
དུས་གཏན་རྐྱང་གི་ ཁྱིམ་འཚོལ་ནི།
བཅུད་དོན།
འཛམ་གླིང་གྱི་བཀོད་པ་པོ་ གཙོ་བོ་དཀོན་མཆོག་གིས་ འཛམ་གླིང་འདི་ ཡང་དག་པ་དང་ བཙོག་པ་མེདཔ་སྦེ་ བཟོ་ཡོདཔ་ཨིན། ཨིན་རུང་ འགྲོ་བ་མི་ འགོ་དང་པ་འདི་གིས་ གདམ་ཁ་སེམས་སྐྱོ་སི་སིའི་རྐྱབ་སྟེ་ འ་ནི་འཛམ་གླིང་འདི་ ཉེན་སྲུང་ཅན་གྱི་ས་སྒོ་མེདཔ་བཟོ་ཡོདཔ་ཨིན། ཡེ་ཤུའི་ བྱིན་རླབས་ཅན་གྱི་དཔེ་ཆ་ དམ་པའི་གསུང་རབ་འདི་གིས་ དཀོན་མཆོག་གིས་ལོག་འདི་ག་ར་ ཧེ་མ་བཟུམ་སྦེ་ར་ མཛད་གནང་ནི་ཟེར་ ཁས་བླངས་གནང་དེ་ཡོད། དེ་འབདཝ་ད་ ང་བཅས་ཀྱིས་ ཁོ་གིས་ ཁས་བླངས་འདི་བདེན་པ་ཨིན་ཟེར་ ག་དེ་སྦེ་ཤེས་? འ་ནི་དེབ་ཆུང་འདི་གིས་ ད་ནི་ཨེལ་ ༩ ནང་ ལུང་བསྟན་ཧ་ལས་སི་སི་འདི་གིས་སྐོར་ལས་ བཤད་དོ་ཡོདཔ་དང་ འདི་གིས་ ང་བཅས་ལུ་ གསུང་རབ་ནང་ཡོད་པའི་ཁ་འཐེན་ཚུ་ གཙོ་བོ་དཀོན་མཆོག་གིས་ ག་དེ་སྦེ་གསུངས་འདི་ཡོད་ག་ དེ་བཟུམ་ར་ འབྱུང་འོང་ཟེར་ བློ་གཏད་ཚུགས་པའི་སྐོར་ལས་བཤདཔ་ཨིན།
དབྱེ་བ།
Tract
དཔེ་སྐྲུན་འབད་མི།
Sharing Hope Publications
ཡོད་པའི།
16 སྐད་ཡིག་ཚུ།
ཤོག་ལེབ།
6
ཁྱིམ་འདི་ང་བཅས་ཀྱིས་ དགའ་བའི་གནས་དང་ བློ་གཏད་ས་ དེ་ལས་ ཞི་བདེ་འབྱུང་བའི་ས་གནས་བཟུམ་ཅིག་ ཨིན་པའི་མནོ་བསམ་གཏང་ནི་ཡོད། འ་ནི་ སྡུག་བསྔལ་དང་མི་རྟག་པ་ཡོད་པའི་འཛམ་གླིང་འདི་ནང་ ང་བཅས་སེམས་ཀྱིས་ ངལ་འཚོ་ངོ་མ་འཐོབ་པའི་ ཉེན་ཁ་མེད་པའི་ཞིང་ཁམས་ཅིག་འཐོབ་པའི་ རེ་བ་བསྐྱེད་ནི་ཡོད།
