཟང་ནི་འཇིག་རྟེན་ཡོངས་ལ་འཁྱབ་པ་རེད།
འདི་ནི་ལུང་བསྟན་ཞིག་རེད། འོན་ཀྱང་འདས་ཟིན་པའི་ལོ་རྒྱུས་ཀྱིས་བདེན་པ་ཁུང་སྐྱེལ་བྱེད་ཐུབ་ཀྱི་ཡོད་དམ། ཡེ་རུ་ཤ་ལེམ་གྲོང་ཁྱེར་བསྐྱར་བཟོ་བྱེད་རྒྱུ་བཀའ་རྒྱ་དེ་སྤྱི་ལོ་སྔོན་གྱི་ལོ་་༤༥༧ ནས་འགོ་བཙུགས་པ་རེད། དེ་ནས་ཏག་ཏག་ལོ་ངོ་ ༤༨༣ རྗེས་སུ། སློབ་དཔོན་ཆེན་པོ་སྐྱབས་མགོན་ཡེ་ཤུ་ཡིས་མི་དམངས་ཀྱི་སྲི་ཞུ་ཞབས་ཏོག་སྒྲུབ་རྒྱུ་ཕྱག་ལས་འགོ་བཙུགས་པ་རེད། སྤྱི་ལོ་རྗེས་ཀྱི་ ༢༧ ལོར་ར དམ་པའི་གསུང་རབ་ཀྱིས་སྐྱབས་མགོན་ཡེ་ཤུ་ནི་ཊི་བྷེ་རི་ཡས་སི་སར་ལོ་བཅོ་ལྔ་སྐབས་ལ་ཕེབས་པའི་སྐྱོབ་མཁན་ཡིན་པར་ངོས་འཛིན་གནང་ཡོད་པར་བརྟེན། ཚེས་གྲངས་འདི་ཤེས་དགོས། རྒྱལ་པོ་འདི་ནི་ལོ་རྒྱུས་ནང་ཡོངས་སུ་གྲགས་པའི་རོ་མན་གྱི་རྒྱལ་པོ་ཞིག་ཡིན། (ལུ་ཁུ་་ ༣:༡-༢) མིག་མཐོང་དཔང་པོའི་བརྗོད་དོན་གཞན་མང་པོ་ནང་ལོ་རྒྱུས་ཐོག་ནས་བདེན་དཔང་བྱེད་ཐུབ་པའི་ཆབ་སྲིད་དང་ས་ཆའི་གནས་སྟངས་ལ་གཞི་བཅོལ་ཡོད། སྐྱབས་མགོན་ཡེ་ཤུ་ཡིས་སྐྱོབ་མཁན་གྱི་ལུང་སྟོན་པའི་དུས་ཚོད་དེ་ཡང་དག་པའི་སྒོ་ནས་བསྒྲུབས་ཡོད། འོན་ཀྱང་དེ་ཙམ་གྱིས་མི་ཚད།
ལུང་བསྟན་ནང་དུ་ལོ་གསུམ་དང་ཕྱེད་ཀ་རྗེས་སུ་སྐྱོབ་མཁན་དེ་བཀྲོངས་ཀྱི་རེད་དེ། ཡིན་ནའང་། དེ་ནི་ཁོང་གི་ཆེད་དུ་མ་རེད། ཞེས་བསྟན་ཡོད། (དཱ་ནིལ་༩:༢༦) དོན་དངོས་ཐོག སྤྱི་ལོ་རྗེས་ཀྱི་ ༣༡ ལོར་རོ་མན་ཚོས་སྐྱབས་མགོན་ཡེ་ཤུ་བཀྲོངས་བ་རེད། དེ་ནས་སྐྱབས་མགོན་ཁོང་གིས་འཆི་བ་ལ་རྒྱལ་ཁ་ཐོབ་པ་དེ་ཁུངས་སྐྱེལ་གནང་ཕྱིར་སླར་གསོན་པར་གྱུར་ཡོད། སྐྱབས་མགོན་ཡེ་ཤུའི་རྗེས་འཇུག་པ་ཚོས་ཨིསི་རཱཨེལ་གྱི་རྒྱལ་ཁབ་ཡོངས་སུ་སྐྱོབ་མཁན་གྱི་འཕྲིན་བཟང་འདི་བསྒྲོགས་པར་བྱས་ཡོད། ཡིན་ནའང་དེ་ནས། ལོ་གསུམ་དང་ཕྱེད་ཀའི་རྗེས་སུ་ཁོང་ཚོས་དམ་པའི་འཕྲིན་བཟང་འདི་འཇིག་རྟེན་ཡོངས་སུ་ཁྱབ་བསྒྲགས་བྱས་ཡོད། ལུང་བསྟན་གྱི་ཆ་ཤས་འདི་ནི་རོ་མན་དང་ཡ་ཧུ་དཱ་པའི་ཐོན་ཁུངས་མང་པོ་ནས་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད། དེ་ཡིས་དུས་སྐབས་འདིར་སྐྱབས་མགོན་ཡེ་ཤུའི་བཀའ་ཆོས་ཁྱབ་གདལ་ཆེན་པོ་བྱུང་བ་དེ་བསྟན་ཡོད།