ང་བཅས་ཀྱི་ཚེ་ད་ལས་འདས་པའི་ཞི་བདེ་ཐོབ་ནི་དོན་ལུ་རེ་འདོད་སྦོམ་བསྐྱེད་མི་འདི་ལུ་ ལྷའི་རྣམ་གཞག་གི་འབྱུང་ཁུངས་ཡོད། མ་ཤི་ཀ་པ་གི་བྱིན་རླབས་ཅན་གྱི་གསུང་རབ་གནང་འབྲི་མི་ཚུ་ གསུང་རབ་ནང་ལས་བཀོད་པ་པོའི་སྐོར་ལས་གསུང་གནང་ནུག། མི་ཚུ་ མཐའ་མེད་པར་ སྐྱིད་ཏོང་ཏོ་གི་གནས་ས་མཛད་གནང་ཡི་ཟེར་ཨིན་མས། (སྟོན་པ་༣:༡༡)
དེ་འབདཝ་ད་ ང་བཅས་ཀྱིས་ཡེ་ཤུའི་གསུང་རབ་ལུ་ བློ་གཏད་ཚུགས་ག? བྱུང་རབས་ག་ར་ནང་ལུ་ མི་ས་ཡ་ལས་བཅས་ཏེ་ དཔེ་དེབ་འདི་ནང་ལས་ཐོབ་པའི་ དགའ་བ་དང་བདེ་བ་གཉིས་ཀྱི་སྐོར་ལས་ སླབ་དོ་ཡོདཔ་ཨིན་མས། ཨིན་རུང་ ང་བཅས་ཀྱིས་ དེ་ནང་ལུ་ཡོད་པའི་ སློབ་སྟོན་ཚུ་ བདེན་པ་ཨིན་ཟེར་ག་དེ་སྦེ་ཤེས་ཚུགས་ནི?
བདེན་ཁུངས་ ༡) རྒྱུ་མཚན་ཡང་དག་ལྡན་པའི་འགྲེལ་བཤད།
ཚན་རིག་པ་ཚུ་གི་ བིག་བེང་(Big Bang) གི་གྲུབ་མཐའ་འདི་ འཛམ་གླིང་འབྱུང་ཁུངས་ཀྱི་ དཔེ་དྲག་ཤོས་ཨིནམ་སྦེ་ བསམ་འཆར་བཀོད་དོ་ཡོདཔ་ཨིན་མས། ཨིན་དེ་འབད་རུང་ ཚན་རིག་པ་ལ་ལུ་ཅིག་གིས་ འགས་ནི་གི་རིགས་འདྲཝ་ ཧེ་མ་ལས་གནས་སྟེ་མེད་པ་ཅིན་ འགས་པ་ཡང་འབྱུང་མི་སྲིད་ཟེར་ གལ་ཅན་གྱི་སྐྱོན་ཁས་ལེན་ཏེ་ ཡོདཔ་ཨིན། དེ་བཟུམ་གྱི་སྐྱོན་གྱི་ བཀོད་པ་པོ་ཡོད་ཟེར་ བསམ་འཆར་བཤད་དོ་ཡོདཔ་ཨིན།
གསུང་རབ་ཀྱི་སྟོན་དོ་བཟུམ་འབད་བ་ཅིན་ དཀོན་མཆོག་གིས་ འཛམ་གླིང་འདི་བཀོད་གནངམ་དང་ཅིག་ཁར་ འདི་སྐྱོང་མི་སྦེ་ ཕོ་སྐྱེས་གཅིག་དང་ ཨམ་སྲུ་གཅིག་བཟོ་བཞག་ནུག། དཀོན་མཆོག་གིས་འགྲོ་བ་མི་ཚུ་ ཁོའི་བཀའ་ལུ་ཉན་ཞིནམ་ལས་ དུས་རྒྱུན་དུ་ཉེན་ཁ་མེད་པར་ དགའ་ཏོག་ཏོ་སྦེ་སྡོད་བཅུག་ནི་འབད་ ཐུགས་བསམ་བཞེས་ནུག། ཨིན་རུང་ ཕོ་སྐྱེས་དང་ཨམ་སྲུ་གཉིས་ཀྱིས་ གཙོ་བོ་དཀོན་མཆོག་གི་བཀའ་ལུ་མ་ཉན་པས། ཁོང་གི་བྱ་ལེན་གིས་འབད་ འཛམ་གླིང་འདི་ནང་ མི་རྟག་པ་དང་འཆི་བ་ཚུ་འབག་འོང་ནུག། (རོ་མ་པ་༥:༡༢) དུས་འདི་ལས་འགོ་བཙུགས་ཏེ་ འགྲོ་བ་མི་རིགས་ཚུ་ རྟག་བརྟན་གྱི་ཉེན་སྲུང་དང་ ངལ་འཚོ་ནིའི་ས་གནས་ཐོབ་ནི་དོན་ལུ་ རེ་འདོད་བསྐྱེད་ནུག།
དེ་འབདཝ་ད་ དཀོན་མཆོག་གིས་ མི་རིགས་ཀྱི་སྡེ་ཚན་འདི་བཀོ་མ་བཞག་པས། འདི་བ་འདི་ ཁོ་གིས་ང་བཅས་རའི་མི་ཚེ་དང་ ངན་པའི་ནུས་པ་མེདཔ་གཏང་སྟེ་ ཚུལ་ཁྲིམས་དང་ལེགས་པའི་བྱ་སྤྱོད་ཚུ་ རང་བཞིན་ཀྱི་ཧིང་ལས་བསྐྱེད་ཚུགསཔ་བཟོ་གཏང་ནི་ཟེར་ ཁས་བླངས་འབད་ནུག། ཁོ་གིས ང་བཅས་ཚུ་ ཧེ་མ་གི་ཁྱིམ་ནང་ལོག་ནི་དོན་ལུ་ ལམ་ཕྱེ་བྱིན་གནང་འོང་། (ཡོ་ཧ་ནན་༡༤:༡-༣)
བདེན་ཁུངས་ ༢) ཆོས་ལུགས་སྣ་ཚོགས་ལུ་ སྤྱིར་བཏང་སླབ་ཐངས་ཀྱི་བརྗོད་དོན།
བྱུང་རབས་ག་ར་ནང་ལུ་ རྒྱལ་ཁབ་མང་རབས་ཅིག་གི་མི་ཚུ་དང་ ཆོས་ལུགས་སོ་སོའི་མི་ཚུ་ལུ་ འཛམ་གླིང་བསྐྱར་གསོ་འབད་ནི་ སྐྱེ་འཆི་མེད་པའི་མི་ཚེ་བྱིན་ཚུགས་ཟེར་ ལུང་བསྟན་གྱི་སླབ་ཐངས་གི་སྐོར་ལས་ གསལ་ཏོག་ཏོ་མེད་པར་ དོགས་པ་ཟ་སྦེ་སྡོད་ནུག། དེ་འབདཝ་ད་ གསུང་རབ་རྐྱངམ་གཅིག་གིས་ ཁོ་ལོག་བྱོན་ནིའི་སྐོར་ལས་ དུས་ཡུན་གྱི་རིམ་པ་ ལུང་བསྟན་ནུག། གལ་སྲིད་བྱུང་རབས་ཀྱིས་ དུས་ཡུན་གྱི་རིམ་པ་འདི་ བདེན་ཁུངས་སྟོན་ཏེ་ཡོད་པ་ཅིན་རྐྱངམ་ཅིག་ ང་བཅས་ཀྱིས་ གསུང་རབས་དང་དེའི་ཁས་བླངས་འདི་རྟག་བརྟན་འབད་ངལ་འཚོ་ནི་ཁྱིམ་གྱི་ ངོ་མ་ཨིན་མས་ཟེར་ཤེས་ཚུགས་ནི་མས།
བདེན་ཁུངས་ ༣) བྱུང་རབས་བདེན་དཔྱད།