གཤམ་གྱི་རེའུ་མིག་འདི་ཡིས་ད་ནིལ་གྱི་ལོ་༤༩༠ཡི་ལུང་བསྟན་གྱི་གལ་ཆེའི་ཚེས་གྲངས་དང་དོན་རྐྱེན་རྣམས་གསལ་སྟོན་བྱེད་ཀྱི་ཡོད།
དཔང་རྟགས་བཞི། ཚེ་སྲོག་གི་འགྱུར་ལྡོག
འདས་ཟིན་པའི་ལོ་རྒྱུས་ནང་མངོན་གསལ་དུ་འགྱུར་བའི་ལུང་བསྟན་འདི་ནི་ཡ་མཚན་ཆེན་པོ་རེད། ཡིན་ནའང་དམ་པའི་གསུང་རབ་ཀྱི་བདེན་པ་དག་ཐེར་བྱེད་པའི་ཁུང་སྐྱེལ་ཆེ་ཤོས་གཅིག་ནི་གསུང་རབ་ཀློག་མཁན་ཚོའི་མི་ཚེ་ལེགས་བསྒྱུར་བྱུང་ནས་གཙོ་བོ་དཀོན་མཆོག་ལ་ཁས་ལེན་བྱེད་ཀྱི་ཡོད་པ་དེ་རེད། ཉེས་ཅན་པ་ཚོས་སོ་སོའི་ངན་པའི་བྱ་སྤྱོད་ལ་ཁས་ལེན་བྱས་ཡོད། ཁོང་ཁྲོ་དང་ཞེ་སྡང་དང་ཕྲག་དོག་དང་འཁོན་འཛིན་བཅས་ཀྱི་ཤུགས་རྐྱེན་འོག་ཏུ་ཚུད་པའི་མི་རྣམས་ད་ལྟ་སེམས་བཟང་དང་བྱམས་བརྩེ་ཅན་དུ་གྱུར་ཡོད།
མགྲོན་བརྡ།
ཁྱོད་ཀྱི་སྐོར་ལ་ཅི་ཞིག་ཡོད་དམ། ཁྱེད་རང་གཏན་དུ་གནས་ཞིང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་འཚོལ་གྱི་ཡོད་དམ། དམ་པའི་གསུང་རབ་ཀྱིས་ཞལ་བཞེས་གཅིག་གནང་ཡོད། གསར་དུ་བསྐྲུན་པའི་འཛམ་གླིང་ནང་དུ་མཆིས་པའི་གཏན་དུ་གནས་པའི་མི་ཚེ་ཐོག་ཏུ་སྐྱབས་མགོན་ཡེ་ཤུ་ཡིས་ཁྱེད་ལ་དགའ་བསུ་གནང་བའི་ཆེད་དུ་ཁྱེད་རང་གིས་གསོལ་འདེབས་ཞུས་ཡོད་དམ། གལ་ཏེ་དེ་ལས་མང་བར་ཤེས་འདོད་ན། ཤོག་བུ་འདིའི་རྒྱབ་ཕྱོགས་ཀྱི་འབྲེལ་གཏུགས་ཞལ་བྱང་བརྒྱུད་ནས་འབྲེལ་བ་གནང་རོགས།
Copyright © 2023 by Sharing Hope Publications. བརྩམས་ཆོས་འདི་ཆོག་མཆན་མེད་པར་ཚོང་ལས་མ་གསུང་རབ་ཀྱི་ཚིགས་སུ་བཅད་པ་དེ་དག་ནི་དབྱིན་ཡིག་གི་གསར་རྒྱལ་པོ་ཇེམས་ཀྱི་བསྟན་བཅོས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། ཕྱི་ལོ་༡༩༨༢ ལོར་ཐོ་མཱས་ནེལ་སོན་གྱིས་དབང་ཚད་བཟུང་བ་ཡིན། བཀའ་འཁྲོལ་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱས་ཡོད། ཐོབ་ཐང་ཡོད་ཚད་བདག་ཉར་བྱས་ཡོད།
ང་ཚོའི་གསར་འགྱུར་ཡིག་ཆ་ལ་མིང་ཐོ་བཀོད་རོགས།
དཔེ་སྐྲུན་གསར་པ་ཐོན་སྐབས་ཐོག་མར་ཤེས་དགོས།

དཔེ་སྐྲུན་གྱི་དམིགས་བསལ་བརྗོད་བྱ།
© 2024 Sharing Hope Publications