སྤྱི་ལོ་༦༠༥ ནང་ ཨིསི་རེལ་གི་ཡ་ཧུ་དཱ་པ་ཚུ་ སྦ་བི་ལོན་གྱི་ དམག་མི་ཚུ་གིས་འཕྱོག་ཞིནམ་ལས་ གཡོག་པོ་སྦེ་བཟུང་སྟེ་འཁྱིད་སོང་ནུག། ད་རེས་དུས་སྐབས་ལུ་ དཀོན་མཆོག་གིས་ མི་ཚུ་ཁོ་འབད་སར་ལོག་ཤོག་ཟེར་འབོ་བ་མི་ ལུང་བསྟན་པ་ཚུ་ལོག་གཏང་སྟེ་ཡོད། ལུང་བསྟན་པ་དེ་ཚུ་གིས་ མི་ཚུ་ལུ་ སྐྱབས་མཛད་གནང་ནི་ཟེར་ཁས་བླངས་འབད་འདི་སྐོར་ལས་ དྲན་གསོ་འབད་ཞིནམ་ལས་ ཁོ་ནམ་བྱོན་ནི་ཨིན་ན་ཚུའི་ ལུང་བསྟན་གནང་ནུག།
ལུང་བསྟན་པ་དེ་ཚུ་ནང་ལས་ དཱ་ནི་ཨེལ་ཟེར་མི་གིས་ དུས་ཡུན་ ནམ་ལོ་༤༩༠ གི་རིང་ལུ་ སྐྱབས་མཛད་མི་འདི་ བྱོན་ནི་ཨིན་ཟེར་བའི་འཆར་སྣང་ཚུ་མཐོང་ནུག། དུས་ཡུན་འདི་ཡང་ རྒྱལཔོ་ཅིག་གིས་ ཡ་ཧུ་དཱ་པ་ཚུ་ལུ་བཀའ་ཤོག་གནང་ཞིནམ་ལས་ མེདཔ་འགྱོ་ཡོད་མི་རྒྱལ་ས་ལྟེ་བའི་ཁྲོམ་ ཇེ་རུ་སཱ་ལམ་འདི་ ལོག་བཟོ་ནི་བཀའ་གནང་པའི་དུས་ལས་འགོ་བཙུགས་ནི་ཨིན་མས། དེ་ལས་ ནམ་ལོ་ ༤༨༣ གི་རྒྱབ་ལས་ སྐྱབས་མཛད་མི་བྱོན་ཞིནམ་ལས་ ལོ་གསུམ་དང་ཕྱེད་ཀ་དེ་ཅིག་ ཕྱག་ ལཱ་དང་གསུང་ཚུ་སྟོན་གནང་ཞིནམ་ལས་ དེ་ལས་ ཁོ་བདུད་དུག་པ་ཅན་ངི་དགྲ་ཚུ་གིས་བཀྲོངས་ནི་ཨིན་མས། ལོ་གསུམ་དང་ཕྱེད་ཀྱི་ཤུལ་ལས་ གཙོ་བོ་དཀོན་མཆོག་གི་བསྐྱར་གསོ་འབད་ནིའི་དམ་བཅའ་གི་སྐོར་ལས་ གནས་ཚུལ་ལེགས་ཤོམ་ཚུ་ འཛམ་གླིང་ག་ར་དང་ཁྱབ་འོང་།
འདི་ལུང་བསྟན་ཅིག་ཨིན་མས། དེ་འབདཝ་ད་ འདི་བྱུང་རབས་ཀྱི་བདེན་དཔྱད་འབད་ཚུགས་ག? ཇེ་རུ་སཱ་ལམ་ལོག་བཟོ་ནི་གི་བཀའ་འདི་ སྤྱི་ལོ་སྔོན་གྱི་ལོ ༤༥༧ ལས་འགོ་བཙུགས་ནུག། དེ་ལས་ ནམ་ལོ ༤༨༣ ཀྲིག་ཀྲི་གི་རྒྱབ་ལས་ སློབ་དཔོན་ཆེན་པོ་གཙོ་བོ་ཡེ་ཤུ་གིས་ ཁོ་རའི་མི་མང་གི་ལྷན་ཁག་འགོ་བཙུགས་ནུག། (སྤྱི་ལོ་ ༢༧ སི་ཨི་ནང་།) ཨ་ནི་ཚེས་གྲངས་ཤེས་མི་འདི་ཡང་ གསུང་རབ་ཀྱིས་ ཡེ་ཤུ་འདི་ བྱུང་རབས་ནང་ཡོངས་གྲགས་ཡོད་མི་ རོ་མན་གྱི་རྒྱལཔོ་ཏི་བིར་རཱེས་གྱི་ ལོ་༡༥་གི་ཚད་ སྐྱབས་མཛད་གནང་མི་ ངོས་འཛིན་འབད་ནུག། (ལུ་ཀ་ ༣:༡-༢) གཞན་དངོས་སུ་མཐོང་མི་མང་ཤོས་ཅིག་ནང་ར་ བྱུང་རབས་དང་བདེན་དཔྱད་འབད་ཚུགས་པའི་ སྲིད་དོན་དང་ས་ཆའི་རིགས་དང་འབྲེལ་བའི་ཐོབ་དབང་ལྡན་མི་ཚུ་ཡོདཔ་ཨིན། ཡེ་ཤུ་གིས་ཡང་དག་པར་སྐྱབས་མཛད་མི་ ལུང་བསྟན་གྱི་དུས་རབས་འདི་ལུ་ ངེས་ཏིག་སྦེ་འོང་སྟེ་ཡོད། ཨིན་རུང་འདི་བ་ལྷག་འདི་ཡོད།
ལུང་བསྟན་འདི་གིས་ ལོ་གསུམ་དང་ཕྱེད་ཀྱི་རྒྱབ་ལས་ སྐྱབས་མཛད་གནང་མི་འདི་ བཀྲོངས་འོང་། ཨིན་རུང་འདི་ ཁོ་གི་དོན་ལུ་མེན། (དཱ་ནི་ཨེལ་ ༩:༢༦) དེ་སླབ་དོ་བཟུམ་སྦེ་རང་ སྤྱི་ལོ་ ༣༡ སི་ཨི་ནང་ རོ་མན་པ་ཚུ་གིས་ཡེ་ཤུ་བཀྲོངས་ད་ནུག། དེ་ལས་ འཆི་བ་ལས་རྒྱལ་ཁ་འཐོབ་ཅི་ཟེར་ བདེན་ཁུངས་བཟང་ནི་དོན་ལུ་ ཁོ་ལོག་གསོན་པོ་སྦེ་བཞེངས་ནི་དེ་གི་ཨིན་མས། ཡེ་ཤུའི་སློབ་མ་ཚུ་གིས་ གནས་ཚུལ་ལེགས་ཤོམ་འདི་ཚུ་ ཨིསི་རེལ་རྒྱལ་ཁབ་ག་ར་ནང་བཤད་ཡོད་རུང་ འཛམ་གླིང་ག་ར་ནང་ གནས་ཚུལ་འདི་བཤད་ནི་དོན་ལུ་ལོ་གསུམ་དང་ཕྱེད་ འགོར་ཡོདཔ་ཨིན་མས། འ་ནི་ལུང་བསྟན་གྱི་ཆ་ཤས་ཅིགཔ་འདི་ རོ་མན་པ་དང་ཡ་ཧུ་དཱ་པ་གི་བྱུང་སའི་ ཡེ་ཤུའི་སྟོན་པ་དར་ཁྱབ་འགྱོ་མི་གི་སྐོར་ལས་ ལུང་དྲང་མི་གི་ ངེས་ཏིག་བཟོ་ཚུགས་པས།
འོག་ལུ་ཡོད་མི་ རེའུ་མིག་གིས་ ད་ནི་ཨེལ་གྱི་ལུང་བསྟན་ལོ་ ༤༩༠ གནང་མི་ ཚེས་གྲངས་དང་དུས་སྟོན་ཁག་ཆེ་དྲགས་ཚུའི་སྐོར་ལས་སྟོནམ་ཨིན།
བདེན་ཁུངས་ ༤) མི་ཚེ་འགྱུར་བ།
འ་ནི་ལུང་བསྟན་ངེས་པར་དུ་གྲུབ་མི་འདི་ འབྱུང་རབས་ནང་ཧ་ལས་སི་སི་ཅིག་ཨིན་མས། དེ་འབདཝ་ད་ གསུང་རབ་ཀྱི་བདེན་ཁུངས་ཆེ་ཤོས་ནང་ལས་གཅིག་ གསུང་རབ་ལྷབ་མི་ཚུ་ གཙོ་བོ་དཀོན་མཆོག་གི་སྟོན་པ་ ཁས་ལེན་འབད་མི་ཚུ་ལུ་ མི་ཚེ་འགྱུར་མི་འདི་ཨིན། ཁྲིམས་འགལ་འབད་མི་ཚུ་གིས་ ཁོང་གི་ལཱ་ངན་པ་འབད་ཡི་ཟེར་ ཁྲིམས་ལུ་ཁ་བཟེདཔ་མས། ཁོང་ཁྲོ་ལང་མི། མ་དགའཝ་བསྐྱེད་མི། ཕྲག་དོག་དང་ཁག་དྲགས་ཡོད་མི་ མི་འདི་ཚུ་ ད་འདི་བྱམས་བརྩེ་ཅན་དང་ དགའ་བ་བསྐྱེད་མི་ལུ་འགྱུར་ཏེ་ཡོད།
གདན་འདྲེན་ཞུ།
ཁྱོད་འདི་ག་དེ་སྦེ་སྨོ? ཁྱོད་ར་ རྟག་བརྟན་གྱི་ དགའ་བ་དང་ཁྱིམ་འཚོལ་དོ་ག? གསུང་རབ་ཀྱིས་ ཁས་བླངས་དམ་བཅའ་འབད་དེ་ཡོད་མི་འདི་ ཁྱོད་ཀྱིས་གཙོ་བོ་ཡེ་ཤུ་ལུ་ ཁྱོད་གཏན་འཇགས་ས་གནས་གསརཔ་བཟོ་གནང་ས་ནང་ ཚེ་མ་འགྱུར་ལྡན་པ་ཡོད་སར་ འཁྱིད་གནང་ཟེར་ཞུ་འོང་ག? དེའི་སྐོར་ལས་ ཁ་སྐོང་ཤེས་ནི་དོན་ལུ་ ང་བཅས་དང་མཉམ་ རྒྱབ་ཤོག་ནང་ཡོད་པའི་ གནས་ཚུལ་ནང་འདི་ནང་འབྲེལ་བ་འཐབ་གནང་།
Copyright © 2023 by Sharing Hope Publications. “ལཱ་འབད་མི་ཚུ་ ཡིག་པར་བཏབ་ཞིནམ་ལས་ གནང་བ་མེད་པའི་ཚོང་འབྲེལ་གྱི་དོན་ལུ་མེན་པར་ གཞན་ལུ་སླབ་ནི།”རྫོང་ཁའི་དམ་པའི་གསུངས་རབ། New King James Version ༼ནིའུ་ཀིང་ཇེམ་བར་ཤན༽ འགོ་དང་པ་ པར་རྣམ། པར་དབང་ © ༢༠༠༩ ལུ་གསུངས་རབས་སྐད་སྒྱུར་ཚོགས་པ་རྒྱལ་ས་ཐིམ་ཕུ་ བདག་དབང་ཆ་མཉམ་ཡོད།
ང་བཅས་ཀྱི་གསར་དེབ་ཀྱི་དོན་ལུ་ ཐོ་བཀོད་འབད་གནང་།
གནས་ཚུལ་མི་དམངས་ཚོང་སྡེ་གསརཔ་ ཡོདཔ་ས་ལུ་ འགོ་དང་པ་ཤེས་མི་སྦེ་མཛད་གནང་།
